ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

ཕ་ཡུལ་གྱི་ངོ་གདོང་།

རྩོམ་པ་པོ:སྨ་ར།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2225ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/1/20 15:47:57ཚོགས་ཡར་སྤྲོད:admin
ཕ་ཡུལ་གྱི་ངོ་གདོང་།

སྨ་ར།  གོ་འཇོ།

སྨར་ཤོད་ཡུལ་ལྷའི་གཙོ་བོ་རྡོ་རྗེ་ངང་དཀར།

ལྷིང་ཞིང་འཇགས་པའི་རི་འདབས་ནས།
ཁ་ཆར་དང་གྲང་རླུང་འདྲེས་མའི་སློག་པ་གོན་ཏེ།
རྟ་ནོར་ལུག་གི་འབའ་སྐད་ཁྲོད།
རྫ་ལུང་དང་རི་སུལ་མང་པོ
ག་ལེར་རྡོག་སྣེ་ཡིས་འཇལ་དུས།
ངའི་ཕ་ཡུལ་གྱི་ཡུལ་མི་ཚོས
འཇམ་ཐིང་ཐིང་གི་ལུང་ཁུག་དེར།
ཁུ་སིམ་སིམ་གྱི་ངང་དུ་འཚོ་བ།
བདེ་སྐྱིད་ཀྱི་ཡང་རྩེ་རུ་སྒོམ།

ཉི་འོད་སྨུག་སྤྲིན་གྱི་ཀློང་ན་གཟིམ་དུས།
གྲང་ངར་དང་སྐྱོ་གདུང་འདྲེས་མའི།
ཁ་བ་ནག་པོ་དེ་ཡང་བསྐྱར་འབབ་འགོ་བརྩམས།
ངའི་ཕ་ཡུལ
ཁ་བའི་གསེང་ན་འདར་སིག་ཇི་ཙམ་ཤོར་ཡང༌།
ད་དུང་ཨུ་ཚུགས་ཀྱིས་འགྲེང་ནས་ལོ་ཟླ་ག་ཚོད་ཕྱིན།
ལྕི་འདམ་དང་ས་རྡུལ་ཁྲོད་ནས།
ངའི་ཕ་ཡུལ་གྱི་བཀྲག་མདངས་ཉམས་ཤིང༌།
ཡུལ་མི་ཚོའི་གདོང་ལ་རྒས་གཉེར་བརྩེགས།
ཐོབ་ཤོར་དང་ཕམ་རྒྱལ་མེད་པའི།
ནང་འཁྲུག་གི་མེ་དཔུང་ཀློང་ན
བདེ་སྐྱིད་དང་མདུན་ལམ་ཡོངས་རྫོགས་བསྲེག་གིན།
ཞི་བདེ་ལ་མཆིལ་ཞགས་འཕེན།
ཀྱག་ཀྱོག་ཆེ་བའི་ལམ་བུ་དེ་ནས།
ཁྱོད་ལ་ཉི་འོད་ཀྱི་དྲོད་ཐིགས་ཙམ་ཡང་མ་རྙེད་ཅིང༌།
དཀའ་སྔུག་དང་འཁང་ར་ཁོ་ནས།
ཞེ་སྡང་གི་མེ་ལྕེ།
ད་དུང་ཅུང་ཙམ་ཡང་ཆུང་མི་འདུག
ཆེས་རྙིང་པའི་འགྲོ་སྟངས་ལས་བརྒལ་མ་མྱོང་བའི།
ངའི་ཕ་ཡུལ་གྱི་ངོ་གདོང་མང་པོ་ཞིག
ཁ་བ་དང་གྲང་ངད་ཀྱི་ཁུད་དུ
གདོང་མདོག་གི་སྨུག་རྩི་ཡལ།
གང་ལྟར།
ལོ་རྒྱུས་ཀྱི་རླབས་སྒྲ་བྲག་ཅར་འཁོར་དུས།
སྔོན་ཆད་ནས་ཐོས་ལོབས་སུ་སོང་བའི།
འུག་པའི་ཧབ་ཆ་ལ།
སུན་སྣང་གི་སྐྲ་ལོ་ཅུང་ཞིག་འབེལ་བའི་ཁོར་ཡུག་འདིར།
ནོར་ལུག་གི་རྨིག་རྗེས་འཚོལ་བའི།
ངའི་སྙིང་ཉེ་ཚོས
དཀའ་སྡུག་དང་རྔུལ་ཆུའི་ཀློང་ནས
མི་ལོ་སྟོང་ཕྲག་གི་འདས་དོན་རུམ་ཟིན།
ལྟོས་དང་
རྒྱང་རིང་གི་རི་རྩེ་ན
བསང་དུད་དཀར་པོ་ཞིག
ལང་ལོང་དུ་གཡོ་བའི།
མཁའ་མཐའི་སྤྲིན་དཀར་ལེབ་མོ
ལྷོག་ལྷོག་ཏུ་འཕྱུར་བའི་བསང་དུད་ཀྱི་ཀློང་དུ་འདྲེས།
ཉོན་དང་
རི་འདབས་ཀྱི་ཆུ་མོའི་བཞུར་སྒྲ་ཧ་ཅང་སྙན།
གསེར་མིག་ཅན་གྱི་འཁྱུག་རྩལ།
ཆུ་མོའི་བཞུར་སྒྲ་དང་ལྷན་དུ།
ཅི་འདྲའི་མཛེས་སྔུག་ལྡན།
ཆུ་བོའི་ཕ་རོལ་གྱི་མི་ཚོགས།
ཁྱོད་ལ་བྲེལ་ཟིང་ཆེ་བ་སུ་ཞིག་གི་ཆེད
ཡང་སྙིང་ཁྱོད་ལ་དལ་ཁོམ་མེད་པ་གནས་ལུགས་རེད།
ཅི་ཞིག་གླེང་བའི།
ཆུ་བོའི་འགྲམ་ངོགས་ཀྱི་བྱེའུ་ཁྱུ
འུར་ཆིལ་ལེར།
དངོས་གནས་རེད
ཁྱོད་ནི་ཡོད་ཚད་ཀྱི་སྨྲ་ལྕེ་ཡིན།
འོན་ཀྱང་ངའི་ཁོར་ཡུག་འདིར
ཅི་འདྲའི་ལྷིང་འཇགས་ཤིག་དང་
ཅི་འདྲའི་སོས་དལ་ཞིག་མིན།
གཏན་ནས་མིན།
འདི་ནི་རྨོངས་འཁུམ་གྱི་མལ་ས་ནས།
སང་ཉིན་གྱི་ལམ་སྣེ་མ་མཐོང་བ་ལས།
ལྷིང་འཇགས་ཤིག་ག་ལ་ཡིན།
༢༠༠༩ལོའི་ཟླ་༩ཚེས༡༩ཉིན།
·རྩོམ་ཡིག་གོང་མ:དེང་རབས་བོད་ཀྱི་གླུ་གཞས་ཐད་མྱོང་བ་འགའ་བརྗོད་པ།
·རྩོམ་ཡིག་འོག་མ:འཕགས་མ་དབྱངས་ཅན་མའི་ཐུཊ་སྒྲུབ་ཀུན་མཁྱེན་ཡེ་ཤེས་ཕུང་པོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 6:25:51 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 8:57:38 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 13:19:37 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 48 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།37.11MS