ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> ཞལ་འདོན།
རྩོམ་ཡིག་ཀློག་པ།

གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ།

རྩོམ་པ་པོ:བདག་ཉིད་ཆེན་པོ།ཡོང་ཁུངས:དྲ་ཐོགགཟིགས་གྲངས:3600ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/1/2 14:10:10ཚོགས་ཡར་སྤྲོད:admin
གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ།

དེ་ཡང་༢༠༡༢ ༡  ༤ཉིན་རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ནང་གི་སྟོན་པའི་སྐུ་བརྙན་ལ་གསེར་ཞལ་གཏོང་བ་དང་། ན་བཟའ་བརྗེ་བསྒྱུར། རིས་མེད་དགེ་འདུན་པ་སྟོང་ཕྲག་མང་པོས་འཛམ་གླིང་ཞི་བདེ་དང་། བསྟན་པ་དར་འཕེལ། འགྲོ་བ་བདེ་ཐབས། སྤྱི་མཐུན་བསོད་ནམས་གསོག་པ་སོགས་ཀྱི་སླད་དུ་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གནང་འཆར་ལགས་ན་ཨ་མདོའི་རྒྱལ་ཁམས་པས་སྟོན་པ་ཐུབ་པ་དབང་པོའི་སྐུ་བརྙན་གྱི་མདུན་ནས་ཤུགས་དྲག་གིས་སྨོན་ལམ་བཏབ་པའི་གསུང་བྱིན་ཅན་འདིའི་ཐོག་ནས་དུས་རྒྱུན་སྨོན་ལམ་རེ་བཏབ་ན་ཡག་པོ་མེད་འགྲོ།

གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ།

མཁྱེན་བརྩེ་ཡོན་ཏན་མཐར་ཐུག་ཀུན་རྫོགས་ཤིང་།།
པད་དཀར་ལྟར་བསྔགས་ཡིད་ཅན་ཀུན་གྱི་མགོན།།
རྟེན་འབྱུང་གཏམ་གྱིས་སྡུག་ཀུན་གཞིལ་མཛད་པའི།།
རྣམ་འདྲེན་ཤཱཀྱ་སེངྒེ་སྤྱི་བོས་མཆོད།།
ཁྱོད་བསྟན་བྱང་ནས་བྱང་དུ་དར་འགྱུར་ཞེས།།
ཇི་ལྟར་དཔལ་གྱི་མགུར་ནས་དབུགས་དབྱུང་ལྟར།།
ཁ་བའི་ལྗོངས་སུ་རྒྱལ་བསྟན་ཡོངས་ཁྱབ་སྟེ།།
འཛམ་གླིང་རྒྱན་དུ་གྱུར་བ་སྐལ་བ་བཟང་།།
དེ་ལྟ་ན་ཡང་དཀར་མིན་ལས་དབང་གིས།།
དེང་འདིར་རྒྱལ་བསྟན་ཉམས་ཤིང་སྣོད་བཅུད་ཀུན།།
སྡུག་ཟད་འཇིག་ཉེའི་ཉམ་ངའི་ངང་ཚུལ་འདི།།
བརྩེ་ཆེན་ཐུགས་རྗེས་སྐྱོབ་པའི་དུས་ལ་བབས།།
དེ་སླད་བདག་ཅག་གངས་ལྗོངས་ལྷ་མི་ཀུན།།
ལྷག་བསམ་དད་གདུང་དྲག་པོས་ཉེར་བཟླུམས་ཏེ།།
བདེ་གཤེགས་མཚན་བཟང་གཙུག་ཏོར་གསེར་སྦྱངས་ཏོག།
དྲང་སྲོང་སྣོད་མཆོག་ངུར་སྨིག་གོས་བཟང་བཅས།།
ཕུལ་བའི་ཚོགས་གཉིས་རྒྱ་ཆེན་གང་མཆིས་དང་།།
གཞན་ཡང་དུས་གསུམ་དང་འབྲེལ་དགེ་ཚོགས་ཀུན།།
ལྷར་བཅས་འགྲོ་བའི་ཕན་བདེ་འབྱུང་བའི་གནས།།
རྒྱལ་བསྟན་མི་ནུབ་ཡུན་དུ་གནས་ཕྱིར་བསྔོ།།
མཁའ་ཁྱབ་ལུས་ཅན་སྤྱི་དང་ཁྱད་པར་དུ།།
འཛམ་བུའི་སྒྲས་བསྟན་གླིང་འདིའི་སྐྱེ་འགྲོ་ཀུན།།
བྱམས་དང་སྙིང་རྗེའི་བསམ་སྦྱོར་གོང་འཕེལ་ནས།།
འཁྲུགས་རྩོད་གནོད་འཚེ་ནམ་ཡང་མི་འབྱུང་ཤོག།
དབུལ་ཕོངས་ཉམ་ཐག་བཙན་གནོན་མནར་གཅོད་དང་།།
སྣོད་ཀྱི་རྒུད་པས་ནད་ཡམས་འབྱུང་འཁྲུགས་སོགས།།
ཕྱི་ནང་འགལ་རྐྱེན་རྒུད་ཚོགས་ཀུན་ཞི་ནས།།
ཐམས་ཅད་དགའ་བདེའི་དཔལ་ལ་རྟག་རོལ་ཤོག།
རིས་སུ་མ་ཆད་ཕྱི་ནང་ཆོས་ཚུལ་ལ།།
ཞུགས་ཀུན་ཕན་ཚུན་གཉེན་གཤིན་འདུ་ཤེས་ཀྱིས།།
དག་སྣང་ནོར་བུའི་འོད་དང་མི་འབྲལ་བར།།
གཅིག་ཏུ་འགྲོ་ཕན་བྱ་བ་ལྷུར་ལེན་ཤོག།
ལྷག་པར་བསིལ་ལྡན་ལྗོངས་སུ་རྒྱལ་བའི་བསྟན།།
ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཞིང་།།
ཆོས་སྲིད་རང་དབང་བདེ་སྐྱིད་གསར་པ་ཡིས།།
བོད་འབངས་འཕྲལ་ཡུན་འདོད་དོན་མྱུར་འགྲུབ་ཤོག།
གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས།།
འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
ལྷག་བསམ་རྣམ་དཔྱོད་དཔུང་བ་རབ་བརྟན་ཅིང་།།
སྐྱེ་ཀུན་ཕྱག་ན་པདྨོས་རྗེས་གཟུང་ཤོག།
ཆོས་ཀྱི་ཞིང་དུ་ཆོས་མིན་ཉེས་སྤྱོད་ཚོགས།།
ཆོས་ཀྱིས་ཞི་ཞིང་ཆོས་སྲིད་ལེགས་ཚོགས་ཀུན།།
ཆོས་ལྡན་ཡིད་བསམ་ཆོས་བཞིན་མྱུར་འགྲུབ་སྟེ།།
ཆོས་ཀྱི་བདེན་པས་ཆོས་མིན་མཐར་བྱེད་ཤོག།
ཅེས་པ་འདི་ནི་ཤཱཀྱའི་དགེ་སྦྱོང་གིས་སྤྱི་སྒོས་བསྟན་འགྲོའི་ཆེད་དུ་དམིགས་ཏེ་གནས་ཆེན་རྡོ་རྗེ་གདན་གྱི་རྟེན་མཆོག་སྤྱན་སྔར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག
·རྩོམ་ཡིག་གོང་མ:བརྩེ་གླུ་མཁའ་སྤྱོད་རྗེས་དྲན།
·རྩོམ་ཡིག་འོག་མ:དུས་འཁོར་བླ་མའི་རྣལ་འབྱོར་བཞུགས་སོ།།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྤྲེལ་ལོ་སྤྲེལ་ཟླའི་སྨོན་ལམ་བཞུགས་སོ། 2016/8/13 9:09:14
·རྗེ་བཙུན་མི་ལ་རས་པར་གསོལ་བ་འདེབས་པ་ངོ་མཚར་སྙིང་པོ་ 2013/5/12 20:38:00
·ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་འཇིགས་པ་ཀུན་སེལ། ། 2012/10/31 10:19:36
·གུ་རུའི་གསོལ་འདེབས་ཕྱོགས་བཅུ་དུས་བཞི་མ། ། 2012/1/1 10:52:39
·འཕགས་པ་སྤྱན་རིས་གཟིཊ་ལ་གསོལ་འདེབས་བྱིན་རླབས་མྱུར་འཇུག 2011/12/4 21:26:58
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 2:01:35 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 3:36:35 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 5:43:24 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 816 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS