ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

དུས་རབས་ཀྱི་རེ་འབོད།།

རྩོམ་པ་པོ:དྲི་མེད་རྒྱལ་མཚན། །ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1819ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/12/22 23:12:21ཚོགས་ཡར་སྤྲོད:admin
༄། །དུས་རབས་ཀྱི་རེ་འབོད།།

སློབ་དཔོན་དྲི་མེད་རྒྱལ་མཚན། །

བསྟན་འཛིན་རྟ་བདུན་དབང་པོས་ནུབ་རི་བརྒལ།།
བར་ཆད་བདུད་ཀྱི་སྨག་རུམ་མཐའ་ནས་འཁྲིགས།།
རྒྱལ་བསྟན་འདྲེན་བྱེད་ལམ་ནས་ཡལ་བའི་དུས།།
རེ་འབོད་ཡིད་ཀྱི་གདུང་བ་སུ་ལ་ཞུ།།

རྒྱལ་བསྟན་གང་གའི་ཆུ་ཀླུང་གཅིག་ཏུ་འབབ།།
གསར་རྙིང་འགྱུར་གྱིས་རི་ལུང་སོ་སོར་གྱེས།།
བཟང་ངན་བྱིས་པའི་ལོང་གཏམ་སྨྲ་བའི་དུས།།
རེ་འབོད་ཡིད་ཀྱི་གདུང་བ་སུ་ལ་ཞུ།།

རང་ཡུལ་བཙན་རྒྱལ་དར་མས་ཁ་ལོ་བསྒྱུར།།
བཙན་བྱོལ་ཕྱི་གླིང་ཡུལ་དུ་གཡོག་ལ་བྲེལ།།
རིགས་གཞུང་འཇའ་རིས་རྗེས་སུ་བསྙེགས་པའི་དུས།།
རེ་འབོད་ཡིད་ཀྱི་གདུང་བ་སུ་ལ་ཞུ།།

ཆིག་སྒྲིལ་རྡོ་རྗེའི་མདུད་པ་མཐའ་ནས་ཞིག།།
ཕྱོགས་རིས་སྡང་ཞེན་མེ་ལྕེ་སྐེད་ནས་འབར།།
གཞུང་སྤྱིའི་ཚིག་གི་མེ་ཏོག་བཀྲ་བའི་དུས།།
རེ་འབོད་ཡིད་ཀྱི་གདུང་བ་སུ་ལ་ཞུ།།

དགེ་ལེགས་བློ་ཡི་གོམ་པའི་འདེགས་འཇོག་འཆོར།།
མཁྱེན་རབ་ཀུན་བྱེད་རྒྱལ་པོ་རྨུག་པ་འགའ།།
གཞུང་ཞབས་རི་རྒྱལ་སྤོ་ལ་རྩེན་པའི་དུས།།
རེ་འབོད་ཡིད་ཀྱི་གདུང་བ་སུ་ལ་ཞུ།།

ཉོན་མོངས་ཆུ་ཁུར་བུ་མོས་ལྷ་ལམ་ཁེངས།།
འཐབ་རྩོད་གཟའ་རྒོད་དམར་པོ་མཁའ་ལ་རྒྱུ།།
ཞི་བདེ་ཟླ་བའི་བསིལ་ཟེར་སྒྲིབ་པའི་དུས།།
རེ་འབོད་ཡིད་ཀྱི་གདུང་བ་སུ་ལ་ཞུ།།

ཨ་སྒོར་དགའ་བའི་ཚལ་གྱིས་ཡིད་སེམས་བསླུས།།
ཕྱི་གླིང་ར་མིག་ཅན་ལ་གཏན་གྲོགས་བཟུང༌།།
ནགས་ཁྱིའི་ཚ་བོ་རིམ་བཞིན་སྟོང་པའི་དུས།།
རེ་འབོད་ཡིད་ཀྱི་གདུང་བ་སུ་ལ་ཞུ།།

རང་སྐད་སྐྱེ་གཟུགས་ལང་ཚོ་ནར་མ་སོན།།
ཧ་ལོའི་ཡུལ་སྐད་ཁྱོ་གའི་མདུན་མར་གཏམ།།
བོད་སྐད་བུ་མོའི་ཚེ་སྲོག་འགག་པའི་དུས།།
རེ་འབོད་ཡིད་ཀྱི་གདུང་བ་སུ་ལ་ཞུ།།
ཕྱི་ལོ་༢༠༠༥ ཟླ་བ་༧ ཚེས་༨ ཉིན་ལྷོ་ཕྱོགས་ཡུལ་གྲུར་བྲིས།
·རྩོམ་ཡིག་གོང་མ:དུས་འཁོར་རྩ་རྒྱུད་གསུང་ས་གནས་དུས་སོཊ་ཀྱི་འབྲེལ་ཡོད་རཊ་ཟིན།
·རྩོམ་ཡིག་འོག་མ:གཞས་ཚིག ཤར་གངས་རི་དཀར་པོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ལྷ་རིས་སྒྱུ་རྩལ་བ་ཚེ་རྡོ་ལགས་ ཀྱི་སྒྱུ་རྩལ་ལམ་བུ། 2016/3/7 18:33:29
·དབྱངས་ཅན་མའི་གཟིགས་སྣང་བསྟོད་པ་ཞེས་བྱ་བ། 2015/10/18 11:20:59
·གྲོགས་དྲན་གྱི་གདུང་དབྱངས། 2015/1/15 12:49:51
·གཡང་སྐྱིད་མ།༼དབྱངས་ཅན་མ། 2013/9/8 23:58:59
·ཀུན་དགའ་དོན་གྲུབ། རང་གཞན་ཀུན་ཕུང་། 2012/12/30 21:41:28
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 6:19:49 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 8:49:20 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 13:08:07 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 63 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS