ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

ལྷན་འཛོམས་ཀྱི་སྐལ་བཟང་ནམ་ཡིན།

རྩོམ་པ་པོ:བདེ་ཆེན་གཡང་སྒྲོན།ཡོང་ཁུངས:ངེད་གཟིགས་གྲངས:1966ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/9/23 11:03:01ཚོགས་ཡར་སྤྲོད:admin
ལྷན་འཛོམས་ཀྱི་སྐལ་བཟང་ནམ་ཡིན།
(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)

བདེ་ཆེན་གཡང་སྒྲོན།
སྐྱིད་ཀྱི་རྟ་བདུན་དབང་དང་།།
སྡུག་གི་འཁྱག་ཀླུང་ཆེན་མོ།།
གངས་ཅན་བོད་མིའི་ལུས་ན།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།
རྩིས་ཀྱི་གཡང་དཀར་ལུག་དང་།།
གཞུང་གི་ལུག་རྫི་རྒན་པོ།།
མུ་མེད་ཐང་ཆེན་སྟེང་ན།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།
ཁ་བཤད་དངུལ་གྱི་རྣ་རྒྱན།།
ལག་ལེན་གསེར་གྱི་རྒྱན་གོས།།
གངས་ཕྲུག་གཞོན་ནུའི་ལུས་ལ།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།
བློ་བཟང་བུ་ཆུང་ཁྱོད་དང་།།
གཤིས་བཟང་བུ་མོ་ངེད་གཉིས།།
གངས་ཅན་ཨ་མའི་པང་དུ།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།
ལྷ་བྱ་ཁྲུང་ཁྲུང་དཀར་མོ།།
གཡང་བྱ་འཇོལ་མོ་གཉིས་ཀ།
མཐོ་རིས་ཨ་སྔོན་དབྱིངས་སུ།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།
དཔལ་ལྡན་སེང་ཆེན་མཆོག་དང་།།
རྩལ་ལྡན་གྱི་ལིང་གཉིས་ཀ།
ཕུན་ཚོགས་བྷོ་ཏྲའི་ཡུལ་དུ།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།
གསལ་མཛད་བཤེས་གཉེན་མཆོག་དང་།།
སྐལ་ལྡན་སློབ་བུ་ངེད་གཉིས།།།
དབེན་གནས་གཙུག་ལག་ཁང་དུ།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།
ཆོས་ཀྱི་ཙན་དན་ལྗོན་དང་།།
སྲིད་པའི་ལྷ་ཤིང་ཤུག་པ།།
བསིལ་ལྡན་གངས་ཅན་ཡུལ་དུ།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།
ཀུན་མཁྱེན་རྟ་བདུན་དབང་དང་།།
རབ་འབྱམས་པད་ཚལ་རྫིང་གཉིས།།
གནོད་སྦྱིན་འཛམ་བུ་གླིང་ན།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།
འདི་ནི་གླུ་དབྱངས་བཅས་པེ་ཅིང་ནས་རང་དགར་རང་གི་བསམ་ཚུལ་དངོས་བྲིས་པ་ཡིན་པ་དགེའོ། །
·རྩོམ་ཡིག་གོང་མ:ཁྲི་ཆེན་དགའ་ལྡན་ཁྲི་པ།
·རྩོམ་ཡིག་འོག་མ:གཞས་ཚིག བུ་མོའི་སེམས་རྟེན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 23:00:19 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:10:39 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 0:48:57 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 72 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS