ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

ངའི་སྙན་ངག་པ་ཚངས་དབྱངས་རྒྱ་མཚོ།

རྩོམ་པ་པོ:ས་དམར་གྲགས་པ།ཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:1722ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/11/11 21:07:19ཚོགས་ཡར་སྤྲོད:admin
ངའི་སྙན་ངག་པ་ཚངས་དབྱངས་རྒྱ་མཚོ།

ས་དམར་གྲགས་པ།

ཚངས་དབྱངས་རྒྱ་མཚོ་ཁྱེད་ཀྱིས་ཐོས་བྱུང་ངམ
མཚོ་སྔོན་པོའི་རླབས་སྒྲ་ཁྱེད་ཀྱིས་ཐོས་བྱུང་ངམ
དེ་ནི་ཁྱེད་ཀྱིས་ང་ཚོར་བྲིས་པའི་མགུར་མ་ཡིན
ཁྱེད་ཀྱིས་ང་ཚོར་བཞག་པའི་ཚངས་དབྱངས་ངོ་རོ་ཡིན

ཚངས་དབྱངས་རྒྱ་མཚོ་ཁྱེད་ཀྱིས་ཐོས་བྱུང་ངམ
རང་རིགས་ཕོ་མོ་ཀུན་གྱི་གླུ་སྐད་ཐོས་བྱུང་ངམ
དེ་ནི་ཁྱེད་ཀྱིས་ང་ཚོར་བཤད་པའི་གཏམ་རྒྱུད་ཡིན
ཁྱེད་ཀྱིས་ང་ཚོར་བཞག་པའི་འགྱུར་ལྡོག་གི་ལམ་བུ་ཡིན

འཇིག་རྟེན་ག་ཙམ་ཡོད་ན     བྲང་གཞུང་དེ་ཙམ་ཆེ་བས
ཚངས་བྱངས་རྒྱ་མཚོ་ཁྱེད་གང་དུ་བཞུགས་ཡོད་དམ
པོ་ཏ་ལའི་རྨི་ལམ་ནང་དུ་ཁྱེད་བཞུགས་ཡོད་དམ
ང་དང་སྐྱིད་ཤོད་གཙང་བོའི་འབོད་སྒྲའི་ཁྲོད་དུ་ཁྱེད་བཞུགས་ཡོད་དམ
ཡང་ན     ཕ་ཡུལ་གྱི་སྐལ་བཟང་མེ་ཏོག་གི་ཚུལ་དུ་ཁྱེད་བཞུགས་ཡོད་དམ

ཁྱེད་ཀྱིས་ཐོས་བྱུང་ངམ    ཚངས་དབྱངས་རྒྱ་མཚོ
བྱིས་པ་ཚོའི་གླུ་སྐད་འདི་ཐོས་བྱུང་ངམ
ཁྱེད་ཀྱི་མགུར་མ་གྱེར་བྱང      ཁྱེད་ཀྱི་ལས་དབང་ཁྲབ་བྱུང
ཁྱེད་ཀྱིས་ཐོས་བྱུང་ངམ    ཁྱེད་ཀྱིས་མཐོང་བྱུང་ངམ
ངའི་སྙན་ངག་པ་ཚང་དབྱངས་རྒྱ་མཚོ་ལགས
གངས་རིའི་མིག་ཟུང    རྩྭ་ཐང་གི་ཕོ་ཉ
ང་རང་ཧ་ཅང་དགའ་སའི་སྙན་ངག་པ་ཚངས་དབྱངས་རྒྱ་མཚོ་ལགས

སྙན་ངག་འདི་ནི༢༠༡༡ལོའི་ཟླ༨པའི་ཚེས༩ཉིན་རྒྱ་ཡིག་གི་བྲིས་ཏེ་ཀྲོང་ཀོའི་ན་ཞོན་རྩོམ་རིག་དྲ་བར་བཀོད་པ་ཡིན་ལ༢༠༡༡ལོའི་ཟླ༡༡པའིཚེས༡༠ཉིན་བོད་ཡིག་ཏུ་བསྒྱུར་བ་ཡིན་ནོ།།རྒྱ་ཡིག་གི་མ་རྩོམ་ལ་བལྟ་འདོད་ན་དྲ་གནས་འདི་ཡིན
http://www.zgqnwx.com/forum.php?mod=viewthread&tid=11278

·རྩོམ་ཡིག་གོང་མ:མཁས་པ་ཞིག་གི་ཐུགས་རེ།
·རྩོམ་ཡིག་འོག་མ:གཞས་ཚིག མི་ཚེའི་གདམ་ག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 21:38:57 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 22:38:57 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 22:33:15 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS