ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མི་སྣ།
རྩོམ་ཡིག་ཀློག་པ།

༼སྒྲོལ་མའི༽གླུ་གདངས་རྩོམ་མཁན་ཆོས་རྒྱ་མཚོ།

རྩོམ་པ་པོ:དཀོན་རྡོར།ཡོང་ཁུངས:ཁམས་པའི་དྲ་བ།གཟིགས་གྲངས:2716ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/10/26 23:26:14ཚོགས་ཡར་སྤྲོད:admin

སྒྲོལ་མ་ལ་བླངས་པའི་བསྟོད་དབྱངས།༼སྒྲོལ་མཞེས་པའི་གླུ་དབྱངས་ཀྱི་གདངས་

བརྩམ་མཁན་ཆོས་རྒྱ་མཚོའི་སྐོར་བཀོད་པ།

དཀོན་མཆོག་རྡོ་རྗེ།

ད་ལོའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ཐོག《སྒྲོལ་མ》ཞེས་པའི་གླུ་དབྱངས་དེ་བརྙན་འཕྲིན་འཁོར་སྐར23གྱིས་དུས་གཅིག་ཏུ་ཐད་གཏོང་བྱས་པས་ལྟད་མོ་བ་མི་ཁྲི་བཅུའི་ཡིད་དབང་འཕྲོག་ཡོད།འོན་ཏང་དེ་འདྲའི་སྐད་གྲགས་ཆེ་བའི《སྒྲོལ་མ》ཞེས་པའི་གླུ་དབྱངས་དེའི་གདངས་བརྩམ་མཁན་ནི་ཆུང་དུས་ནས་སྡེ་དགེའི་ལྕང་ར་རུ་འཚར་ལོངས་བྱུང་བའི་རང་ཁུལ་གྱི་གདངས་བརྩམ་མཁན་ཆོས་རྒྱ་མཚོ་ཡིན་པ་ཤེས་མཁན་གྱི་མི་ནི་ཧ་ཅང་དཀོན་པ་རེད།
《སྒྲོལ་མ》ཞེས་པའི་གླུ་དབྱངས་དེ་རང་ཁུལ་གྱི་ཚིག་བརྩམ་མཁན་བརྩོན་འགྲུས་དང་གདངས་བརྩམ་མཁན་ཆོས་རྒྱ་མཚོ་གཉིས་ཀྱིས་བརྩམས་པ་དང་།གླུ་པ་གྲགས་ཅན་ཡར་དུང་གིས་ཐོག་མར་བླངས་རྗེས།ཉེ་བའི་ལོ་ཤས་རིང་།བོད་ཁུལ་གྱི་ས་གནས་ཀུན་ཏུ་བྱ་གྲགས་གྲགས་དང་བྱིའུ་སྙན་སྙན་གྱིས་དར་ཁྱབ་ཆེན་པོར་སོང་ཞིང་།མཐོ་རྒན་པོ་སྐྲ་དཀར་མན་ཆོད་དང་།ཆུང་བྱིས་པ་ཨ་ཐིས་ཡན་ཆོད་ཀྱིས་གླུ་དབྱངས་དེའི་གདངས་ཐོས་པ་ཙམ་གྱིས་ལེན་མི་ཤེས་མཁན་ཧ་ལམ་མེད་པར་གྱུར་ཟིན།ད་དུང་རྒྱ་རིགས་སོགས་སྤུན་ཟླ་མི་རིགས་གཞན་དག་གིས་ཧ་ཅང་དགའ་པོ་བྱས་ཏེ་རྒྱལ་ཡོངས་ཀྱི་དགོང་ཚོགས་ཆེ་གྲས་མང་པོའི་ཐོག་འཁྲབ་སྟོན་བྱས་པ་དང་།ཐ་ན་གྲོགས་པོ་འཛོམས་སའི་ཅོག་ཙེའི་མདུན་དུའང་མེད་དུ་མི་རུང་བའི་གླུ་དབྱངས་ཤིག་ཏུ་གྱུར་ཟིན།དེས་མ་ཚད་པར་རང་རྒྱལ་གྱི་རྒྱ་རིགས་གླུ་པ་གྲགས་ཅན་སུན་ལན་དང་།ཝང་ཧུའུ་ཝེན།ཧའོ་ཧྥང་སོགས་ཀྱིས་ཀྱང《སྒྲོལ་མ》ཞེས་པའི་གླུ་དབྱངས་སྦྱངས་ནས་ཐེངས་མང་པོར་ཀྲུང་དབྱང་བརྙན་འཕྲིན་ཁང་སོགས་ཀྱི་མཛད་སྒོ་དང་དགོང་ཚོགས་ཆེ་ཆུང་མང་པོའི་ནང་བླངས་པ་དང་།ད་དུང་རྒྱལ་ཡོངས་ཀྱི་དྲ་ཚིགས་ཁག་དང་།རྒྱང་བསྒྲགས་ཁང་།ས་གནས་བརྙན་འཕྲིན་ཁང་སོ་སོ།འོད་སྡེར་སྣ་ཚོགས།ཁ་རOKསོགས་སུ་གཏོང་ལེན་བྱ་རྒྱུ་ཆེས་མང་བས་དེ་བས་སྐད་གྲགས་ཆེས་ཆེར་གྱུར།
ལོ་སར་བཏང་མ་ཐག་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་ཁྲེང་ཏུའུ་རུ་བཞུགས་མོལ་ཚོགས་འདུ་འཚོགས་ནས《སྒྲོལ་མ》ཞེས་པའི་གླུ་དབྱངས་ཀྱི་གདངས་བརྩམ་མཁན་ཆོས་རྒྱ་མཚོ་དང་།ཚིག་བརྩམ་མཁན་བརྩོན་འགྲུས་གདན་འདྲེས་ཞུས་ཏེ་བཞུགས་མོལ་བྱས་པ་རེད།ཆོས་རྒྱ་མཚོས་ཚོགས་འདུའི་ཐོག་གསུང་རྒྱུར།《སྒྲོལ་མ》ཞེས་པའི་གླུ་དབྱངས་འདི་ད་ཐེངས་དང་བརྩིས་ན་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཐེངས་ལྔ་བཏང་ཡོད་རུང་།  2010ལོའི་ལོ་སར་དགོང་ཚོགས་ཐོག་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཐེངས་དང་པོར་གདངས་བརྩམ་མཁན་དང་ཚིག་བརྩམ་མཁན་གྱི་མིང་བཀོད་ཡོད་པ་ཞིག་རེད།གླུ་དབྱངས་དེ་ད་སྔོན་ལོ་མང་རིམ་རྒྱ་བོད་ས་གནས་ཀུན་ཏུ་དར་ཁྱབ་ཆེན་པོ་བྱུང་ཡོད།འོན་ཀྱང་གླུ་དབྱངས་ཀྱི་ཚིག་དང་གདངས་བརྩམ་མཁན་དེ་དཀར་མཛེས་ཁུལ་གྱི་མི་ཡིན་པ་ཤེས་མཁན་ཧ་ཅང་དཀོན་རྒྱུ་རེད།དཀར་མཛེས་ཁུལ་གྱི་རིག་གནས་པ་ཚོས་ཀྱང་གླུ་དབྱངས་འདི་དེ་འདྲའི་དར་ཁྱབ་བྱུང་བའི་རིན་ཐང་ཤེས་མེད་པ་རེད།རང་ཉིད་ཀྱིས་གླུ་དབྱངས་འདི་ཐོག་མར་བརྩམ་དུས་ཀྱང་གླུ་དབྱངས་འདི་སྐད་གྲགས་ཆེན་པོ་ཞིག་འགྱུར་རྒྱུའི་བསམ་པ་ཡེ་ནས་འཁོར་མ་མྱོངས།དེ་རྗེས་འདི་འདྲ་དར་ཁྱབ་ཆེན་པོ་བྱུང་བ་དང་།ཉན་མཁན་ཚོའི་དགའ་བསུ་འདི་འདྲ་ཐོབ་པ་ཡང་བསམ་ཡུལ་ལས་འདས་པ་ཞིག་ཡིན་པས་ངས་མུ་མཐུད་ནས་དེ་བས་མང་བའི་གླུ་དང་དེ་བས་སྙན་པའི་གདངས་བརྩམས་ནས་ཉན་པ་པོ་རྣམས་ལ་འབུལ་འདོད་ཡོད་ཟེར།
ཆོས་རྒྱ་མཚོ་ནི་སྡེ་དགེའི་ལྕང་ར་ཤང་གི་མི་ཡིན་ཞིང་།ཆུང་དུས་ནས་སྡེ་དགེའི་དམངས་ཁྲོད་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པ་དང་།རྗེས་སུ་སི་ཁྲོན་རོལ་དབྱངས་སློབ་གྲྭའི་གདངས་བརྩམ་མཁན་ཚན་ཁག་ཏུ་སློབ་སྦྱོང་བྱས།
སློབ་མཐར་ཕྱིན་རྗེས་ཕྱིར་དཀར་མཛེས་ཁུལ་གླུ་གར་ཚོགས་པར་ལོ་་མང་རིང་གླུ་དབྱངས་ཀྱི་གདངས་བརྩམས་པ་དང་།རྗེས་སུ་ཁུལ་རིག་གནས་ཅུས་ཀྱི་རིག་རྩལ་གསར་རྩོམ་ཁང་དུ་ལས་དོན་ཁང་གི་ཀུའུ་རེན་གྱི་འགན་བཞེས།ཁོང་གིས་ལོ་མང་རིང་རང་ཁུལ་གྱི་དམངས་ཁྲོད་གླུ་དབྱངས་དང་།དེང་རབས་གསར་རྩོམ་གླུ་དབྱངས་གཉིས་ཟུང་འབྲེལ་བྱས་ནས་དམངས་ཁྲོད་གླུ་དབྱངས་ཀྱི་བླ་སྲོག་ལྡན་ལ་དེང་རབས་གསར་གཏོད་གླུ་དབྱངས་ཀྱི་ཆས་བརྒྱན་སྤྲོས་པའི་ཐུན་མིན་གྱི་གླུ་དབྱངས་ཀྱི་གདངས་བརྩམ་རྒྱུའི་ལམ་བུ་ཞིག་འཚོལ་བསྙེགས་བྱས་པས་མཐར་ཉན་མཁན་ཚོའི་ཁས་ལེན་བྱུང་ཡོད།ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན་ཆེ་ཆུང་ཚང་མར་ཁོང་གི་གླུ་དབྱངས་ནི་ཁ་བྲལ་ཐབས་མེད་ཅིང་།རྫོང་མང་དག་གི་གླུ་དབྱངས་ཀྱང་བརྩམས་མྱངས།དཀར་མཛེས་ཁུལ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་མཛད་སྒོ་དང་།གསེར་ཐར་རྫོང་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་མཛད་སྒོ།ཁམས་པའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པའི་མཛད་སྒོའི་འཁྲབ་སྟོན་སོགས་ཀྱི་གླུ་དབྱངས་ཀྱི་གདངས་ཚང་མ་ཁོང་གིས་བརྩམས་པ་རེད།ད་དུང་གསེར་ཐར་རྣམ་ཐར་ཚོགས་པས་འཁྲབ་སྟོན་བྱས་པའི་《རྟ་རྒྱུགས་རྒྱལ་འཇོག》གི་བརྙན་འཕྲིན་ཟློས་གར་ཆེན་མོ་དང་།《དྲི་མེད་ཀུན་ལྡན》གྱི་གླུ་དབྱངས་གདངས་ཚང་མ་ཁོང་གིས་བརྩམས་གནང་མཛད།
《སྒྲོལ་མ》ཞེས་པའི་གླུ་དབྱངས་ནི་ཁོང་གིས་བརྩམས་པའི་གླུ་དབྱངས་ཀྱི་མཚོན་བྱེད་ཙམ་ཡིན་ཞིང་།དེ་ལས་གཞན་པའི་གླུ་དབྱངས་སྙན་མོ་ཡང་ཧ་ཅང་མང་པོ་བརྩམས་མྱངས།དཔེར་ན།《ཕ་ཡུལ་གྱི་བསང་དུད།》《སེམས་ནང་གི་ཤམ་བྷ་ལ།》《བརྩེ་དུང་།》《མཐོ་སྒང་གི་བདག་པོ།》《གངས་ལྗོངས་བརྩེ་གླུ།》《རྫ་ཆུ་ཁའི་བརྩེ་སེམས།》《སྙིང་དབུས་ཀྱི་བྱུ་རུ་དམར་པོ།》《ས་མཐའི་སྲིང་ཆུང་མ་》སོགས་ཧ་ཅང་མང་ཞིང་།ཁོང་གི་གླུ་དབྱངས་ཀྱི་བརྩམས་ཆོས་མང་དག་ལ་རྒྱལ་ཁབ་ཀྱི་བསམ་པའི་དཔལ་ཡོན་མཚོན་པའི་ལྔ་གཅིག་ལས་གྲྭ་བྱ་དགའ་དང་།རྒྱལ་ཡོངས་གྲངས་ཉུང་མི་རིགས་དུས་ཆེན་དང་།སི་ཁྲོན་གྲངས་ཉུང་མི་རིགས་དུས་ཆེན།ཁམས་པའི་སྒྱུ་རྩལ་དུས་ཆེན་སོགས་ཀྱི་ནང་བྱ་དགའ་ཨང་དང་པོ་དང་གཉིས་པ་སོགས40ལྷག་ཐོབ་མྱངས།ཁོང་གི་ལོ་རྒྱུས་ཀྱང་《འཛམ་གླིང་གི་སྒྱུ་རྩལ་པའི་མིང་མཛོད་དང་།》《ཀྲུང་ཧྭ་མི་སྣ།》《ཀྲུང་གོའི་དེང་རབས་སྒྱུ་རྩལ་པ་གྲགས་ཅན་གྱི་མིང་མཛོད》སོགས་སུ་བཀོད་ཡོད།
བོད་ཀྱི་རིག་གནས་ཁྱབ་བསྒྲགས་བྱ་བར་ཐབས་ཤེས་མང་པོ་ཡོད་ཅིང་།གླུ་དབྱངས་ཀྱང་མི་རིགས་ཤིག་གི་གནས་བབ་ཁྱབ་སྤེལ་གཏོང་བའི་ལག་ཆ་མྱུར་ཤོས་ཤིག་ཡིན།དཔེར་ན།དར་མདོའི་མཛའ་གཞས་ཞེས་པའི་གླུ་དབྱངས་འདིས་དར་མདོའི་སྙན་གྲགས་འཛམ་གླིང་གི་ཡུལ་གྲུ་མཐའ་དག་ལ་ཁྱེར་ཞིང་།དེའི་ནུས་པ་དང་།དེའི་རིན་ཐང་དེ་དཔལ་འབྱོར་གྱིས་ཚད་གཞལ་དཀའ་བར་གྱུར།སྒྲོལ་མ་ཞེས་པའི་གླུ་དབྱངས་ཀྱིས་ཀྱང་བོད་ཀྱི་བུད་མེད་ཀྱི་གཤིས་རྒྱུད་དང་སྒེག་ཉམས་རྒྱལ་ཡོངས་སུ་ཁྱབ་སྤེལ་བཏང་ཡོད་ཅིང་།དེའི་ཁྱབ་ཚད་ནི་དཔལ་འབྱོར་ཁོ་ན་ཙམ་གྱིས་ཚད་ག་ལ་གཞལ་ནུས།མ་འོངས་པར་སྒྲོལ་མ་དང་དར་མདོའི་མཛའ་གཞས་ལྟ་བུའི་གླུ་དབྱངས་མང་དག་ཐོན་ཐུབ་པ་ན་ང་ཚོའི་དཀར་མཛེས་ཁུལ་གྱི་སྙན་གྲགས་དང་བོད་མི་རིགས་ཀྱི་སྙན་གྲགས་ཀྱང་རྒྱལ་ནང་ཙམ་དུ་མ་ཟད་འཛམ་གླིང་ཡོངས་སུ་ཁྱབ་ངེས་རེད།སླད་མའི་ཆ་ལ་ཆོས་རྒྱ་མཚོ་ལགས་ཀྱིས་དེ་བས་མང་བ་དང་།དེ་བས་སྙན་པའི་སྒྲོལ་མ་ལྟ་བུའི་གླུ་དབྱངས་མང་དག་བརྩམ་རྒྱུར་ང་ཚོས་རེ་སྒུག་དང་སྨོན་འདུན་ཞུ་བ་ལགས།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)

·རྩོམ་ཡིག་གོང་མ:གཞས་ཚིག མ་ཉེས་ཁག་གཡོགས་མ་བྱེད།
·རྩོམ་ཡིག་འོག་མ:གླིང་བྲོ་བདེ་ཆེན་རོལ་མོའི་སྟངས་སྟབས་དང་བྲོ་ཚན་སྐོར།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:46:05 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:22:49 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 23:13:53 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 79 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS