ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

སྙན་ངག་ལ་རེ་བ།

རྩོམ་པ་པོ:བོང་སྟག་རི་ལུ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1770ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/12/28 16:39:13ཚོགས་ཡར་སྤྲོད:admin
སྙན་ངག་ལ་རེ་བ།

བོང་སྟག་རི་ལུ།

བོད་ཀྱི་དེང་རབས་སྙན་ངག་དཔེ་ཚོགས་༼ང་ལ་གསེར་སྒ་བསྟད་ཡོད་༽ལས་དྲངས།

མ་རྒས་ཀྱང་ཐོད་པར་རྒས་གཉེར་རེ་ཆགས་ཀྱང༌།།
མ་བསླབ་ཀྱང་རྩོམ་ལ་ཐོགས་པ་ཞིག་མེད་པས།།
མ་བཟང་གི་བུ་ཞིག་བཙལ་དགོས་རེ་བྱུང་ན།།
མིག་གཞན་ལ་མ་གཡེང་འདི་ག་རུ་ལྟོས་ཤིག།

མ་བཟང་བོའི་རྒྱུད་ལ་སྐྱེས་པ་ཡི་ཕྱི་ཉིན།།
ཕ་བཟང་བོའི་ཆང་གི་དམ་བེ་ལ་བརྗེས་ཀྱང༌།།
བུ་བཟང་བོ་ལང་ཚོ་རྒྱས་པ་ཡི་གོ་རིམ།།
གཏམ་བཟང་བོས་གླེང་ན་སྐྱོ་སྐྱོ་ཞིག་འདུག་ཨང༌།།

རི་ཁ་བ་ཅན་གྱི་ལས་དབང་དེ་བསམ་ནས།།
ལོ་གསར་བ་བསླེབས་ཀྱང་སྔུག་སྣང་ཞིག་འདུག་པ།།
བོང་སྟག་ལ་འཁྲུལ་བའི་སྡེ་བ་འདིའི་གྲལ་ན།།
ང་རི་ལུ་མ་གཏོགས་ཡོད་རེ་ཙམ་དཀོན་ནོ།།

ཕ་ཨ་ཁུས་ལ་རྒྱ་བསླབ་པ་དེ་མིན་ལ།།
གྲོགས་གྲོགས་མོས་རྟིང་སྐུལ་བྱས་པ་དེ་མིན་ཡང༌།།
ཤ་རུས་པར་ཟུག་པའི་ན་ཟུག་གི་ནད་ཅིག །
ངའི་འབྱུང་བཞིའི་ཁམས་ལ་དབྱེར་མེད་དུ་འཐིམ་འདུག །

ངའི་ལུས་ངག་ཡིད་གསུམ་སྒོར་མོ་ཡིས་བཀང་ནས།།
ངའི་ཤ་རུས་ཁྲག་གསུམ་སྒོར་མོ་ཡིས་མནན་ཡང༌།།
ངས་ཆོལ་ཁ་གསུམ་གྱི་འཚོ་གནས་དེ་བསམ་ན།།
ངའི་གློ་སྙིང་མཆིན་གསུམ་དབང་མེད་དུ་འགུལ་ཡོང༌།།

ང་སྐྱེས་པ་བོད་ཀྱི་ལུང་བ་ནས་སྐྱེས་སོང།།
ང་སོང་བ་རྒྱ་མཚོ་ཆེན་པོའི་ཁར་ཐོན་སོང༌།།
ངས་མཐོང་བ་མུ་མེད་བྱང་ཐང་དེ་ཡིན་སོང་།།
ང་སྔུག་པ་བོད་ཀྱི་ལུང་བ་ནས་སྔུག་སོང༌།།

རི་མཐོན་པོ་རེ་ལ་ཕ་འདང་ཞིག་བཞག་ཡོད།།
ཆུ་གཙང་མོ་རེ་ལ་མ་འདང་ཞིག་བཞག་ཡོད།།
སྤང་མེ་ཏོག་རེ་ལ་སྤུན་འདང་ཞིག་བཞག་ཡོད།།
ང་གང་ལ་བསླེབས་ཀྱང་ཡུལ་འདང་ཞིག་ཡོད་དོ།།

ཁས་ཉག་ག་རེ་ལ་རྡེའུ་འབུམ་རེ་སྤུངས་དོན།།
སྤང་བདེ་མོ་རེ་ལ་སྦྲ་ནག་རེ་ཕུབ་དོན།།
ལུག་གཡང་དཀར་འཚོ་བཞིན་གླུ་ཆུང་རེ་ལེན་དོན།།
དབུགས་རྟ་རྔ་ཡོད་པའི་རྟགས་མཚན་ཙམ་ཡིན་ནོ།།

ངས་ནམ་རྒྱུན་གངས་རིའི་རྩེ་མོ་ལ་བལྟས་ཡོད།།
སེང་གཡུ་རལ་ཅན་གྱི་གཟུགས་བརྙན་ལ་སྒུག་ཡོད།།
ངས་ནམ་རྒྱུན་ལྕགས་སྨྱུག་ཟད་པོ་འདི་བཟུང་ཡོད།།
སེམས་བསམ་པའི་གཏིང་གི་སྙན་ངག་ལ་རེ་ཡོད།།

20O9.  2.  16

·རྩོམ་ཡིག་གོང་མ:སྙིང་གྲོགས་མ་ཧཱ་སུ་ཁ་ལ་གདམས་པ་
·རྩོམ་ཡིག་འོག་མ:སྙན་ངག་རྐང་བདུན་མ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 18:51:08 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 0:01:33 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 11:56:57 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 40 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS