ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

གཞས་ཚིག ཞབས་བྲོ་འཁྲབ་ཡ།

རྩོམ་པ་པོ:ཁམས་རའི་འཕགས་དུངས།ཡོང་ཁུངས:ངེད་གཟིགས་གྲངས:1527ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/11/27 8:53:00ཚོགས་ཡར་སྤྲོད:admin

ཞབས་བྲོ་འཁྲབ་ཡ།

ཚིག  ཁམས་རའི་འཕགས་དུངས།

སེམས་ཀྱི་རོལ་ཆ་ལྡིར་ལྡིར་ལྡིར།
རྐང་བའི་དྲིལ་ཆུང་སིང་སིང་སིང༌།
གར་ཀྱི་སྟངས་སྟབས་ལྡེམ་ལྡེམ་ལྡེམ།
ཞབས་བྲོ་འཁྲབ་ཡ། ཞབས་བྲོ་འཁྲབ།
སེང་ཕྲུག་ནགས་ནས་མཆོངས་མཆོངས།
ཉ་མོ་མཚོ་ནས་འཁྱུག་འཁྱུག
ཤོག་ཡ། ཤོག་ཡ། ཞབས་བྲོ་འཁྲབ།
སེམས་སྤྲོ་བའི་ཁེངས་ནས་ཞབས་བྲོ་འཁྲབ།
བོད་ཆོལ་གསུམ་འཛོམས་པའི་འཛོམས་བྲོ་འཁྲབ།
ཞབས་བྲོ་འཁྲབ་ཡ། ཞབས་བྲོ་འཁྲབ།
སྟག་གཟིག་གངས་ནས་འགྱིང་འགྱིང༌།
ཉི་ཟླ་དགུང་ནས་ཤར་ཤར།
ཤོག་ཡ། ཤོག་ཡ། ཞབས་བྲོ་འཁྲབ།
ཕྲུག་ཚ་རུ་གྱོན་ནས་ཞབས་བྲོ་འཁྲབ།
བོད་ཟས་བཅུད་འཁོར་བའི་གཡང་བྲོ་འཁྲབ།

དགའ་བའི་གླུ་གཞས་ལྷང་ལྷང་ལྷང༌།
སྤྲོ་བའི་ང་རོ་ཟེད་ཟེད་ཟེད།
རྐང་གི་ལྷམ་སྒྲ་ཐྲིག་ཐྲིག་ཐྲིག
ཞབས་བྲོ་འཁྲབ་ཡ། ཞབས་བྲོ་འཁྲབ།
རྒོད་པོ་མཁའ་ནས་འཕུར་འཕུར།
རྟ་མཆོག་སྤང་ནས་རྒྱུགས་རྒྱུགས།
ཤོག་ཡ། ཤོག་ཡ། ཞབས་བྲོ་འཁྲབ།
ཐུགས་ལྷོད་ལ་བབས་ནས་ཞབས་བྲོ་འཁྲབ།
བོད་ཤེས་རིག་འཕེལ་བའི་ཞབས་བྲོ་འཁྲབ།
ཞབས་བྲོ་འཁྲབ་ཡ། ཞབས་བྲོ་འཁྲབ།
རྦབ་ཆུ་བྲག་ནས་འབབ་འབབ།
འབྲོང་གཡག་རྫ་ནས་ངུར་ངུར།
ཤོག་ཡ། ཤོག་ཡ། ཞབས་བྲོ་འཁྲབ།
བློ་རིག་པ་སྒྲིམ་ནས་ཞབས་བྲོ་འཁྲབ།
བོད་གླུ་གར་འཕེལ་བའི་ཞབས་བྲོ་འཁྲབ།

2011-11-19  དབུས་ལྷ་ལྡན་ནས་གྲོང་ནས་སྦྱར།

·རྩོམ་ཡིག་གོང་མ:ཁ་བ་རི་པའི་ཡུལ་ཁོར་འཚོ་བའི་དགེ་མཚན།
·རྩོམ་ཡིག་འོག་མ:གཞས་ཚིག ལྷ་སའི་གཏིང་ཀོང་ཆུ་མིག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 22:49:17 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 23:58:29 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 0:32:21 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS