ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

ཐུན་གསུམ་གྱི་རྨི་ལམ་ཐན་ཐུན།

རྩོམ་པ་པོ:བྲོ་འཚལ།ཡོང་ཁུངས:ddགཟིགས་གྲངས:1434ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/7/20 9:11:11ཚོགས་ཡར་སྤྲོད:admin

ཐུན་གསུམ་གྱི་རྨི་ལམ་ཐན་ཐུན།

བྲོ་འཚལ།

བྱ་དང་བྱིའུ་གཉིད་དུ་ཡུར་ནས་མཚན་མོའི་ཡུལ་ལྗོངས་ལྷིང་འཇགས་བསྐྲུན།།
བཟོ་རིགས་འཕྲུལ་འཁོར་འགྲུལ་མཚམས་ཆད་དེ་ཁྲ་ཁྲ་གློག་གཞུས་གླིང་འདི་བརྒྱན།།
སྐར་ཚོགས་མང་པོ་གྲལ་དུ་འཚང་ནས་ལྷིང་འཇགས་མཚན་མོའི་མཁའ་མཐའ་བརྒྱན།།
ཅང་མེད་བུ་ང་ཉལ་ཁྲི་སྒང་ན་གཏི་མུག་བཙན་པོས་གཉིད་ལ་བརྫངས།།

དཀྱུས་རིང་མིག་ཟུང་ཡིད་གར་འོང་བ་མཛེས་པ་འབུམ་གྱིས་འགྲན་ནུས་མིན།།
ནག་སྣུམ་སྐྲ་ལོ་སིལ་བུར་སླས་པ་རྩམ་གཟན་བོད་མིའི་མཛེས་མ་དངོས།།
བྱད་རས་དཀར་པོ་སྟོན་ཟླར་འགྲན་པ་ལྷ་ཡི་སྲས་མོ་བྱོན་པ་འདྲ།།
ཐུན་གཅིག་ཐུན་གཉིས་རྨི་ལམ་ཁྲོད་ན་ཉེ་རིང་ཅི་རིགས་ཡང་ཡང་འཛུམ།།
ཐུན་གསུམ་མཚན་མོའི་རྨི་ལམ་ཞིང་ནས་ཁྱེད་དང་འུ་གཉིས་གཅིག་ཏུ་འཛོམས།།
ཞེ་སེམས་མཐུན་པའི་ཉལ་ཐུལ་འོག་ནས་ཤ་མཆིན་གླན་པའི་གཞས་ཆུང་བཅས།།
རེས་བལྟ་རེས་མོས་མིག་མདངས་ཁྲོད་ནས་གསལ་ལ་མི་གསལ་དབྱངས་རྟ་ཞིག།
དུས་གསུམ་མདོ་ན་འདོད་པས་གཟིར་བ་གྲོགས་མེད་འཁྱམས་པོའི་སྙིང་ཁར་ཟུག།
ལུས་ཀྱི་ཕྱག་བརྒྱའི་ཉམས་འགྱུར་ཁྲོད་ན་གཡས་གཡོན་དཀྱུས་ལ་ཤིན་ཏུ་མཁས།།
རྒྱབ་མདུན་འོག་ན་དྲག་ཏུ་བསྣུན་པའི་ཅག་ཅག་སྒྲ་ཡི་ཤུགས་དྲག་གིས།།
བྱ་དང་བྱིའུ་གཉིད་ལས་དཀྲོགས་ནས་ཚ་གེ་ཚིག་གེའི་ཀྱུར་ཀྱུར་སྒྲས།།
ས་དང་གནམ་གྱི་བར་མཚམས་བཅད་ནས་གླིང་དྲུག་འཇིག་རྟེན་འུར་གྱིས་བསྐྱིལ།།
བསིལ་ཟེར་ཟླ་བས་མགོ་བོ་བསྐྱོགས་ནས་མི་མངོན་སྤྲིན་པའི་བར་གསེང་ན།།
ཆགས་པའི་ཟུར་མིག་འོད་དུ་བསྐུར་ནས་སྒེའུ་ཁུང་ཟུར་ནས་དལ་གྱིས་བལྟ།།
སྐར་ཚོགས་མང་པོ་མཐའ་ནས་དགོད་བཞིན་འཚེར་བའི་འོད་ཟེར་ཕྲ་མོ་དག།
མོ་དང་ང་ཡི་སྔས་མགོ་སྒང་དུ་ཕྲ་ཚོམ་སྤྲས་པའི་རྒྱན་དུ་ཆེ།།
བསིལ་རླུང་འཇམ་པོ་དལ་གྱིས་སྐྱོད་བཞིན་ཤུ་པུ་སྒྲ་ཡི་དབྱངས་རྟ་ཞིག།
རི་གསུམ་རྩེ་ནས་གླུ་རུ་སྐྱོན་ཏེ་མོ་དང་ང་ལ་རམ་འདེགས་མཛད།།
རྩྭ་དང་རྩི་ཤིང་མགོ་བོ་ཡོ་ནས་བསར་བུ་འཇམ་པོས་གཡབ་མོ་བྱེད།།
མེ་ཏོག་སྣ་ཚོགས་ངོ་ཚས་གཡོགས་ནས་མཛེས་པའི་མདངས་དེ་དམར་པོ་གྱུར།།
སེམས་པ་དམར་པོ་ངལ་བས་མནན་ནས་དངུལ་ཆུའི་ཆུ་བོ་ཆར་དུ་བསྙིལ།།
ལུས་ཟུང་ཆ་གཅིག་དུབ་པར་གྱུར་ཏེ་རང་རང་ས་ནས་ཉལ་བའི་སྟབས།།
རྐང་ལག་བཞི་པོ་གང་སར་བརྐྱངས་ནས་དམར་ཧྲེང་གཅེར་བུ་ཉལ་བའི་ཚུལ།།
མཚན་དཔལ་བདེ་བའི་གཉིད་ལ་འདྲེན་པ་བྱིས་པ་ཆ་དང་ཀུན་ནས་མཚུངས།།
མཚན་མོ་མགོན་པོ་བྲེལ་སྟབས་ཆེན་པོས་ནུབ་ཕྱོགས་ཕང་བར་གཉིད་དུ་ཡུར།།
དབང་ཕྱོགས་རྩེ་ནས་རྟ་བདུན་དབང་པོའི་མིག་འོད་ཕྲ་མོ་ཡར་འཕགས་ཏེ།།
ས་འཛིན་སྒེག་མོ་མཛེས་པར་བརྒྱན་ཏེ་ཞོགས་པའི་སྒོ་གླེགས་དལ་གྱིས་བརྡུང་།།
བུ་ཆུང་ང་ཡི་འཁང་ར་ཞིག་གིས་མདང་གསུམ་རྨི་ལམ་སེམས་སུ་བསྒོམ།།
གྲོགས་མེད་འཁྱམས་པོར་ཕྱི་ཡུལ་ཀློང་ན་འདོད་འདུན་རྨི་ལམ་རིན་ཆེན་གསེར།།
མ་ངེས་རེག་བྱ་སེམས་སུ་བསྒོམ་པ་མི་ཧྲེང་ལྡོམ་པོའི་བདེ་བའི་མཆོག།
མཚན་མོའི་གཉིད་ལམ་མཛེས་མས་བསྐྱལ་བ་ཅང་མེད་བུ་ངའི་འཚོ་བའི་སྟོབས།།
རེས་བལྟ་རེས་མོས་མིག་ཞགས་འཕེན་པ་འཇིག་རྟེན་སྒྱུ་མའི་རང་གཤིས་དངོས།།
·རྩོམ་ཡིག་གོང་མ:མན་ངག་གི་རྒྱལ་པོ་ལྟ་བའི་ཕྲེང་བ་ཞེས་བྱ་བ་བཞུགས་
·རྩོམ་ཡིག་འོག་མ:ས་ཆེན་གྱི་གདམས་པ་ཞེན་པ་བཞི་བྲལ་བཞུགས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འཇིག་པ་དང་སྲུང་སྐྱོབ།། 2013/1/15 22:42:25
·སློབ་དཔོན་དགྱེས་དཔལ་རྡོ་རྗེའི་གསོལ་འདེབས་ 2012/11/7 14:12:03
·མ་ཎི་འཁོར་ལོ། 2012/11/6 11:22:45
·རྗེ་བླ་མའི་རྩོམ་གྱི་ཆེ་བ་མདོ་ཙམ་གླེང་བ། 2012/10/23 18:17:41
·སྒྲོལ་མ་ཉེར་གཅིག་བསྡུས་པ་བཞུགས་སོ། 2012/10/14 9:58:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 17:12:34 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:58:48 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 8:58:50 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS