ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔེ་ཀློག
རྩོམ་ཡིག་ཀློག་པ།

དཔེ་ཀློག་དང་བསམ་གཞིགས། ༡

རྩོམ་པ་པོ:མེ་དཔུང་།ཡོང་ཁུངས:དྲྭ་ཐོགགཟིགས་གྲངས:2227ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/12/15 17:18:54ཚོགས་ཡར་སྤྲོད:ངེད།
དཔེ་ཀློག་དང་བསམ་གཞིགས།
མེ་དཔུང་།
གསར་རྙིང་དང་རང་གཞན་གྱི་དཔེ་དེབ་མང་བོ་འདོད་ཧམ་གྱིས་བཀླགས་ནས་རང་ཉིད་ལ་ཤེས་ཡོན་གང་ཞིག་གི་བློ་སྐྱེད་འབྱུང་མིན་ལ་བརྩོན་པའི་མི་ཞིག་ལ་མཚོན་ནས་བཤད་ན། འདྲ་མིན་གྱི་དཔེ་དེབ་བཀླག་རྒྱུ་ནི་ཆེས་གལ་ཆེ་བ་ཞིག་ཏུ་འདོད།དེའི་ཕྱིར། ངས་བོད་ཁམས་དང་ཡང་ན། རྒྱལ་ཕྱི་ནང་གི་དཔེ་ཆ་སྟེ།རང་ཉིད་ཀྱི་ལག་ཏུ་འོངས་པ་མང་བོ་ཞིག་བཀླགས་མྱོང༌། དེ་དག་གི་ཁྲོད་ནས་དཔེ་དེབ་ལ་ལས་ང་ལ་བརྗེད་དུ་ཕངས་ཤིང༌། རིན་ཐང་བྲལ་བའི་བསམ་བློའི་བདོག་པ་མང་བོ་ཞིག་བསྩལ་མྱོང་ལ། ལ་ལས་ང་ལ་བསམ་གཞིག་གི་བར་སྟོང་ཆེན་པོ་ཞིག་བཀོད་སྒྲིག་བྱས་མྱོང༌། དེ་ལྟ་བུའི་བསམ་གཞིག་གི་ཁྲོད་ནས་ད་བཟོད་ངས་རང་ཉིད་ཀྱི་བསམ་བློའི་ནུས་པ་བཙོ་སྦྱངས་བྱས་པ་ཡིན། སྔོན་རབས་མཁས་པའི་ཁྲོད་ན་ཚུགས་ཐུབ་ཀྱི་བསམ་བློ་བ་ཞིག་ཏུ་འགྱུར་དགོས་ན་གཞན་པའི་བརྩམས་ཆོས་ལ་བལྟ་རྒྱུ་དེ་བཞག་ནས། རང་ཉིད་ཀྱིས་རྩེ་གཅིག་གིས་བསམ་གཞིག་གཏོང་དགོས་པར་བཞེད་མཁན་ཡང་ཡོད་ཚོད་འདུག་མོད། ང་ནི་དེ་ལྟ་མ་ཡིན་པར་གཞན་གྱི་བརྩམས་ཆོས་ལས་རང་ཉིད་ལ་བྲོ་ཁ་སྒྲིག་མཁན་ཞིག་ཡིན།གཞན་ཡང་མི་ལ་ལ་ནི་ཚེ་གང་བོར་རམ་ཡང་ན་དཔེ་ཆའི་འགྲམ་དུ་བཙུགས་པ་ལྟར་དཔེ་ཆ་ལ“ཅེར”བའི་གཏམ་རྒྱུད་འཆད་རྒྱུ་ཡོད་ཀྱང༌། ང་ནི་དེ་ལྟར་མ་ཡིན་པར་བལྟ་འདོད་ཡོད་དུས་ད་བཟོད་དཔེ་ཆ་རེ་བླངས་ནས་ལྟ་མཁན་ཞིག་ཡིན། ཡང་གཅིག་བཤད་ན་རྒྱུ་རྐྱེན་དེ་ཙམ་གྱི་དབང་གིས་ད་བཟོད་ངའི་དཔེ་ཀློག་གམ། ཤེས་ཡོན་གྱིས་བདག་གི་འདོད་བློ་སྐོང་མ་ཐུབ་པའང་ཡིན་ན་ཐང་མོད། གང་ལྟར་ངས་རང་ཉིད་ཀྱི་དཔེ་ཆར་ལྟ་སྟངས་དེ་སྒྱུར་མི་སྲིད། གལ་ཏེ་སྒྱུར་དགོས་པའི་དབང་དུ་བཏང་ནའང་སྒྱུར་མི་ཐུབ་པའང་སྲིད་ངེས། འདི་དག་ནི་རྩོམ་ཐུང་འདི་འབྲི་བའི་སྔོན་གླེང་ཙམ་དུ་བྱོས་ལ།  གཤམ་དུ་ཉེ་སྔོན་གསར་དུ་ཐོན་པའི་དཔེ་ཆ་འགའ་བཀླགས་པའི་མྱོང་ཚོར་ཐུང་ངུ་ཞིག་འབྲི་བར་འདོད་དོ།།
རྭ་རྫ་འཇམ་དབྱངས་སྐྱིད་ཀྱིཟ་མ་མོའི་སྐྱིད་སྡུག་གངས་མ་ཆརཞེས་པ་བཀླགས་པ།
སྤྱིའི་ཆ་ནས་བཤད་ན་བརྩམས་ཆོས་འདི་ནི་སྔོན་ཆད་བོད་ཡུལ་དུ་བྱུང་མ་མྱོང་བའི་བརྩམས་ཆོས་ལེགས་པོ་ཞིག་ཏུ་བགྲང་ཆོག རྩོམ་མཁན་བོད་ཀྱི་བུད་མེད་ཅིག་ཡིན་པའི་ཆ་ནས་དེ་བས་ཀྱང་བསྟོད་ཆོག་ཆོག་ཏུ་ཡོད་གི འདི་ནི་ངས་བརྩམས་ཆོས་འདིའི་སྤྱིའི་ཆ་ལ་བཟུང་བའི་རྣམ་འགྱུར་ཡིན་ལ་སེམས་གཏིང་ནས་ཕུལ་བའི་གདེང་འཇོག་ཀྱང་ཡིན། ཅིའི་ཕྱིར་འདི་ལྟ་བུའི་གདེང་འཇོག་ཅིག་བྱ་དགོས་སོང་ཟེར་ན། དེ་ཡང་བོད་ཁུལ་དུ་བུད་མེད་རྩོམ་པ་བོ་ཉུང་བ་དང་གཅིགསྙན་ངག་ཐན་ཐུན་རེ་འབྲི་མཁན་ཡོད་ཀྱང༌། འབོལ་རྩོམ་འབྲི་མཁན་ཉུང་བ་དང་གཉིས། འབོལ་རྩོམ་འབྲི་མཁན་འགའ་རེ་ཡོད་ཀྱང༌།  བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་བརྗོད་བྱར་བྱས་པའི་འབོལ་རྩོམ་འབྲི་མཁན་དེ་བས་ཀྱང་ཉུང་བ་དང་གསུམ། ད་དུང་བརྩམས་ཆོས་འདི་སྤྱིའི་ཆ་ནས་སྒྲུབ་བྱེད་དང་དཔེ་འཇོག  མཐོང་ཐོས་དང་མྱོང་རོལ་བཅས་ཀྱི“རྒྱན་ཆ”འཕྱོར་བོ་ཞིག་ཡོད་པ་བཅས་ཀྱིས་འདི་ལྟར་བཤད་དགོས་སོང༌། ཡིན་ཡང༌། འདིར་སེམས་གཏམ་ཞིག་གི་ཚུལ་གྱིས་ཅིས་ཀྱང་བརྗོད་འདོད་པ་ནི།   བོད་ལ་ཆ་ཚང་བའི་ཕོ་མོ་འདྲ་མཉམ་གྱི་མངོན་སྟངས་ཤིག་ཆགས་དགོས་ན།  མ་མཐར་ཡང་དུས་རབས་ཕྱེད་ཅིག་ལ་སྒུག་དགོས་འདུག  སྒུག་པ་ཁོ་ནས་མི་ཆོག་པར་དུས་རབས་ཕྱེད་ཀ(མ་མཐའ་བཟུང་བ་ཡིན)འི་རིང་ལ།  བོད་ཀྱི་བུད་མེད་རང་སྟེང་ནས་སློབ་གསོ་དང་ཉམས་མྱོང༌། ལྟ་རྒྱ་ཐོས་རྒྱ་བཅས་ཀྱི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་འབྱོར་དུ་འཇུག་དགོས།རྒྱུ་མཚན་དང་བོ་ནི། ད་ལྟའི་ང་ཚོའི་ཨ་མ་དག་སྟེ། ཕོ་མཆོག་མོ་དམན་གྱི་ལྟ་བས་དམ་པོར་བཅངས་པ་དག་ལ།ཁྱོད་སྐྱེས་པ་དག་གི་གོང་ནས་སྡོད། ཡང་ན།ཁྱོད་སྡོད་དང་ཁྱོ་ཀས་ལས་ཆོག་ཅེས་བཤད་ཚེ། ཁོ་མོ་ཚོ་ཁ་མིན་སེམས་གཏིང་ནས་དོགས་མི་བདེ་བར་འགྱུར་ལ། དེ་ལྟ་བུའི་བྱེད་སྟངས་དེས་ཁོ་མོ་ཚོར་སྔར་བས་སེམས་སྡུག་དང་མཚར་སྣང་སྟེར་བས་ཡིན། རྣར་མི་འགྲོ་ན་ཚོད་ལྟ་བྱོས་དང་ངོ་མ་དེ་འདྲ་ཞིག་རེད། ད་དུང་ཁྱོད་ལ་ང་ཚོ་ཡག་པོ་བྱས་ཏེ་འཆི་རུ་ཆུགས་ཞེས་སེམས་གཏམ་དེ་བཤད་སྲིད་ལ།དེ་ནི་ཁྱོད་ཀྱིས་བཤད་པ་ནང་བཞིན་སྲོལ་རྒྱུན་དང་ཁོར་ཡུག་གི་དབང་གིས་ཡིན་ངེས། རྒྱུ་མཚན་གཉིས་པ་ནི།གལ་ཏེ་རྗེས་རབས་པ་དག་སྔོན་ཆད་ཀྱི་མ་ཡུམ་དག་དང་འདྲ་བར་བསྡད་ན། ང་ཚོའི་ཕོ་མོ་འདྲ་མཉམ་དེ་ནམ་ཞར་དུ་ཡང་ཡོང་རྒྱུ་མེད་པ་ཁ་ཚོན་བཅད་ནས་བཤད་ཆོག་པས་ཡིན། ནམ་རྒྱུན་འདིའི་སྐོར་ལ་བསམ་གཞིག་བྱེད་དུས། ང་ཚོའི་བྱ་བ་གང་ཡིན་ཀྱང་རང་སྟེང་ནས་འགོ་འཛིན་རྒྱུ་དེ་གལ་ཆེ་བར་བསམ་ན་འགྲིག་གི་རེད། དེ་ག་རེ་རེད་ཅེ་ན།རང་ཉིད་གཡོག་པོར་རྒྱུག་བཞིན་དུ་གཞན་ལ་གཡོག་པོར་རྒྱུག་མི་རུང་ཟེར་བའམ། ལྟ་ཚུལ་གང་དེ་ཡི་གེའི་རོལ་རྩེད་ཙམ་དུ་སོང་ན། དེས་རང་ཉིད་ལ་ངལ་བ་ཙམ་ལས་རྒྱལ་ཁའི་འབྲས་བུ་ཞིག་སྟོབ་ཏུ་མེད་པས་ཡིན།  གཞན།  སྐབས་འདིར་ངས་སྐྱེས་པ་དག་གི་གནོན་ཤུགས་དང་ཁོར་ཡུག་གི་བཀག་རྒྱ་གཙོ་ཆེར་མི་གླེང་དོན་ནི། བུད་མེད་དག་ལ་མཐོང་ཆུང་དང་དམའ་འབེབ་བྱ་མ་འདོད་པས་ཡིན།དེ་ལྟར་གླེང་ན་མཐོང་ཆུང་དུ་ཇི་ལྟར་འགྱུར་ཞེ་ན། འགྱུར་ཏེ། བུད་མེད་དག་གི་གདོད་མའི་གཤིས་ལུགས་ལ་སུས་ཀྱང་བཀག་རྒྱ་གཏོང་མི་ཐུབ་པས་ཡིན་ལ། ཕོ་མོ་ནམ་ཡང་འདྲ་མཉམ་ཡིན་པས་ཡིན། གཞན། ཁ་ནས་ཕོ་མོའི་འདྲ་མཉམ་གླེང་ཞོར་ལག་ལེན་དུ་མི་བསྟར་བའམ།རང་ནུས་ཡོད་རྒུ་རང་ཉིད་སྐྱོབ་པའི་ཕྱོགས་ལ་མི་འདོན་མཁན་གྱི་བུད་མེད་ནི། སྡུག་གྱོང་ཉོ་མཁན་ཡིན་ལ་གཞན་སུ་ལ་ཁེག་འགེལ་བྱས་ཀྱང་སྡུག་གྱོང་ལས་མ་འདས།ད་དུང་དེ་དག་གིས་ཁོར་ཡུག་གི་གོམས་སྲོལ་ལ་སྲ་བརྟན་གྱི་ལྷན་པ་རྒྱག་སྲིད། ད་དུང༌། དཔེ་དེབ་དེའི་ནང་ན་རང་གཞན་གྱི་ཉེས་པ་ཡོད་ཚད་སྲོལ་རྒྱུན་གྱི་སྟེང་ལ་འགེལ་བའམ།རགས་བཤད་ལྟ་བུར་སོང་བ་ཡང་མང་དུ་ཡོད་ཀྱང༌། དེ་ནི་རྟ་ཕོ་ཆེན་རྒྱུག་སའི་རྟ་ལུད་དང་འདྲ་ངེས་ན། ད་ཐེངས་དེ་ཙམ་གཙོ་ཆེར་མི་བརྗོད་པར་བྱ། རེད་དེ། ད་ནི་དེས་ཆོག་པར་བྱེད། སྐད་ཆ་ཐུང་དྲགས་ནའང་སེམས་གཏམ་ཡིན་པས་བཀླག་མི་ཚར། སྒྲུབ་བྱེད་ཉུང་དྲགས་ནའང་གནས་ལུགས་ཡིན་པས་ཉམས་མི་སྲིད།མཐར་ཁྱོད་ཀྱི་རྩོམ་ཡིག་གི་འཕྲིན་ལས་རྒྱས་པར་ཤོགཨ་མ་དག་ཀྱང་ཨ་ཕ་དག་དང་མཉམ་དུ་བསྡད་ནས་ལག་པའི་གས་ཀ་ཤུལ་མེད་ཡོང་བར་སྨོན།  ད་དུང༌། ངའི་སྔུན་ནས་ལག་པ་བཀྱགས་ཏེ་གནས་ལུགས་བཤད་མཁན་ནམ།
སྐྱེ་བ་རྗེས་མའི་མ་ཡུམ་དེ།  ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་ཡོངས་སུ་ཚང་བའི་བོད་མོ་ཞིག་ཡིན་པར་སྨོན་ནོ། །

·རྩོམ་ཡིག་གོང་མ:དགེ་སློབ་བར་གྱི་འབྲེལ་བའི་སྐོར་གྱི་བསམ་གཞིཊ་ཕྲན་བུ།
·རྩོམ་ཡིག་འོག་མ:གངས་ཅན་པའི་ཁྲག་རྒྱུན་ཆེན་པོ་ལྔ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·དུས་འཁོར་རྩ་རྒྱུད་གསུང་ས་གནས་དུས་སོཊ་ཀྱི་འབྲེལ་ཡོད་རཊ་ཟིན། 2011/12/22 10:27:56
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 8:31:51 [来自: 112.5.248.254]

评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 8:31:46 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 11:30:24 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 61 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS