ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

གཏན་བདེའི་གཞི་མ་སྲིད་པའི་རྒྱུད་རིམ་ལ་བརྟག་པ།

རྩོམ་པ་པོ:མཁས་དབང་བློ་བཟང་རྒྱ་མཚོ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1911ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/11/18 21:22:58ཚོགས་ཡར་སྤྲོད:admin
གཏན་བདེའི་གཞི་མ་སྲིད་པའི་རྒྱུད་རིམ་ལ་བརྟག་པ་སྟེ་
ལེགས་གནས་ཀུན་འདུས་ཞེས་བྱ་བ་བཞུགས་སོ། །
མཁས་དབང་བློ་བཟང་རྒྱ་མཚོ།
༄༅། །དྲི་མེད་མཛེས་སྐུ་མཚན་དཔེའི་འོད་འབར་ཆེ། །སྒྲིབ་བྲལ་ཡེ་ཤེས་ཆོས་ཀུན་རྟག་ཏུ་གསལ། །འགྲོ་ལ་བརྩེ་གདུང་མ་ཡིས་བུ་ལས་ལྷག །ཇི་བཞིན་འདོམས་མཛད་ཐུབ་པའི་དབང་པོར་འདུད། །རིག་པའི་ནོར་ནི་ཐམས་ཅད་ཀྱི། །རྩ་བ་ལེགས་དཔྱོད་ཤེས་རབ་སྟེ། །དེ་ཉིད་ལྷ་ཡི་མདངས་གསལ་བ། །ཀུན་གྱི་ཡིད་མཁར་ཤར་དེར་འདུད། །ཆེ་དགུ་མ་ལུས་སྙིང་གི་བཅུད། །རང་ཉིད་སྐྱོང་བའི་བྱམས་བརྩེ་སྟེ། །དེ་ཀུན་འདུས་པའི་ལྷག་པའི་ལྷ། །ངུར་སྨྲིག་ཚུལ་བྱོན་རྟག་ཏུ་བསྟེན། །ཉེས་བྱས་མ་ལུས་མཐུ་ནུས་ཀྱིས། །རྣམ་པར་རྒྱལ་བྱེད་གསང་བདག་སོགས། །འཇིག་རྟེན་སྐྱོབ་མཛད་མ་ལུས་པར། །གཙུག་གི་ཅོད་པན་བཀུར་ཏེ་མཆོད། །བླང་དོར་ཕྲ་རགས་མ་འདྲེས་པར། །གང་གིས་གང་མཁོར་འདོམས་མཛད་པར། །རྗེས་དཔྱད་བསྲིངས་པའི་གྲུབ་དོན་དག །རྙེད་ན་ཡིད་དབང་མི་འཕྲོག་སུ། །བདག་ཀྱང་འདི་ཡིས་ཡིད་ཕྲོགས་ཏེ། །མི་ཕྱེད་དད་པའི་སྤུ་ལོང་གཡོ། །འདི་སྤེལ་གཞན་ལ་སྨན་མིན་ཅི། །རང་ཉིད་སྐལ་བཟང་འཕེལ་བྱེད་ཡིན། །ཤེས་བྱའི་གནས་ལུགས་དཔྱོད་ཤེས་ན། །ཤེས་རབ་འཕེལ་བ་མངོན་འདོད་དག །མ་ནོར་བསྟན་པར་རྗེས་བསྙེགས་སུ། །བརྩོན་འགྲུས་བསྟེན་པ་ཤིན་ཏུ་གཅེས། །ལྟ་གྲུབ་འདྲ་མིན་ཕྲ་རགས་རྣམས། །གསོང་པོར་དཔྱོད་ཤེས་མཁས་པའི་རྟགས། །རང་གི་ལྟ་དང་མཐུན་མིན་གྱིས། །འདོར་ལེན་བྱེད་པ་བླུན་པོའི་རྒྱུད། །མཚན་མོར་རྒྱུ་བར་གློག་བཞུ་མཁོ་མོད་ཀྱང་། །སྐྱེ་འཆིའི་ཤུལ་ལམ་ཕ་མཐའ་གསལ་བའི་སྒྲོན། །དཔྱོད་ལྡན་གསར་པར་མིག་བས་ཆེས་ལྷག་པས། །ཚང་མས་ལག་མཐིལ་བཅངས་ཤིག་ཤེས་ལྡན་རྣམས། །གཏན་བདེ་བསྒྲུབ་ལ་མི་མཁོའི་ཤེས་བྱའི་གནས། །བགྲངས་པས་ཕྲེང་བ་འབུམ་ཕྲག་ཟད་ཀྱང་ཅི། །བླང་དོར་བྱ་བའི་གཞི་མ་ཡུད་ཙམ་ཞིག །དཔྱད་འཇོག་སྤེལ་བའི་དགེ་བར་འགྲན་བཟོད་དམ། །སྔོན་རབས་མ་གསལ་འཇིག་རྟེན་མཐའ་དབུས་ཀྱི། །གནད་ཀུན་གསལ་བའི་མེ་ལོང་འདི་ཐོབ་ཚེ། །མ་ལྷོད་དམ་པོར་བཟུང་ལ་དཔྱད་འཇོག་གིས། །བློ་གྲོས་བསྲངས་ནས་མདུན་ལམ་འཚོལ་བར་མཛོད། །ཀུན་གསལ་དཀྱིལ་འཁོར་མཁའ་ལ་ཤར་བར་བརྫུན། །དཀར་བའི་ཤོག་བུར་ཀུན་གསལ་ངོ་མཚར་དངོས། །བེམ་གྱུར་མུན་པ་བསལ་བར་ངོ་མཚར་ཅི། །བླང་དོར་གནས་ལ་བློ་མུན་བསལ་འདི་མཚར། །ཅེས་སྔོན་བསུས་ཏེ། གང་དཔྱད་པར་བྱ་བ་ནི་སེམས་ཅན་རྣམས་ཀྱི་སྐྱེ་བ་སྔ་ཕྱིའི་སྐོར་ཡིན་ལ་འདི་ལའང་གཞན་གྱི་ལུགས་ལ་སྦྱར་ནས་དཔྱད་པ་དང་སངས་རྒྱས་པའི་ལུགས་ལ་སྦྱར་ནས་དཔྱད་པ་གཉིས་ལས། དང་པོ་ཚན་རིག་པའི་ཕྱོགས་ཀྱི་རྩོད་སྤོང་དང་། སྐྱེ་བ་སྔ་ཕྱི་མེད་པའི་ལུགས་དང་སྦྱར་ནས་དཔྱད་པའོ། །དང་པོ་རྩོད་སྤོང་དང་བཅས་སྐྱེ་བ་སྔ་ཕྱི་རིགས་པས་སྒྲུབ་པ་ནི། ཚན་རིག་གི་རིགས་པ་སྨྲ་བ་ཁ་ཅིག །རྒྱལ་ཚབ་རྗེའི་རྣམ་འགྲེལ་ལེའུ་གཉིས་པར། བྱིས་པ་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར་ཞེས་འགོད་པ་མི་འཐད་དེ། རིག་པ་ཡིན་ན་རིག་པ་སྔ་མ་སྔོན་དུ་སོང་བས་མ་ཁྱབ་སྟེ། འཇའ་འོད་ལ་རང་རྒྱུ་འཇའ་སྔོན་དུ་འགྲོ་མི་དགོས་ཤིང་། བུ་མོ་ཚེ་རིང་དང་སྒྲོལ་མ་གཉིས་ཐུག་འཕྲད་བྱུང་བ་ལ། དེའི་སྔོན་དུ་དེ་གཉིས་ཐུག་འཕྲད་སྔོན་དུ་སོང་མི་དགོས་པ་བཞིན་དུ་སེམས་ལའང་མཚུངས་སོ། །སེམས་ནི་སེམས་སྔོན་དུ་འགྲོ་མི་དགོས་ཏེ། རྣམ་པ་ཀུན་ཏུ་བེམ་པོའི་འབྱུང་བ་ལས་སྐྱེས་པའི་ཕྱིར་ཞེས་དང་། དེ་ཉིད་དུ་ཡིད་བློ་རྟོག་པ་འབྱུང་བ་འགའ་ཞིག་ལས་སྐྱེས་ན། འབྱུང་བ་ཀུན་སྲོག་ཆགས་སུ་ཐལ་བར་ཡང་མི་འགྱུར་ཏེ། རྡོ་ལ་སོགས་པར་དབང་པོ་དང་བློ་སྐྱེ་བའི་ནུས་པ་མེད་པ་འབའ་ཞིག་སྲོག་ཆགས་སུ་མི་འགྱུར་ཞིང་། སྲོག་ཆགས་ཀུན་རང་རང་གི་མཐུན་པའི་རྒྱུ་ལས་འབྱུང་བ་ངེད་ཅག་རྣམས་འདོད་དོ་ཞེས་བརྗོད་དོ། །འདི་ནི་གཞུང་དེ་ཉིད་ཀྱི་དགོངས་པ་ཇི་བཞིན་མ་ལོན་པ་སྟེ། དེ་ཉིད་ལས། རིག་པ་ཡིན་ན་རང་གི་རིགས་རྒྱུན་ནམ་རྫས་རྒྱུན་གྱི་རིག་པ་སྔ་མ་སྔོན་དུ་སོང་དགོས་པར་སྒྲུབ་ཅིང་། རིགས་འདྲ་སྔ་མ་སྔོན་དུ་སོང་དགོས་པར་སྒྲུབ་པ་མིན་པས་ཁྱབ་མེད་ཀྱི་སྐྱོན་དུ་མི་འགྱུར་ལ། ཤིན་ཏུ་མཛེས་པའི་འཇའ་རིས་དེ་ཡང་རིགས་འདྲའི་འཇའ་རིས་སྔོན་དུ་མ་སོང་ཡང་། ཆར་པའི་ཟིལ་པ་དང་ཉི་མའི་འོད་ཟེར་སོགས་ཕན་ཚུན་འཐབ་པ་ལས་འོད་ཀྱི་རྫས་རིགས་མི་འདྲ་བ་ཕན་ཚུན་ལྟོས་ནས་གྲུབ་པས་རྫས་རྒྱུན་ཕྲ་མོ་སྔོན་དུ་མ་སོང་བ་མིན་ནོ། །དཔེར་ན། མིའི་གཟུགས་བརྙན་ལྟ་བུ་མིའི་འོད་ཕྲ་མོ་དང་། གློག་གམ་ཤེལ་སྒོའི་འོད་དང་། བར་གྱི་སྣང་བ་སོགས་ཕན་ཚུན་ལྟོས་གྲུབ་ལས། གཟུགས་བརྙན་གྱི་རྣམ་པ་གྲུབ་པ་ཡིན་པས་རྫས་རྒྱུན་ཕྲ་མོ་སྔོན་དུ་སོང་བ་ཤིན་ཏུ་འཐད་དོ། །དཔེར་ན། མིའི་བཞིན་གྱི་འོད་ནི་མིའི་བཞིན་གྱི་རྫས་ལས་སྐྱེས་པས་རྫས་རྒྱུན་མེད་པ་ག་ལ་ཡིན། རི་དང་བྲག་རི་དང་སྐྱེས་ཤིང་ནགས་ཚལ་དང་། ཁང་པ་ལ་སོགས་པའི་གཟུགས་ཅན་རགས་པ་རྣམས་ཀྱང་རང་རྩོམ་བྱེད་མཐར་ཐུག་ན། གཟུགས་རྡུལ་ཕྲ་བ་དང་ཆེས་ཕྲ་བའི་མཐར་རྡུལ་དེ་དག་ནི། རང་གི་རིགས་འདྲའི་ཆ་བསལ་བའི་རྡུལ་མཐར་ཐུག་པ་ལ་བཤད་ཅིང་། དེ་ཉིད་ཀྱང་མཐར་རྡུལ་སྔ་མ་སྔ་མའི་བརྒྱུད་ནས་འབྱུང་བས་ཐ་མ་དང་ཐོག་མའི་མཐའ་མེད་པ་ནི་ཚན་རིག་གི་གཞུང་ལས་ཀྱང་ཤིན་ཏུ་གསལ་བའི་ཕྱིར་རོ། །གཞན་ཡང་ཤིང་སྡོང་དང་ཁང་པ་ལ་སོགས་པ་གཡོ་བར་བྱེད་པའི་རླུང་འཚུབ་དྲག་པོ་དེ་ཡང་། རང་རྩོམ་བྱེད་དམ་རྫས་རྒྱུན་མཐར་ཐུག་ན་རླུང་གི་འབྱུང་བ་ཕྲ་མོ་ལ་ཐུག་པས་རྫས་རྒྱུན་མེད་པར་མི་འགྱུར་ལ། རླུང་གི་མཐར་རྡུལ་དེ་ཡང་ཆ་ཕྱེས་ནས་དུམ་བུར་ཆད་པ་མི་སྲིད་པས་དེ་ལྟ་བུ་ལ་རིགས་འདྲའི་རྒྱུན་ཡང་མི་ཆད་པས་ཐོག་མ་མེད་པ་དང་། འབྱུང་རྡུལ་གཞན་རྣམས་ཀྱང་དེ་བཞིན་ནོ། །སེམས་གསལ་རིག་གི་རིགས་རྒྱུན་ལ་བརྟག་ནའང་། སེམས་གསལ་རིག་གི་རྒྱུན་རགས་པ་རྣམས་ཀྱང་རང་རྩོམ་བྱེད་མཐར་གཏུགས་ན་གསལ་རིག་ཆེས་ཕྲ་བ་ལ་ཐུག་ཅིང་། དེ་ནི་གསལ་རིག་གི་རྫས་ཁོ་ན་ལ་ཐུག་པས་དེའི་རྫས་རྒྱུན་ཡང་ཐོག་མ་དང་མཐའ་མ་མེད་དེ། དྭངས་ཤིང་གསལ་བའི་བར་སྣང་སྟོང་སངས་ཀྱི་རྫས་རྒྱུན་བཞིན་ནོ། །བེམ་རྡུལ་རགས་པ་ཡང་རང་དང་རིགས་འདྲ་ངེས་པར་སྔོན་དུ་འགྲོ་མི་དགོས་པ་ནི། རྫ་བུམ་ལ་རྫ་བུམ་སྔོན་དུ་འགྲོ་མི་དགོས་ཀྱང་རང་རྩོམ་བྱེད་འཇིམ་པའི་གོང་བུ་དང་དེ་མཐར་གཏུགས་ན་ས་རྡུལ་ཕྲ་མོ་ལ་ཐུག་ཅིང་། དེ་ཉིད་ནི་ཐོག་མ་མེད་པར་རྫས་རྒྱུན་མི་ཆད་པར་འབྱུང་བ་བཞིན་ནོ། །དེ་ལྟ་བུའི་བེམ་རྡུལ་ཕྲ་རགས་གང་གིས་ཀྱང་སེམས་གསལ་རིག་དངོས་སུ་སྐྱེ་བའི་བདག་རྐྱེན་ཁྱད་པར་ཅན་དང་ངོ་བོ་གཅིག་པའི་རྟེན་བྱེད་པ་མེད་ཀྱང་ལུས་སེམས་གཉིས་དངོས་རྒྱུའི་ཚོགས་པ་གཅིག་ལ་བརྟེན་པའི་ལྷན་ཅིག་ཏུ་གནས་པ་ནི་ཡོད་དོ། །རྣམ་འགྲེལ་དེ་ཉིད་དུ། རྒྱུ་གཅིག་ཕྱིར་ན་ལྷན་ཅིག་གནས། །དབང་བཞིན་གཟུགས་དང་རོ་བཞིན་ནོ། །ཞེས་གསུངས་པ་ལྟར། བུ་རམ་གྱི་རོ་དང་བུར་གཟུགས་ངོ་བོ་ཐ་དད་ཀྱང་དངོས་རྒྱུའི་ཚོགས་པ་གཅིག་ལས་ལྷན་ཅིག་ཏུ་གནས་པ་བཞིན་ནོ། །འོན་ཀྱང་བེམ་རྡུལ་མིན་པའི་གཟུགས་ཕྲ་བ་དང་ཆེས་ཕྲ་བ་གང་ཞིག་སེམས་གསལ་རིག་གི་དངོས་ཀྱི་བདག་རྐྱེན་དང་། ངོ་བོ་གཅིག་པའི་རྟེན་བྱེད་པ་ཡོད་ཀྱང་ངོ་བོ་སྐྱེད་བྱེད་དམ་ཉེར་ལེན་བྱེད་པ་ནི་མི་སྲིད་དོ། །དཔེར་ན་འབྱུང་བཞིའི་རྡུལ་ཕྲན་རྣམས་ཀྱང་ཕན་ཚུན་ངོ་བོར་སྐྱེད་པའམ་རིགས་མཐུན་པའི་རྒྱུ་བྱེད་པ་མི་སྲིད་པ་བཞིན་ནོ། །འདི་འོག་ནས་ཀྱང་འཆད་པར་འགྱུར་རོ། །ཡང་བུ་མོ་ཚེ་རིང་དང་སྒྲོལ་མ་ལྟ་བུར་མཚོན་ན་དེ་གཉིས་ཐུག་ཕྲད་བྱུང་བ་ལ་དེའི་སྔོན་དུ་དེ་གཉིས་ཐུག་ཕྲད་སྔོན་དུ་འགྲོ་མི་དགོས་པ་བཞིན་ནོ་ཞེས་ཟེར་བའང་། ཕྱོགས་སྔ་མའི་དམ་བཅའ་མེད་པའི་རྩོད་པ་འབའ་ཞིག་ཡིན་ཏེ། དེ་ལྟ་བུའི་བྱ་བ་རགས་པ་ལ་བྱ་བ་རགས་པ་སྔོན་དུ་འགྲོ་དགོས་པ་སུས་ཀྱང་མ་བཤད་པའི་ཕྱིར་རོ། །དོན་ཐོག་ཏུ་སྦྱར་ནའང་དེ་གཉིས་སྐྱེ་བ་ལ་ཐོག་མ་མེད་པར་སྒྲུབ་བཞིན་པའི་སྐབས་ཡིན་པས་དེ་གཉིས་སྔར་ཐུག་ཕྲད་བྱུང་མ་མྱོང་བ་མི་སྲིད་ཅེས་སྨྲ་ནའང་ལན་གྱིས་ལྡོག་པ་མི་ནུས་པའི་ཕྱིར་རོ། ། ཞེས་སྐབས་དོན་རེ་ཞིག་རྫོགས་སོ། ། འབྱུང་བ་ཀུན་སྲོག་ཆགས་སུ་ཐལ་མིན་གྱི་སྐོར་འགོད་ཐེངས་རྗེས་མར་གཟིགས་རོགས།
·རྩོམ་ཡིག་གོང་མ:ཞོ་སྟོན་དུས་ཆེན་ལ་ཕུལ་བ།
·རྩོམ་ཡིག་འོག་མ:མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་བསྔཊ་པ་ཁ་གསལ་དོན་ལྡན་མ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:34:25 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 3:05:20 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 4:56:02 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 53 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS