ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

ས་དམར་གྲགས་པའི་ཚིཊ་བཅད་སྙན་ངག་བདམས་བཀོད།

རྩོམ་པ་པོ:ས་དམར་གྲགས་པ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2006ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/12/29 23:34:55ཚོགས་ཡར་སྤྲོད:admin
ས་དམར་གྲགས་པའི་ཚིག་བཅད་སྙན་ངག་བདམས་བཀོད།

རྨ་ཁའི་ནང་གི་སྐད་ཆ།

ས་དམར་གྲགས་པ།

དུས་ཚོད་མདུན་དུ་རྒྱུགས་པའི་ས་འོག་ལམ་ཆེན།།
མུན་པའི་སྐར་མའི་ཚོགས་ཀྱི་མཐའ་ལ་སྐོར་འདུག།
སྡུག་གི་ན་ཟུག་ཡོད་པའི་སེམས་པའི་རྨ་ཁ།།
རི་བོ་ཚེར་མས་གཡོགས་པའི་གཏམ་རྒྱུད་འཁྱིལ་བྱུང་།།
དྲན་པའི་མེ་ལོང་ངོགས་སུ་བཞད་པའི་མེ་ཏོག།
ཆུ་ཤེལ་ཟླ་བ་དཀར་པོའི་མིག་གིས་མ་ཟིན།།
སྨན་ཆུ་གྲང་མོའི་ནང་གི་སེམས་པ་ཕྲ་མོ།།
དཀར་ནག་གཉིས་ཀྱི་བར་ནས་སྡོད་དགོས་བྱུང་སོང་།།
བྱ་སྤུ་རླུང་གིས་འཁུར་འདྲའི་གྲོགས་པོ་འགའ་ཞིག།
མི་འདོད་དྲན་པའི་ངོགས་སུ་ག་ལེར་འཆར་ཡོང་།།
ཁ་པར་གཉིད་དུ་ཤོར་བའི་མུན་ནག་སྒམ་ཆུང་།།
འདམ་ཆུ་འཁྱག་པས་སྒྲིབ་ཏེ་གྲང་རླུང་ལྡང་གི།

རྨི་ལམ་ནང་དུ་འདྲེས་པའི་ཕྱི་མིག་མདའ་མོ།།
ཁ་བའི་མེ་ཏོག་བཞིན་དུ་ཉི་མས་ཟོས་སོང་།།
དྲན་སྣང་དགུ་བརྩེགས་བར་གྱི་ཤོག་ལེབ་དཀར་པོ།།
ལྷ་བྱ་དཀར་པོ་ཞིག་གི་མིག་ལས་བབས་བྱུང་།།

དྲིལ་བརྡ་སྣ་ཚོགས་ཤིག་གི་འཁུན་སྒྲ་སུན་པོ།།
གསེར་ཏོག་རྫུན་མ་ཞིག་གི་རྣམ་ཤེར་གྱུར་སོང་།།
མི་འདོད་ལས་ཀྱིས་བྲིས་པའི་ཐོད་པའི་རི་མོ།།
ཁ་དོག་ཁྲ་ཁྲ་ཤིག་གི་བར་ནས་འབུས་བྱུང་།།

ཆར་བ་མེད་ས་ཞིག་ནས་ཆར་བ་དྲན་བ།།
ཁ་བ་བབས་པའི་ལོ་ཟླར་སྐྲག་པས་ཡིན་འདྲ།།
རྐང་རྗེས་ཆེན་པོ་མེད་པའི་ཚེ་སྲོག་ཆུང་ཆུང་།།
རྨ་ཁ་ཆུང་ཆུང་ཞིག་གི་ཁྲིམས་ནས་མ་ཐར།།

དུས་ཚོད་ཐུང་ཐུང་ཞིག་གི་འགུལ་སྐྱོད་མེད་པ།།
མི་ཚེ་རིང་པོ་ཞིག་གི་ལམ་ཡིག་ཡིན་འདྲ།།
སྤྲིན་པ་ནག་པོ་འཁོར་བའི་སྲིད་ཀྱི་ནམ་མཁའ།།
མིག་གི་ཞིང་སར་བཞད་པའི་ཚེར་མའི་མེ་ཏོག།

གང་འདོད་མ་ཡིན་སེམས་ཀྱི་མཆི་མའི་རིལ་བུ།།
དོན་མེད་མ་ཡིན་ལུས་ངག་ཡིད་ཀྱིས་ཤོར་སོང་།།
འཕུར་ལ་ཉེ་བའི་མུན་པའི་འོད་ཀྱི་གཤོག་པ།།
གསང་བ་མེད་པར་ཁྱེད་ཀྱི་ཕྱོགས་སུ་འཐོར་སོང་།།

༢༠༡༡ལོའི་ཟླ༡༢པའི་ཚེས༢༨ཉིན་དབུས་ལྷ་ལྡན་གྲོང་གི་བོད་ལྗོངས་སྨན་རྩིས་ཁང་དུ་གྲུབ།

པོ་ཏ་ལར་སྐྱོད་པ།

ཁ་རོག་སྡོད་པའི་སྒེའུ་ཁུང་ནང་དུ་དྲན་པའི་མདའ་མོ་ལྷོད་ཀྱིས་འཛུལ།།
ཆུང་མར་སྒོམ་པའི་བརྩེ་བའི་གཏམ་བརྗོད་སྙིང་གི་བར་ནས་དགུང་ལ་ལྡིང་།།
ལྷོག་ལྷོག་འཕྱོ་བའི་དུ་བ་དཀར་པོས་མཐོན་པོའི་དབྱིངས་ནས་བྲོ་གར་འཁྲབ།།
ཁོ་མོས་ཤོར་བའི་སྤྲིན་གྱི་མཆི་མ་ས་འཛིན་བྲང་ན་སྡུག་གིས་བཞུར།།

འགྲོ་བར་མི་འདོད་བཙན་གྱིས་གོམ་ཁ་མདུན་གྱི་རི་བོའི་སྙིང་ལ་སྤོས།།
རླུང་གིས་ཕྱགས་པའི་རྡོ་རིང་ཡི་གེ་རྐང་རྗེས་བར་ན་གཉིད་ཀྱིས་མྱོས།།
བཙན་པོས་བཞག་པའི་མདའ་དང་མདུང་གི་རྩེ་མོར་ཆོས་ཀྱི་བདེ་བ་ཞུགས།།
རི་བོ་སྦྲེལ་བའི་ལྕགས་ཐག་ནག་པོས་ས་རོའི་བར་ནས་ཨག་སྐད་རྒྱག།

སྙན་ངག་པ་དེའི་རྨི་ལམ་ནག་པོའི་ན་བུན་སྐྱུར་མོ་ཤུགས་ཀྱིས་འཕག།
རྔུལ་ཆུ་བཞུར་བའི་རྡོ་ལམ་རིང་མོ་དྲན་པའི་ཡུལ་དུ་བཙན་གྱིས་མཆོངས།།
སྟོང་བཙན་རྒྱུད་པས་བཞག་པའི་དམག་རྟའི་ཀུ་སྒྲ་རྣ་བའི་གཞོང་དུ་ལྷུང་།
བཙན་པོ་མགོ་གཉིས་མགོ་གཅིག་ཡིན་པའི་ལྡེབས་རིས་གསལ་བོ་མིག་ལ་མངོན།།

སྐུད་པར་བརྒྱུས་པའི་ཕྲེང་རྡོག་མང་པོ་སྲིད་པའི་ཁམས་ན་ཁྭ་ཏས་ཟ།།
མཚོ་ལ་འཆར་བའི་ཕོ་བྲང་དཀར་དམར་རི་བོའི་རྩེ་ན་གྲང་སྟེ་འདར།།
ལོ་མར་བྲིས་པའི་དམ་བཅའ་སྣ་ཚོགས་འདམ་ལ་ལྷུང་སྟེ་ཨ་མ་འབོད།།
རུམ་དུ་བླུགས་པའི་ལོ་དང་ཟླ་བས་མི་བཟོད་ངག་ནས་གདུང་འབོད་བྱེད།།

སྐྲ་ལོ་འཐོར་བའི་མ་སྐྱེས་ཨ་མས་བུ་ཆུང་འབོད་པའི་ངུ་སྐད་སྒྲོགས།།
ཆུ་ལ་འདྲེས་པའི་ལོ་རྒྱུས་ཐག་སྣེ་མདུན་གྱི་རྡོ་རིང་ཆགས་ཏེ་ལྟ།།
ཐང་སྟོང་རྒྱལ་བོས་ཚ་གདུག་ཀློང་ན་ལོ་ངོ་སྟོང་གི་ཟམ་ཆེན་བཟོ།།
དུག་དྲི་བྲོ་བའི་སྨན་ཡིག་སྣ་ཚོགས་སྐྱི་བསེར་རླུང་གིས་ཕྱོགས་བཞིར་སྤུར།།

གཉིད་དུ་ཤོར་བའི་པོ་ཏ་ལ་ཡིས་ནད་རྙིང་འགོ་བའི་མི་ཚོགས་སྒོམ།།
མཆོད་ཀོང་སྲུང་བའི་བཙུན་པ་དག་གིས་ལྷ་སྐུའི་མདོང་གི་རྔུལ་ཆུ་ཕྱི།།
གཏན་གྲོགས་མེད་པའི་ཡུ་མོ་ཁེར་འགྲོས་ཆུང་གྲོགས་དྲན་པའི་སྙན་ངག་འབྲི།།
ཕྱི་ཐག་རིང་བའི་ཚངས་དབྱངས་རྒྱ་མཚོས་ངུར་སྨྲིག་བཞག་ཏེ་རི་ལ་ཕེབས།།

བླ་མ་མཐོང་བའི་བཙོན་ཁང་ནང་ན་ཨ་མདོའི་དགེ་ཆོས་ཆང་གིས་བཟི།།
ཕྱི་ནང་མཐོང་བའི་ལུང་ཤར་གསར་བུས་མིག་འབྲས་དགོས་ཞེས་ཨག་སྐད་རྒྱག།
ས་རྡོ་འཁུར་བའི་སྐྱ་སེར་ཕོ་མོས་ལོ་རྒྱུས་རིང་པོའི་བུ་ལོན་འདེད།།
སྙན་ངག་པ་ཡིས་མ་བཟོད་སྙིང་གི་སྙན་ངག་ཐར་ཐོར་འདི་ནས་ཤོར།།

༢༠༡༡ལོའི་ཟླ༢པའི་ཚེས༥ཉིན་ལྷ་ས་རུ་བྲིས།

རླུང་གིས་ཁུར་བའི་ན་ཟུག

རྩྭ་ལོ་རླུང་གིས་ཁུར་བའི་དུས་ཚིགས་ཤིག་ཏུ།།
ཁ་བ་སེམས་ལ་བབས་སོང་བདག་གི་ཆུང་འདྲིས།།
གཟུགས་གཞི་རླུང་གིས་འཁུར་ནས་གང་དུ་ཆས་ཀྱང་།།
ཟླ་འོད་མེད་ས་ཞིག་ནས་ཁྱོད་རང་སྒུག་ཆོག།

དྲན་བ་ཆང་གིས་བཟི་བའི་སྙན་ངག་ཐར་ཐོར།།
མ་བྲིས་ཡུན་རིང་ཆས་པའི་ཉི་མ་དེ་རིང་།།
བདག་མེད་སེམས་ཀྱི་ཡི་གེ་གོས་སུ་གྱོན་དུས།།
རྗེས་མེད་ཁྱོད་ཀྱི་ལུས་པོ་མིག་གིས་མ་མཐོང་།།

དོན་མེད་གསེར་གྱི་གདུ་བུ་ལག་ལ་བཞག་ཏེ།།
འབྲས་མེད་བརྩེ་བའི་མེ་ཏོག་བཞད་པར་སྨོན་ཡང་།།
མེ་ལོང་ཆག་པོའི་ནང་གི་ཚེར་མའི་མེ་ཏོག།
མཆོད་རྟེན་ནག་པོ་ཞིག་གི་འོག་ན་ལུས་འདུག།

མཆི་མ་འཁྱག་པ་ཞིག་གི་མཛེས་པའི་ཁྲོད་དུ།།
ལས་དབང་བརྩེ་བས་མ་ཟིན་ཕྱི་རུ་ཤོར་སོང་།།
བདེན་པ་རང་ལ་དབང་བའི་རིག་པ་ཞིག་གིས།།
ལས་ཀྱི་རི་མོ་གསལ་བོ་མེད་པ་མཐོང་བྱུང་།།

དཔྱིད་ཀའི་མེ་ཏོག་བཞད་པའི་ལྡེབས་རིས་ཤིག་ཏུ།།
ཕྱིར་དྲན་རབ་རིབ་ཅིག་གི་གཙང་བོ་བཞུར་བྱུང་།།
སེམས་པ་གཉིས་སུ་དབྱེ་བའི་བར་སྟོང་འདི་རུ།།
ན་ཟུག་སྣུམ་ཀྱིས་བསྲེགས་ཀྱང་དྲན་བས་མ་ཚོར།།

ཤོག་སྐྱ་སྟོང་པ་ཞིག་གི་རྨི་ལམ་ཁྲོད་ན།།
གར་དུ་རོལ་བའི་ཡི་གེ་ག་ཚོད་ཡོད་དམ།།
དུས་ཚོད་བདག་མེད་ཅིག་གི་ཕྱི་མིག་ཁྲོད་དུ།།
ཚོར་བ་སྔོན་པོ་ཞིག་གི་སྒྱུ་སྐུད་ཆད་ཐལ།།

༢༠༡༡ལོའི་ཟླ༡༠ཚེས༢༡ཉིན་དབུས་ལྷ་ལྡན་གྲོང་དུ་བྲིས།

སྙན་ངག་རྐང་ཆག་མ།

འཁྲུལ་མེད་ལམ་གྱི་བདེན་པ་བོར་བའི་ཐང་ཆེན་དུ།།
རེ་ཐག་ཆད་པའི་ལས་ཀྱི་གྲངས་ཀ་འབྲི་མི་ནུས།།
མི་ཚོགས་དཀྱིལ་ན་མགོ་བོ་མཐོ་བའི་དབང་ཆེན་འགས།།
འདོད་པའི་དོན་དུ་ཁ་དོག་སྣ་ལྔ་འབོར་ལ་ཉེ།།

མཆི་མ་མེད་པའི་རྨི་ལམ་ནང་ནས་ཕྱིར་བལྟས་ཀྱང་།།
རེ་བ་འབུས་པའི་མེ་ཏོག་དག་ནི་ཉི་མས་སྐམ།།
ཆང་གིས་བཟི་བའི་བྱིའུ་ཆུང་འཇོལ་མོའི་མལ་ཚང་དུ།།
དོན་མེད་མགྲོན་པོ་དག་ནི་ཉིན་རེ་བཞིན་དུ་མང་།།

ལས་ཀྱིས་བསྐོས་པའི་གནམ་གྱི་རྒྱལ་མོའི་ལག་བར་ན།།
བྱ་སྒྲོ་ཐོར་བའི་ཐང་དཀར་རྒོད་པོ་ཤུགས་ཀྱིས་འཕུར།།
གཤོག་པ་མེད་པའི་རིག་པའི་བང་རྩལ་འགྲན་པ་ན།།
ཚེར་མའི་ནང་དུ་རྐང་རྗེན་རྒྱུགས་པའི་དཔའ་བོ་མཚར།།

སྒྲུབ་ཁང་ནང་ནས་འཇིག་རྟེན་བཤད་པའི་དུས་ཚིགས་ནི།།
རེ་ཞིག་རྫོགས་པས་ཤི་མེད་བེམ་པོའི་སྐད་འགགས་འདུག།
རིག་པའི་རྩལ་གྱིས་ལྕགས་ཀྱི་ཁང་པའི་སྒོ་གཏོར་དུས།།
བདག་མེད་ཝ་མོའི་མུན་པའི་ཁྲོད་ནས་གླུ་དབྱངས་ལེན།།

ཤིང་ལོ་ལྷུང་ངའི་ཤག་སྒྲའི་བར་གྱི་བརྩེ་བ་ཡིས།།
མི་བསླུ་བ་ནི་དཀོན་མཆོག་མིན་ཏེ་རང་ཡིན་ཟེར།།
བདེན་པར་འབད་པའི་བྱ་གླག་བཙན་གྱིས་འཕུར་ན་ཡང་།།
རླུང་གི་དྲ་བ་གཅོད་པའི་རལ་གྲི་སུ་ལ་ཡོད།།

དུར་ཁྲོད་ཚལ་གྱི་ཐལ་རོས་བྲིས་པའི་ཡི་གེ་དག།
མེ་ལོང་ངོགས་ཀྱི་གཟུགས་གཞི་དེ་ནི་མིན་ན་ཡང་།།
ཐ་མག་སེམས་ཀྱིས་བརྔུབས་པའི་ན་ཟུག་འཁྱག་པ་དེ།།
དྲན་པ་མ་ཐོར་གོང་གི་ཚོར་བ་ཅི་ལ་མིན།།

ཆར་བ་ཤུགས་ཀྱིས་བབས་པའི་དུས་འདི་འགྱུར་སྲིད་ན།།
མེ་ཏོག་འདི་དག་དུས་ནི་ངེས་མེད་བཞད་འདུག་གམ།།
ཕ་ཡུལ་འདི་ནི་ཚ་གྲང་གཉིས་ཀྱི་གཞི་ཡིན་པས།།
འབྱུང་བ་བཙན་པོ་གང་གིས་ཁྲིད་ནས་ཕྱིར་ལོག་གམ།།

ཤེལ་ཁང་ནང་གི་གཏོར་མའི་མཛེས་པ་ཤོར་པའི་ཚེ།།
མཆོད་པ་མེད་པའི་ལྷ་སྐུ་དག་ནི་གང་དུ་བཤམས།།
ལོ་རྒྱུས་ནང་གི་ཨ་མ་རྒམ་མོའི་གཡུ་ཕྲེང་དེ།།
མི་ཆེན་སུ་ཡི་ཁྱིམ་གྱི་ཆུང་མའི་སྐེ་རྒྱན་ཡིན།།

བརྩེ་བ་མེད་པའི་ཐ་སྙད་སྐམ་པོའི་མི་ཚོགས་ཁྲོད།།
རུས་པ་རུལ་བའི་དྲི་མ་སྐྱུར་མོ་ཕྱོགས་བཞིར་ཁྱབ།།
ས་རོ་ཁུར་བའི་རླུང་གི་ལྡིང་ཁང་དམར་པོ་རུ།།
སྒོ་ཁྱི་མེད་པའི་ལས་ཀྱི་སྦྲ་ནག་སྟོང་པར་ལུས།།

རྡོ་བའི་སེམས་པ་གས་པའི་ཨག་སྐད་མེད་ན་ཡང་།།
མིག་ཆུ་ནག་པོ་བཞུར་བའི་གཏམ་རྒྱུད་གང་གིས་ཤོད།།
ཁ་བ་ས་ལ་བབས་པའི་དུས་ཚིགས་འདི་ཡི་ནང་།།
མེ་ཏོག་ནག་པོ་མི་བཞད་ཁས་ལེན་གང་གིས་ཐུབ།།

ཁྲུང་ཁྲུང་དཀར་མོ་མཚོ་དང་ཁ་ཐག་རིང་དུས་སུ།།
ང་དང་ཆུང་འདྲིས་བར་གྱི་གསང་བ་སུ་ལ་བརྗོད།།
ཆང་རག་ཧུབ་ཀྱིས་བཏུང་བའི་བདག་སེམས་ཁྲོ་བོ་འདི།།
ཉིན་ཞིག་ཆང་གིས་མི་བསླུ་ཡིད་ཆེས་སུ་ལ་བྱེད།།

༢༠༡༡ལོའི་ཟླ༩པའིཚེས༡༠ཉིན་དབུས་ལྷ་ལྡ་གྲོང་དུ་བྲིས་པའོ།།
·རྩོམ་ཡིག་གོང་མ:འཇའ་ལུས་ཆོས་སྐུ་འགྲུབ་པའི་སྨོན་ལམ།
·རྩོམ་ཡིག་འོག་མ:རིག་གནས་གསར་རྙིང་བར་གྱི་མཐུན་འཇུག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྙན་ངག་སྤྲིན་གྱི་ཕོ་ཉ།༼༥༡_༡༠༠ 2014/1/26 11:46:59
·སྙན་ངག་སྤྲིན་གྱི་ཕོ་ཉ།༼༡_༥༠ 2014/1/26 11:31:56
·སྙན་ངག་སྐོར་གྱི་གཏམ་གླེང་ཞིག 2013/6/1 10:25:34
·སྙན་ངག་སྤྲིན་གྱི་ཕོ་ཉ། 2012/7/30 15:47:55
·སྲིད་པས་ད་དུང་སྙན་ངག་འབྲིའམ་གླུ་དབྱངས་ལེན། 2012/6/28 15:13:58
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 2:12:35 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 3:49:54 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 6:02:27 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS