ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

ལྷ་སར་ཁ་བ་བབས་པ།

རྩོམ་པ་པོ:བསམ་གཏན།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:3726ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/4/1 19:59:48ཚོགས་ཡར་སྤྲོད:admin
按此在新窗口浏览图片

ལྷ་སར་ཁ་བ་
བབས་པ།
བསམ་གཏན།

༄༅།།  དེ་རིང་སྔ་དྲོ་མལ་ལས་ལྡངས་ཏེ་སྒེའུ་ཁུང་ནས་ལྟ་དུས།  བལ་གྱི་འདབ་མ་ལ་འགྲན་བཟོད་པའི་ཁ་བ་དགུང་སྔོན་དབྱིངས་ནས་ལྷབ་ལྷེབ་ཏུ་འབབ་སྟེ།  གྲོང་ཁྱེར་ལྷ་ས་ནི་གོས་དཀར་གྱི་འཇིག་རྟེན་ཞིག་ཏུ་གྲུབ་འདུག  ཐག་རིང་གི་རི་ཚོགས་རྣམས་ནི་དུང་གི་མཆོད་རྟེན་ལྟར་མཛེས་ཤིང༌།  གཞུང་ལམ་གཡས་གཡོན་གྱི་སྦྱར་ལྕང་གི་ཡལ་ག་རྣམས་ནི་ཁམ་བུའི་མེ་ཏོག་ལྟར་དང༌།  འགའ་ཤས་ནི་རྒྱ་མཚོར་གནས་པའི་བྱུ་རུ་དཀར་པོའི་ཡལ་ག་ལྟར།  གཞན་རྣམས་ནི་སྒྱུ་རྩལ་པའི་སོར་མོས་འདུ་བྱེད་ལས་གྲུབ་པའི་རི་མོའི་རྣམ་པ་དང་གཉིས་སུ་མེད།
ང་ནི་དགའ་དྲག་སྟེ་རྒྱུག་མ་མཆོངས་ཀྱིས་ཕྱི་རོལ་དུ་སོང་སྟེ་མངར་སིང་སིང་གི་མཁའ་རླུང་གཙང་མ་ཡང་ནས་ཡང་དུ་རྔུབ་པས་ལུས་པོ་ཡོངས་བདེ་ཞིང་ཡང་བའི་སྣང་བ་ཞིག་ལུས་སེམས་གཉིས་ལ་སྟེར་བྱུང༌།  དེ་སྔ་ང་ལ་ལྷ་སའི་མཁའ་རླུང་འདི་ལྟར་གཙང་སིང་ངེ་བ་ཞིག་ཡོད་པའི་སྣང་བ་མེད་ཀྱང་དེ་རིང་ནི་བཤད་མི་ཤེས་པའི་ཚོར་སྣང་ཟབ་པོ་ཞིག་བྱུང༌།  གྲོགས་པོ་ཞིག་གིས་འདི་ལྟར་བཤད་མྱོང་སྟེ།  རྫས་འགྱུར་དུག་གིས་སྦག་པའི་གྲོང་ཁྱེར་དུ།  །རྒྱལ་པོ་ལྟར་གྱི་འདོད་ཡོན་སྤྱོད་པ་ལས།  །དྲི་མེད་མཁའ་རླུང་གཙང་བའི་ལྷ་ས་རུ།  །ངན་ངོན་འཚོ་བར་རོལ་ཀྱང་སྣང་བ་སྐྱིད།  །ཅེས་གསུངས་པ་ནི་སེམས་ཁོངས་ཀྱི་སྐད་ཆ་ཡིན་པ་དེ་རིང་གཞི་ནས་གོ  མིག་སྔར་ལྷ་སར་གཞི་ཁྱོན་ཆེ་བའི་བཟོ་གྲྭ་མེད་པས་རང་བྱུང་ཁམས་ལ་དེ་ཙམ་བཙོག་སྐྱོན་འགོས་མེད།  དེར་བརྟེན་ལྷ་ས་ནི་རྒྱལ་ཡོངས་ཙམ་མ་ཟད་འཛམ་གླིང་ཡོངས་ལ་མཁའ་རླུང་གཙང་ཤོས་ཀྱི་གྲོང་ཁྱེར་ཞིག་ལ་བརྩི་གི་ཡོད།
རེད་ཡ།  ལྷ་ས་ཙམ་མ་ཟད་ང་ཚོའི་བོད་ཀྱི་ཡུལ་གྲུ་ཕལ་མོ་ཆེ་མཁའ་རླུང་གཙང་ཞིང༌།  རི་ཀླུང་ཉམས་དགའ་བ་ཤ་སྟག་རེད།  འོན་ཀྱང་འཛམ་གླིང་ཡོངས་ལ་ཚན་རིག་འཕེལ་རྒྱས་འགྲོ་བའི་རྐྱེན་གྱིས་ཡུལ་ལུང་དུ་མར་རྫས་འགྱུར་གད་སྙིགས་ཀྱིས་སྤུངས་ཏེ།  སའི་གོ་ལར་སྔར་ན་མ་གྲགས་པའི་སྦགས་བཙོག་ཆེན་པོ་བཟོ་བཞིན་མཆིས།  དེའི་རྐྱེན་ལས་གནམ་གཤིས་ལ་འགྱུར་ལྡོག་བྱུང་སྟེ།  རྒྱ་མཚོའི་འགྲམ་དུ་བསྡད་པའི་རྒྱལ་ཁབ་རྣམས་དྲག་པོའི་རླབས་ཀྱིས་དེད་པ་དང༌།   གླིང་ཕྲན་ཚུལ་དུ་གནས་པའི་རྒྱལ་ཁབ་རྣམས་ས་ཡོམ་གྱིས་དྲག་ཏུ་གཡོས་ཏེ་སེམས་ཅན་ཁྲི་ཕྲག་མང་པོ་གཅེས་པའི་སྲོག་ལས་བྲལ་བ་སོགས་གནམ་གཤིས་ཀྱི་གནོད་འཚེ་དུ་མ་ཡོང་བཞིན་ཡོད།  ཁྱེད་ཀྱིས་ཀྱང་ཤེས་གསལ་ལྟར་དེ་སྔོན་ཡིན་ན་ཟླ་བ་བཞི་པར་སླེབས་དུས་ཁ་བ་འབབ་པ་ཧ་ཅང་ཉུང་ཞིང༌།  གལ་ཏེ་བབ་ཏུ་སྲིད་ཀྱང་གངས་ཆེན་པོ་བབས་པ་ནི་ཆེས་ཉུང༌།  དེ་ལྟར་ཀྲུང་གོའི་ལྷོ་ཕྱོགས་སུ་ཡང་གངས་བབས་པ་སྲིད་མཐའ་ཙམ་ཡིན་པས།  ས་མཐའ་བསྐོར་ནས་འགྲོ་མ་མྱོང་བའི་མི་རྣམས་ཟེར་སྒྲོས་ཙམ་དང༌།  ཡང་ན་བརྙན་འཕྲིན་ལས་མཐོང་བ་ཙམ་ལས།  གངས་དངོས་མཐོང་མ་མྱོང་བའི་མི་ཡང་ཤིན་ཏུ་མང༌།  དེ་རྣམས་བོད་དུ་སླེབས་དུས་ཁ་བའི་རྒྱབ་ལྗོངས་ཀྱི་པར་ཤིག་བླངས་ཐུབ་པ་ཡིན་ན།  ཕ་ཡུལ་དུ་སླེབས་རྗེས་ངོམ་སོ་ལྟར་གྱུར་ཏེ།  ལྟོས་དང༌།  ང་བོད་དུ་ཕྱིན་ཏེ་ཁ་བ་ཡོད་སར་པར་འདི་དང་འདི་བླངས་པ་ཡིན་ཞེས་ངོམ་སོ་བྱེད།  ད་ལྟ་བོད་དུ་ཡོད་པའི་རྒྱ་རིགས་རྣམས་ཀྱང་སྔོན་མའི་གོམས་གཤིས་དེ་བོར་མ་ཐུབ་པར།  ཁ་བ་བབས་དུས་ཁ་བའི་མཛེས་ལྗོངས་བླངས་དགོས་ཞེས་རྟག་པར་པར་ལེན་གྱི་ཡོད།   ད་ནི་ཀྲུང་གོའི་ལྷོ་ཕྱོགས་སུ་གནས་པའི་རྒྱ་རིགས་རྣམས་ཀྱིས་ཀྱང་ཁ་བ་ཞེས་པ་འདི་རྟག་ཏུ་མཇལ་ཐུབ་ཀྱི་ཡོད་ཅིང༌།  ༢༠༠༨ལོར་སྔར་བྱུང་མྱོང་མེད་པའི་ཁ་བ་ཆེན་པོ་བབས་སྟེ།  གླང་ཆེན་ས་ལ་རབ་བརྟན་ཀྱང་འདེགས་པར་བཟོད་པའི་ལྕགས་ཀྱི་གློག་ཀ་དེ་རྣམས་ཁ་བའི་བལ་འདབ་ཀྱིས་མནན་ཏེ་མཐར་སྐེད་ནས་ཧྲིལ་གྱིས་ཆག་སྟེ་ཡུལ་གྲུ་མང་པོ་ཟླ་ཤས་རིང་མུན་པའི་གླིང་དུ་སྐྱེལ་བར་གྲགས།
འདི་ལོ་ཡང་ནང་སོག་ཏུ་ཁ་བ་ཆེན་པོ་བབས་ཏེ་མེ་འཁོར་ཡང་ལྕགས་ལམ་དུ་བགྲོད་མ་ཐུབ་པར་ཉིན་གསུམ་ཁ་བའི་ཁྲོད་དུ་ལུས་ཤིང༌།  མཐར་མི་རྣམས་ཐད་འཕུར་གནམ་གྲུ་སོགས་ཡོང་ནས་སྲོག་ཉེན་སྐྱོབ་ཡོད་ཅེས་ཟེར།   དེ་བཞིན་ཡུར་གུ་ལ་ཡང་ཁ་བ་ཆེན་པོ་བབས་པས་མི་དང་སེམས་ཅན་མང་པོ་ཁ་བའི་ཁྲོད་དུ་ལུས་ཏེ་སྲོག་ཉེན་ལ་ཐུག་པས་རྒྱལ་ཁབ་གཞུང་ནས་ཐབས་ཤེས་གང་དྲག་གིས་དེ་རྣམས་ཉེན་ཁ་ལས་སྐྱོབ་པ་བརྙན་འཕྲིན་སོགས་ལས་ང་ཚོས་མཐོང་གསལ་ལྟར་རོ།
དེ་ལྟར་ང་ཚོའི་མདུན་དུ་མངོན་མེད་ཚོར་མེད་ཀྱིས་གནམ་གཤིས་ལ་འགྱུར་བ་བྱུང་སྟེ་མི་རྣམས་འཚོ་མི་བདེ་བ་བཟོ་བཞིན་མཆིས་པས།  དེ་ལྟར་ན་ང་ཚོའི་མི་རབས་རྗེས་མར་བསམ་སྟེ་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡིན་པར་སེམས་སོ།

·རྩོམ་ཡིག་གོང་མ:འཁྲུལ་སྣང་ཤར་བ།
·རྩོམ་ཡིག་འོག་མ:དཔྱིད་ཟླ་རིང་མོ སེམས་ཀྱི་ངལ་དུབ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 20:31:45 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 21:23:32 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 20:47:04 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 64 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS