ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

ང་ལྷ་སར་འགྲོ་འདོད།

རྩོམ་པ་པོ:ཁམས་རའི་འཕགས་དུངསཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1785ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/9/25 9:46:29ཚོགས་ཡར་སྤྲོད:admin

ང་ལྷ་སར་འགྲོ་འདོད།

ཁམས་རའི་འཕགས་དུངས།

བྱིས་པའི་དུས་སུ་ང་རང་གཏམ་རྒྱུད་ལ་ཤིན་ཏུ་ཉན་སྤྲོ་བ་དང་གྲོགས་པོ་ལ་ཧ་ཅང་མདང་ཆེ་བ་ཞིག་ཡིན། རྒྱུན་པར་སྡེ་བའི་མ་ཎྀ་ཁང་གི་གྱང་སྟེང་དུ་ཉི་མར་ལྡེ་བའི་རྒན་པོ་ལོ་ལོན་ཚོའི་ཁ་ནང་དུ་རེ་བའི་བྱིས་པ་རྣ་ལུག་ང༌། ས་རྡུལ་རླུང་འཚུབ་དང་ བརྡོས་ཏེ་རྟག་ཏུ་ཁོ་ཚོའི་ཁ་བརྡ་ལ་ཉན་རྒྱུ་ནི་ངའི་བྱིས་པའི་དུས་ཀྱི་སྤྲོ་སྣང་ལྡན་པའི་དོན་དག་གལ་ཆེན་ཞིག་ཡིན། གཞན་གྱི་བྱིས་པ་རྣམས་སྐོར་དང་སྐོར་བྱས་ཏེ་ཤིང་གི་རླངས་འཁོར་ཆུང་ངུ་དང༌། འདམ་བག་གི་མི། ཆུ་རྐ་ཆུང་ཆུང་ལས་བ་སོགས་ལ་ཁོམ་གིན་མེད་དུས། ཁ་མུར་མུར་དང་ངོ་གཉེར་གཉེར། ལུས་གུག་གུག་སོང་བའི་ལོ་ལོན་ ཚོའི་གྲས་སུ་ང་གཅིག་པུ་འཛུམ་དམུལ་དམུལ་གྱིས་ཧ་ཅང་ཡིད་ཚིམ་པའི་ངང་ནས་ ཁོ་ཚོའི་ཕྱག་གི་མ་ཎྀ་སྐོར་སྟངས་དང༌། ཕྲེང་བ་འདྲེན་ལུགས། རྣ་ཐ་འཐེན་པའི་བཟོ་ལྟ་སོགས་ལ་བལྟས་ནས་ཧ་ལས་ཤིང་ཧོན་ཐོར་ནས་བསྡད་ཡོད། བརྒྱ་བཤད་སྟོང་  བཤད་ཕྱོགས་ཡར་མར་གྱི་ཁ་བརྡ་ནི་བགྲང་ལས་འདས་བ་ཞིག་བཤད་སོང་མོད།   ངའི་བྱིས་བློ་རྣལ་མར་རྡོ་བརྐོས་རི་མོ་ལྟར་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་ནི་སྟོད་ཉི་མ་ལྷ་ས་རེད། ཁོ་ཚོས་བཤད་པ་ལྟར་ན། སྟོད་ཉི་མ་ལྷ་ས་ནས་འཛམ་གླིང་ཡོངས་སུ་སྙན་གྲགས་ཀྱི་བ་དན་གཡོ་བའི་ཕོ་བྲང་པོ་ཏ་ལ་ཡོད་པ་དང༌། བོད་མིའི་སེམས་ཁོངས་ན་མཇལ་འདོད་ཀྱི་སྨོན་པ་འཆོར་བའི་ཇོ་ཁང་སོགས་གནས་འགངས་ཆེན་མོད་པོ་ཡོད་ཟེར། བྱིས་དུས་ཀྱི་ང་ནི་ལྷ་ས་འགྲོ་འདོད་ཀྱི་འདུན་པ་དབྱར་ཁའི་ ཆུ་བོ་བཞིན་འགོག་ཐབས་ཤིག་ག་ལ་ཡོད།

འབའ་འབའ་ལུག་དང་ངུར་ངུར་ནོར་གྱི་རྗེས་རང་འདེད་གཏོང་དགོས་བའི་ང་རང༌། རྩམ་པ་རྫོགས་མེད་ཅིག་ཟོས་ཤིང་འོ་མའི་མཚོ་མོ་ཁྲོད་རིམ་གྱིས་འཚར་ལོངས་བྱུང༌། གཞན་གྱི་བྱིས་པ་དང་བསྡུར་ན་ང་རང་གཟུགས་སྟོབས་ཆེ་ཞིང་ངོ་གདོང་ནག་པོ་ཞིག་ཡིན། ངེད་ཚང་ནི་རྒྱུ་འབྱོར་བ་དང་རེ་ས་རྟེན་ས་ཅི་ཡང་མེད་པའི་རོང་ཁྱིམ་ཡ་མེད་ཅིག་ཡིན་སྟབས། ངའི་ཁ་ཡ་ན་ཟླ་སློབ་གྲྭའི་ར་སྐོར་ན་ཀ་ཁའི་དབྱངས་སྙན་ ངག་ལ་སྐྱོར་དུས། ང་རི་ཁུགས་དང་ལུང་ཁུགས་ནས་བྲག་ཅར་འཁོལ་བའི་ཀི་རིང་རེ་འདེད་ཞོར་རང་གིས་ཀྱང་མི་གོ་བའི་གླུ་ཐུང་ཐུང་རེ་ངག་ལ་འགུགས་ངེས། དེ་ལྟར་ང་ཚོའི་སྡེ་བའི་བྱིས་པ་ཕལ་མོ་ཆེ་ཤེས་བྱའི་རྒྱ་མཚོའི་འཇིངས་སུ་བརྩོན་འགྲུས་ཀྱི་གྲུ་  གཟེངས་ལ་བསྡད་དེ་ཉ་འཁྱུག་རྩལ་གྱི་བློ་རིག་འགྲན་ཞིངཤེས་བྱ་ཡོན་ཏན་སྦྱོང་བའི་སྐལ་བ་ཐོབ། དེ་དུས་ཀྱི་ང་ནི་སློབ་གྲྭར་འགྲོ་འདོད་སྐྱེས་ཤིང་སློབ་མ་ཚོར་སྨོན་པ་འཆོར་པའི་ཕྲུ་གུ་སྙིང་རྗེ་བ་ཞིག་ཡིན། རྗེས་སུ་སྲིད་ཇུས་བཟང་བའི་དཔྱིད་རླུང་ང་ ཚོའི་སྡེ་བར་ལྡིང་ཡོང་བས། ང་དང་ང་ལྟ་བུའི་སློབ་ཐོབ་ཤོར་བའི་བྱིས་པ་གྲངས་མེད་ཅིག་བཙན་སྐུལ་གྱིས་སློབ་གསོ་མྱོང་སུ་བཅུག དེ་ནི་ང་ལ་མཚོན་ན་འདོད་ཐོག་ཏུ་རྟ་རྒྱུགས་སོང༌། ཚུལ་དྲེག་ཏུ་གྱུར་བའི་དཔེ་ཁུག་ཆུང་ཆུང་འཁུར་ནས་ཀྱག་ཀྱོག་དང་ལ་ལུང་བརྒལ་ཏེ་གཞན་སྡེ་ལ་ཡི་གེ་སྦྱོང་དུ་འགྲོ་བའི་ཉིན་དེ་དག་ལ། ང་ནི་སྐྱེས་མ་ཐག་པའི་ཡ་རུ་ཆུང་ཆུང་ཞིག་དང་ནར་མ་སོན་པའི་འབའ་འབའ་ལུ་གུ་ཞིག་དང་མཚུངས་བར་དགའ་སྤྲོའི་སེམས་ཁམས་གནོན་མ་ཐུབ་བར་གནམ་ལྡིང་ས་ལྡིང་གྲངས་མེད་ཅིག་བྱས་མྱོང༌། ཡིན་ནའང༌། ངེད་ཚང་གི་སྒོ་ཕྱུགས་མར་ངོའི་ཟླ་ལྟར་བལྟས་བལྟས་རིག་རིག་ལ་མར་འགྲིབ་ཅིང་བརྟེན་ས་འཚོ་ས་མ་བཟང་བར་ཁྱིམ་ཚང་གི་ཡོང་སྒོ་རིམ་གྱིས་ཆད་སོང༌། གནས་ཚུལ་དེར་དམིགས་ནས་ང་ཡང་སློབ་གྲྭ་ནས་ ཕྱིར་འཐེན་བྱེད་དགོས་བྱུང༌། བྱིས་པ་ནི་དངོས་གནས་བྱིས་པ་ཤ་སྟག་རེད། ལོ་གསུམ་ལ་སློབ་གྲྭར་འགྲོ་ལོབ་དུ་གྱུར་བའི་གོམས་གཤིས་དང་བྱིས་པའི་བྱིས་རྟགས་ཅི་ཡིན་ཆ་མི་འཚལ་མོད། གློ་བུར་དུ་སློབ་གྲྭར་འགྲོ་རུ་མ་བཅུག་པའི་ཉིན་མོ་དེར། ང་སྤོ་མཛོ་འདྲ་བ་ཞིག་ལངས་ནས་ཉིན་གང་བོར་ཟ་མ་མ་ཟོས་བར་བསྡད་པ་དང༌། དགོང་མོའང་ལུག་ཁྱུའི་ཁྲོད་དུ་ཉལ་ནས་ཁྱིམ་དུ་མ་ཡོང་བས་ཕ་མ་གཉིས་ཡང་ཡང་དུ་ང་འབོད་པར་ཡོང་ནས་ཞུ་བ་བྱས་མཐར་ངའང་སྤོ་བཏོང་ནས་ཁྱིམ་དུ་ལོག་པ་ཡིན། དེ་ནས་བཟུང༌། ང་འགྲོ་ས་སྤང་ཐང་སྔོན་མོ་དང༌། ངའི་བཏུང་བྱ་རྫ་ཆུ་བསུ་མ་ཡིན། ང་ཉལ་ས་སྦྲ་གུར་ནག་རོག་མི་རུང༌། རོང་བའི་ཤིང་ཁང་གྲུ་བཞི་ནང་དུ་ངའི་བྱིས་དུས་ཀྱི་དགོད་བྲོ་བའི་གཏམ་རྒྱུད་ཇི་འདྲའི་མང་པོ་ཞིག་སྦས་ཡོད་ཨང༌།

ཆུ་ཕྲན་སྔོན་མོ་ལྷུང་ལྷུང་དུ་འབབ་ཅིང༌། རོང་སྡེ་ཕྲ་མོ་ཐ་ཐོར་དུ་འདུག་པའི་ང་ཚོའི་སྡེ་བ་འདིར་ལྷ་བཟོ་མཁན་པོའི་སོན་རྩེ་ལས་བཞེངས་ཤིང༌། སྙན་ངག་མཁན་གྱིས་པུར་རྩེ་ལས་ཐོན་པ་ལྟ་བུའི་ས་སྐྱིད་པོ་གཞལ་ཡས་ཁང་དང་མཐུན་པ་ལྟར་སྣང་ཡང༌། དཔལ་འབྱོར་གྱི་ཡོངས་ཁུངས་ནི་མི་གྲངས་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་རིམ་གྱིས་རིམ་གྱིས་ཇེ་ཉུང་ཇེ་ཉུང་དུ་འགྲོ སྡེ་བའི་ཕོ་མོ་རྣམས་ཀྱིས་ནོར་ལུག་བསྐྱུར་ནས་ས་རྐོ་རྡོ་སློག་གི་ཞོར་ལས་ལ་འབད་འབད་དུངས་དུངས་བྱས་ཏེ་རང་ཁ་རང་གིས་གསོ་ཐུབ་པའི་འཚོ་བ་སྟབས་བདེ་ཞིག་རོལ་གྱིན་བདའ། ངེད་ཚང་ནི་གཞན་དང་བསྡུར་ཐབས་མེད་ཀྱང་རང་གི་ཚོད་ཀྱིས་འཚོ་བ་སྐྱིད་པོ་ཞིག་རོལ་ནས་བསྡད་ཡོད། ལོ་རེའི་སོན་འདེབས་སྟོན་བསྡུ་ཡི་ལས་ཀ་རྫོགས་རྗེས། ངའང་ཁོ་ཚོ་དང་འདྲ་བར་ས་ཆ་ཐག་རིང་ཐག་རིང་ཞིག་ལ་དབྱར་རྩྭ་དགུན་འབུ་བརྐོ་རུ་འགྲོ་བ་སོགས་ཀྱི་ཞོར་ལས་ལ་འགྲོ་དགོས། དམའ་འབྲིང་མཐར་ཕྱིན་པའི་ངའི་གྲོགས་མཆོག་རྡོ་བྷ་ཁ་སྣར་སློབ་གྲྭར་འགྲོ་འདོད་མེད་པར་ལྕགས་ཁེམ་བཟུང་བའི་ང་ཚོའི་ལས་སུ་ཞུགས་པ་ནས་བཟུང༌། ངེད་གཉིས་ལུས་དང་གྲིབ་མ་བཞིན་མཉམ་འགྲོ་མཉམ་འདུག་བྱས་པའི་སྤང་ཁུགས་རེ་རེ་ན་གླེང་མི་ཚར་བའི་གཏམ་རྒྱུད་ཇི་འདྲའི་མོད་པོ་ཞིག་འཁྱིལ་ཡོད་ཨང༌། ཁོ་ཡང་ང་དང་འདྲ་བར་སྟོད་ཉི་མ་ལྷ་སར་འགྲོ་འདོད་ཀྱི་འདུན་པ་རྦབ་ཆུ་ལྟར་འགོག་ཐབས་ཤིག་མི་འདུག མཐོང་རྒྱ་ཐོས་རྒྱ་ཆུང་བའི་ངའི་མདུན་དུ་ཁོས་དཔེ་ཆ་ལྟ་ཞོར་དུ་ལྷ་སའི་གནས་ཚུལ་མང་ཆེ་བ་ངའི་རྣ་ལམ་དུ་སྒྲུང་ བཤད་བཤད་བྱས་ན། ང་ནི་ཉིན་གང་བོར་སྤྲོ་བ་གནོན་མ་ཐུབ་བར་ཁོའི་རྗེས་ལ་ཁྱི་ འདེད་འདེད་བྱེད་ངེས། ངེད་གཉིས་ཀྱིས་ལྷ་སར་ཅི་ལྟར་འགྲོ་དགོས་བའི་འཆར་གཞི་སྣ་ཚོགས་འཐེན་མོད། ཕྱོགས་ཡར་མར་གྱི་དཀའ་ཁག་དང་རྒྱུ་རྐྱེན་གང་མང་ཞིག་གིས་རེ་བ་ཐམས་ཅད་རྡུལ་དུ་བརླགས། དེ་ལྟར་དེ་ལྟར་དུ་ལོ་མང་པོ་མང་པོ་ཞིག་འགོར་སོང༌། ཡིན་ནའང༌། ལྷ་ས་འགྲོ་བའི་འདུན་པ་ནམ་ཡང་བོར་མ་ཡོང་ལ།  སྔར་ལས་ཇེ་བརྟེན་ཇེ་བརྟེན་རེད།

དགུང་ཨ་སྔོན་སྔོ་ཞིང་དྭངས་ལ། ས་དོག་མོ་དྲོད་ཅིང་འཇམ་པའི་ཉིན་བཟང་སྐར་བཟང་གི་དུས་ལ། རྡོ་བྷ་ཁ་སྣར་དང་ངེད་གཉིས་སྔ་མོ་ནས་སྟ་གོན་བྱས་པའི་ལམ་བྲོ་དང༌། གྱོན་གོས་འགའ་འཁྱེར་ཏེ་ཟླ་འོད་འོག་ཏུ་རྐང་འཇབ་ལག་འཇབ་ཀྱིས་ང་ཚོའི་རོང་སྡེ་ཕྲ་མོ་ནས་ཟི་ལང་ཕྱོགས་སུ་འཐེན་པའི་ཀྱག་ཀྱོག་མོད་པོའི་རྐང་ལམ་ཕྲ་མོར་ཞུགས་ནས་ཟི་ལང་མེ་འཁོར་འབབ་ཚུགས་སུ་ཐོན། ཞོགས་པའི་ཐོ་རེངས་ཤར་ཕྱོགས་རི་བོ་རྩེ་ན་ན་ཆུང་སྒེག་མོ་ཞིག་གི་ཚུལ་དུ་ཞལ་རས་འཛུམ་གྱིས་མངོན་དུས་ངེད་གཉིས་ཀྱང་མེ་འཁོར་གྱི་འཛིན་བྱང་ཉོས་ཚར་ནས་རང་རང་གི་འདུག་སྟེགས་སུ་སེམས་ལྷོད་ལ་བབས་ཏེ་བསྡད་ཡོད། ཞོར་ལས་ནས་ཡོང་མ་ཐག་པའི་ངེད་གཉིས་རང་རང་ས་ནས་རྒྱུ་སྟོབས་ཆེ་བའི་ཚོང་དཔོན་ཞིག་དང་འཁུ་བར། མེ་འཁོར་ནང་གི་ཝུ་ཆང་དང༌། བྱ་སྒོང༌། ཀ་ར་གོ་རེ་སོགས་རིན་གོང་རྒྱུན་ལྡན་ལས་ལྡབ་འགྱུར་གྱི་མཐོ་ཡང་བག་མེད་ཀྱིས་ལོངས་སུ་སྤྱོད་སྐབས།  ངའི་སེམས་སུ་ས་རྡུལ་རླུང་འཚུབ་གདོང་གིས་བསུ་པའི་ཕ་མ་གཉིས་དྲན་ནས་སྙིང་ལ་ཙག་ཤེད་ཅིག་རྒྱུགས་འོང༌། མེ་འཁོར་གྱི་བསྐྱོད་འགྲོས་དང་བསྟུན་ནས། ངེད་གཉིས་ཀྱི་འདུག་སྟེགས་གཡས་གཡོན་གྱི་དྲ་མིག་ལས་མེ་འཁོར་ནི་གཡུ་འབྲུག་སྔོན་མོ་ཞིག་དང་འདྲ་བར་ལྕགས་ལམ་ཐོག་ཏུ་མཚམས་རེར་བྲག་ཁུང་དུ་འཛུལ་འགྲོ་ལ། ལན་རེར་མཐའ་ཡས་པའི་རྩྭ་ཐང་དུ་བསྐྱོད་པ། སྐབས་རེར་རྫིང་དང་མཚེའུ། ཁང་བརྩེགས་མཐོ་བའི་གྲོང་དང་གྲོང་ཁྱེར་སོགས་སུ་བསྐྱོད་པ་འཇིག་རྟེན་སྣོད་བཅུད་ཀྱི་བཀོད་པ་ལྟ་བས་ཆོག་མི་ཤེས་བ་ཞིག་མཐོང་བར་མ་ཟད། རི་དྭགས་གཙོད་དང་རྐྱང་གི་བང་རྩལ་འགྲན་པའང་མིག་གི་དགའ་སྟོན་དུ་མཐོང་ཐུབ། ངེད་གཉིས་ཀྱིས་དེ་དག་ལ་བལྟས་ནས་ལྷ་སར་སྐད་ཅིག་ཏུ་ཐོན་འདོད་ཀྱི་འདུན་པ་རྦབ་རླབས་ལྟར་འཕྱུར་འོང༌། ངེད་གཉིས་དེ་ལྟར་ལྷ་ས་རུ་འགྲོ་བཞིན་ཡོད།

ང་ངོ་མས་ལྷ་སར་འགྲོ་འདོད།

·རྩོམ་ཡིག་གོང་མ:གཞས་ཚིག མཛའ་མོ་འབོད་གླུ
·རྩོམ་ཡིག་འོག་མ:ཨེ་ཝྃ་ཆོས་སྨན་གླིང་ལྔའི་བརྡ་རྟགས་སྙིང་པོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 18:52:53 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 0:03:44 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 12:00:18 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 39 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS