ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

རང་ལུས་མེ་བསྲེག་མ་གཏོང་རོགས།

རྩོམ་པ་པོ:དཔལ་དགྱེས་པ་རྡོ་རྗེ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2631ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/8/16 9:04:37ཚོགས་ཡར་སྤྲོད:admin

ད་ནས་ལུས་སྲོག་མེ་བསྲེག་མ་གཏོང་རོགས།

ན་མོ་གུ་རུ་བཛྲ་ས་ཏྭ་ཧྰུྃ། །
མ་རིག་རྨོངས་པའི་གཞན་དབང་གྱུར་པ་ཡི། །ཐོག་མེད་ལས་ཀྱིས་མནར་བའི་ཉམས་ཐག་འགྲོ །དཔལ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས། །ལས་ཉོན་སྡིག་སྒྲིབ་དག་པར་ཐུགས་རྗེས་བཟུང་། །རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདིར། །སྙིང་པོའི་དམ་ཆོས་དོན་ཡོད་མ་འགྲུབ་ཀྱང་། །དོན་མེད་རང་ལུས་མེ་ལ་མ་བསྲེག་པར། །དོན་ཆེན་ཤེས་རིག་གནས་ལ་བརྩོན་པར་མཁྱེན། །མི་རྟག་འཆི་བ་མི་སྐྲག་ཕོ་རྒོད་དེ། །འཇིག་རྟེན་མི་ནག་ཅིག་གི་ལས་ཀ་རེད། །གཞན་ལ་སྡང་ནས་རང་ལུས་བརླག་པ་དེ། །འཁོར་ངན་ནང་འཛིང་རང་ཤི་བརྒྱག་དང་མཚུངས། །དེ་ཡིས་མཐར་ཐུག་རང་རིགས་གྱོང་རྒྱུ་ལས། །ཡོངས་ཁྱབ་དོན་ཆེན་བསྙེགས་པ་ཆེར་མི་འགྱུར། །དགེ་འདུན་བྱིས་པའི་ཆོས་ལ་དཔུང་མ་འགྲན། །དགེ་བསྙེན་གནོད་པའི་ལས་ལ་འུར་མ་སྒྲོགས། །དགེ་ཚུལ་རང་སྲོག་གཅོད་པའི་སྡིག་མ་གསོག། །དགེ་སློང་སྲིད་པའི་ཆོས་ལ་ཞེན་མ་ཆགས། །བྱང་སེམས་ཞི་བའི་བདེ་བར་གནོད་མ་བྱེད། །གསང་ཆེན་རང་ལུས་ཡི་དམ་མེར་མ་བསྲེག །ཡང་གསང་སེམས་ཀྱི་བདེན་པ་མངོན་ཕྱོགས་ནས། །རང་གཞན་གཉིས་ཕན་ལམ་དུ་ད་འབོད་ཅིག །འཚེ་མེད་ཞི་བའི་བདེ་ཀུན་མཁོ་ཆེ་བས། །འཆི་མེད་རིག་འཛིན་གོ་འཕང་མ་ཐོབ་བར། ། འཆི་རྐྱེན་བདག་ཏུ་མ་ལེན་སྙིང་གྲོགས་དག །འཆི་ཆོས་རྣམ་དག་སྒྲུབ་ན་མི་ལེགས་སམ། །གྲྭ་ཆས་གྱོན་ནས་མི་སྐྱའི་ལས་ཀ་ལས། །དགོན་བདག་ཟེར་ནས་ཁྱིམ་བདག་མགོ་འཛིན་བྱེད། །ཉི་ཚེའི་སྤྲུལ་མིང་སྒོར་གྱི་དཀོར་གཉེར་ཚོས། །བཤད་སྒྲུབ་བསྟན་པའི་སྙིང་པོ་མ་དོར་རམ། །སྐད་ཡིག་གཙང་མ་སྤེལ་དང་གཞི་རྩ་ཟིན། །གནའ་དེང་རིག་གནས་སྦྱོང་དང་རང་ཆོས་ཟིན། །དཔའ་མཛངས་ཤེས་རབ་ལྡན་ན་བསྟན་སྲིད་ཟིན། །ལྷག་བསམ་རྒྱལ་ཞེན་བསྐྱེད་པ་ལོས་དྲིན་མོད། །ད་ནས་ཐབས་ཤེས་མ་ནོར་ལམ་ལ་འབོད། །མ་འོང་སོན་རྩ་བྱིས་པ་སློབ་སྦྱོང་གཏོང་། །མ་ཎི་སིདྡྷི་དགེ་སྒྲུབ་ཅི་ནུས་གྱིས། །མ་རབ་སྣ་དགུ་གཞན་རྗེས་མ་རྒྱུགས་པར། །མ་ལུས་འགྲོ་ལ་ཕན་བདེ་འབད་པར་འཚལ། །འཚེ་མེད་ཞི་བའི་བདེ་བར་འཐོབ་འདོད་ན། །གཞན་ལ་སྡང་ཞིང་རང་སྲོག་བློས་གཏོང་ན། །རང་གཞན་གཉིས་ཀར་གནོད་པའི་ལས་ངན་འདི། །དབུ་མའི་ལམ་དང་འགལ་བས་ད་སྤོངས་ཤིག །ཁྱད་པར་ལུས་ལ་ངུར་སྨྲིག་གོས་གྱོན་ཅིང་། །སྤྱོད་པ་འཁོན་འཛིན་གནོད་པའི་ལས་བརྩོམ་ནས། །རང་ལུས་མེ་སྦར་རང་ཡུལ་སྡུག་སྦྱར་བས། །འདི་ཕྱི་གཉིས་སྡུག་ལས་ངན་མ་མཛད་རོགས། །མདོ་ཁམས་གཡུལ་ངོ་དུར་མེའི་གསུར་དྲི་ལས། ། ཆེ་ཆུང་དུར་སྲི་མི་འབྱུང་ངེས་མེད་པས། །མིག་རྒྱང་རིང་བོས་ཀུན་མཐུན་རིག་རྩལ་གྱིས། །ཞི་བདེའི་དེད་དཔོན་རྒྱལ་བའི་ལས་མཛོད་ཅིག །འཚེ་མེད་ཞི་བདེའི་རྒྱལ་ཁམས་འབྱུང་བར་ཤོག །ཆགས་མེད་དགྲ་བཅོམ་གོ་འཕང་འཐོབ་པར་ཤོག །མཚུངས་མེད་བྱང་སེམས་རྒྱུད་ལ་སྐྱེ་བར་ཤོག །སྤྲོས་མེད་རྣལ་འབྱོར་རིག་པའི་དོན་རྟོགས་ཤོག ། ཅེས་པ་རབ་རྒྱན་ལྕགས་ཀྱི་སྟག་ཡོས་ལོ་ངོའི་ཡར་མར་དུ་གྲྭ་ཆས་གྱོན་པ་འགའ་ཞིག་གི་རང་ཤི་རྒྱག་པ་དང་རང་ལུས་བསྲེག་པའི་ལས་འགུལ་སྤེལ་བ་དག་མཐོང་བས་སྙིང་ནད་དྲག་ཏུ་འཕེལ་བའི་ན་ཚ་དང་སྙིང་རྗེའི་བསྔོ་སྨོན་དང་བཅས་གང་ཤར་བུདྡྷ་ཛྙྰ་ནའི་ཆོས་ར་ཁང་ནས་ཤྲྰི་ཨ་ནནྟ་བཛྲས་སྨྲས་པ་དོན་དང་ལྡན་པར་གྱུར་ཅིག་གུ། །
·རྩོམ་ཡིག་གོང་མ:གཞས་ཚིག ང་ཡི་ཁྱིམ་གཞིས།
·རྩོམ་ཡིག་འོག་མ:གླུ་པ་དབང་དགའ་དང་བོད་མི་རིཊ་ཀྱི་བར་ཐག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·དིང་རི་བརྒྱ་རྩ་བཞུགས་སོ།། 2014/1/5 13:10:55
·སྤྲུལ་སྐུ་དག་ལ་གནང་བའི་སློབ་གཉེར་བསླབ་བྱ། 2012/12/9 23:32:56
·ཆང་རག་མ་འཐུང་། ཆང་འཐུང་ན་ཉེས་པ་འདི་འདྲ་ཡོད། ། 2010/7/27 19:06:29
·རང་གཞན་ཀུན་ལ་ཕན་པའི་གཏམ་ངོ་མཚར་དཔྱིད་ཀྱི་དབྱངས་སྙན། 2010/7/25 23:56:48
·བསླབ་བྱ་ཉུང་བསྡུས་བཞུགས། 2010/6/11 8:35:31
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 8:00:41 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:53:22 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 16:08:42 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS