༅། །སྙིང་གི་དུང་ཟླ་དཀར་པོ། །བདེ་ཆེན་གཡང་གི་རྒྱལ་མོ། །
ཨེ་མ་ཧོཿ
གནམ་ས་དྭངས་མའི་ཆུ་གཏེར་ཆེན་པོའི་དཀྱིལ། །
ཉ་གང་ཟླ་བའི་འོད་དཀར་ལས་འཁྲུངས་པའི། །
བདེ་ཆེན་གཡང་གི་རྒྱལ་མོ་ཆོས་ཀྱི་སྒྲོན། །
བདག་སྙིང་དྲན་པའི་མེ་ལོང་རྒྱུན་དུ་གསལ། །
མཛེས་མཛངས་འཛུམ་པའི་ཞལ་རས་བདག་ལ་གཟིགས། །
ཨེ་ཝྃ་ཕྱག་རྒྱའི་དངོས་གྲུབ་བདག་ལ་གནང་། །
གང་བསམ་ཡིད་བཞིན་སྒྲུབ་པའི་སྙིང་གྲོགས་མ། །
བདེ་ཆེན་གཡང་གི་བུ་མོར་སྙིང་ནས་གུས། །
སྐུ་མཆོག་མི་གཡོ་མཚན་དཔེ་རྟག་ཏུ་བརྟན། །
གསུང་དབྱངས་འགག་མེད་དམ་ཆོས་སྙིང་གཏམ་གསུང་། །
ཐུགས་བརྩེ་འགྱུར་མེད་བདེ་གཡང་རྡོ་རྗེའི་དཔལ། །
གསང་གསུམ་ཆོས་བདུན་རྒྱན་དུ་ནམ་ཡང་དྲན། །
ཤྲྰི་མ་ཧྰ་སུ་ཁ་བཛྲས་སོ། །
པར་དབང་སོགས་བདག་ལ་ཡོད་པས་དྲ་ཐག་གཞན་དུ་བེད་སྤྱོད་ཀྱི་དཔར་བཤུས་དང་དབང་མ་ཐོབ་བར་དུ་འགོད་མི་ཆོག་གོ །