ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔྱད་འགྲེལ།
 རྩོམ་ཡིག་ཀློག་པ།

ཆོས་ ཀྱི་ ཚིག་ དོན་ རྒྱས་ བཤད་ །

  རྩོམ་པ་པོ:མཁས་མཁས།ཡོང་ཁུངས:ཨེ་མ་ཧོ།གཟིགས་གྲངས:2042ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/8/3 19:22:19ཚོགས་ཡར་སྤྲོད:admin
 
ཆོས་ ཞེས་ པའི་ ཐ་ སྙད་ འདི་ དྷྰརྨ་ (dharma)ཞེས་ སཾསྐྲྀཏ་ (ལེགས་ སྦྱར)་ ཡི་ སྐད་ ཡིན་ པ་ དང་ ། བོད་ སྐད་ དུ་ ཐད་ བསྒྱུར་ བྱེད་ ན་ འཛིན་ པ་ ཞེས་ པའི་ དོན་ ལ་ འཇུག་ པ་ དང་ ། དོན་ བསྒྱུར་ དུ་ ཆོས་ ཞེས་ བསྒྱུར་ བའི་ བསྒྱུར་ ཚུལ་ གཉིས་ ཡོད།
དང་ པོ་ སྒྲ་ ཐད་ བསྒྱུར་ གྱི་ དབང་ དུ་ བྱེད་ ན། འཛིན་ པར་ ཞེས་ ཐོབ་ པ་ འདིའང་ དོན་ དག་ མི་ འདྲ་ བ་ དུ་ མར་ འཇུག་ པར་ ཡོད་ དེ་ ། སྤྱི་ ཡི་ མཚན་ ཉིད་ འཛིན་ པ་ དང་ ། རང་ གི་ མཚན་ ཉིད་ འཛིན་ པ་ ། ངན་ འགྲོའི་ སྡུག་ བསྔལ་ ལས་ སྐྱོབ་ པའི་ འཛིན་ པ། རང་ གི་ ངོ་ བོ་ འཛིན་ པ་ སོགས་ བཅུ་ གྲངས་ ཤིག་ ལ་ འཇུག་ གོ དེ་ ཡང་ དང་ པོ། རང་ དང་ སྤྱི་ ཡི་ མཚན་ ཉིད་ འཛིན་ པ་ ནི། མི་ ལ་ མཚན་ ན་ མི་ སྐད་ ཅིག་ སྐད་ ཅིག་ གིས་ འཇིག་ པས་ མི་ རྟག་ པ་ དང་ ། ཟག་ པ་ དང་ བཅས་ པས་ སྡུག་ ངལ་ བ་ ནི་ སྤྱི་ ཡི་ མཚན་ ཉིད་ ཡིན་ ལ། མིས་ སྨྲ་ ཤེས་ པ་ དང་ ། དོན་ གོ་ བ་ སོགས་ ནི་ རང་ གི་ མཚན་ ཉིད་ དོ། གཉིས་ པ་ ནི། ཆོས་ ཉམས་ སུ་ བླངས་ པས་ འཁོར་ བ་ དང་ ངན་ འགྲོའི་ སྡུག་ བསྔལ་ ལས་ སྐྱོབ་ པའམ་ འཛིན་ པས་ ན་ ཆོས་ དང་ ། བཞི་ པ་ ནི། རང་ གི་ ངོ་ བོ་ འཛིན་ པ་ ཆོས་ ཀྱི་ མཚན་ ཉིད་ དབྱེ་ ན་ རྟག་ པ་ དང་ དངོས་ པོ་ གཉིས་ ཟེར་ བ་ ལྟ་ བུའོ།
ད་ དུང་ རྒྱ་ གར་ ལ་ ཆོས་ ཀྱི་ སྒྲ་ དོན་ བེད་ སྤྱོད་ ཆེན་ པོར་ བྱེད་ སྲོལ་ ཡོད་ དེ་ ། བདེན་ པ་ དང་ ། ཡོན་ ཏན། དགེ་ བ། ལས་ འགན་ སོགས་ ལ་ འཇུག་ པ་ ནང་ ཆོས་ མ་ དར་ གོང་ ནས་ ཡོད་ ཅིང་ ། མི་ འདྲ་ ས་ ཞིག་ ནི་ ནང་ ཆོས་ མ་ དར་ གང་ དགེ་ བ་ ལ་ ཆོས་ ཀྱི་ སྒྲ་ ཡིས་ བསྟན་ ཀྱང་ མི་ དགེ་ བ་ ལ་ ཆོས་ མིན་ ཞེས་ བརྗོད་ པས་ ཆོས་ ཀྱི་ སྒྲ་ ཡིས་ བསྟན་ མེད། ནང་ པས་ ནི་ ཉོན་ མོངས་ པའི་ ཆོས་ དང་ སྡིག་ པ་ མི་ དགེ་ བའི་ ཆོས་ ཞེས་ ཆོས་ ཀྱི་ སྒྲས་ བསྟན་ ཡོད།
ལྷོ་ བརྒྱུད་ ནང་ པའི་ ཆོས་ ཀྱི་ སྒྲ་ དོན་ བཤད་ སྲོལ་ ནི། རྒྱ་ གར་ ལྷོ་ ཕྱོགས་ སུ་ འཁྲུངས་ པ་ ལྷོ་ བརྒྱུད་ ནང་ པའི་ ཤིང་ རྟ་ ཆེན་ པོ་ གནས་ བརྟན་ བཙུན་ པ་ སངས་ རྒྱས་ དབྱངས་ ཀྱིས་ དུས་ རབས་ ལྔ་ པར་ གནས་ བརྟན་ སྡེ་ པ་ ནས་ བརྒྱུད་ པའི་ བཤད་ སྲོལ་ ༼Sumangalavilasini I.p.99༽ལྟར་ ན་ ཆོས་ ཀྱི་ སྒྲ་ དོན་ བཞི་ ལ་ འཇུག་ པ་ འདི་ ལྟར། ཡོན་ ཏན་ དང་ བསྟན་ པ། ལུང་ དང་ ། སེམས་ མེད་ བཅས་ བཞིའོ། འདིར་ ཡོན་ ཏན་ ཞེས་ པ་ ། སངས་ རྒྱས་ ཀྱི་ ཆོས་ མ་ འདྲེས་ པ་ བཅོ་ བརྒྱད་ དང་ ། བསྟན་ པའི་ ཆོས་ ཞེས་ པ་ དཀོན་ མཆོག་ གསུམ་ གྱི་ ཡ་ གྱལ་ མྱང་ འདས། ལུང་ གི་ ཆོས་ ཞེས་ པ་ གསུང་ རབ་ ཡག་ ལག་ བཅུ་ གཉིས། སེམས་ མེད་ ཆོས་ ཞེས་ པ་ ནང་ པའི་ ཐུན་ མོང་ མ་ ཡིན་ པའི་ ཁྱད་ ཆོས་ ཤིག་ ཡིན་ ཞིང་ ། རིག་ བྱེད་ ཆོས་ དང་ ཨུ་ པ་ ནི་ ཤ་ ཏ་ རྙིང་ པ་ ལ་ མི་ གསལ་ བའི་ ཆོས་ ཞིག་ ཡིན་ །
གནའ་ རབས་ ནང་ ཆོས་ ཀྱི་ སྐབས་ སུ་ ཆོས་ ཞེས་ པ་ ཚོགས་ པ་ ཅན་ ལ་ མི་ ཟེར་ ཞིང་ ཚོགས་ པ་ རྩོམ་ བྱེད་ ལ་ ཟེར། དེས་ ན་ སྐབས་ དེར་ མི་ ཡི་ གདགས་ གཞི་ གཟུགས་ སོགས་ རེ་ རེ་ ནས་ ཆོས་ ཡིན་ ཀྱང་ མི་ ནི་ ཆོས་ མིན་ པ་ དང་ ། ལུང་ གསར་ པ་ ལ་ ཆོས་ ཞེས་ པ་ ཕུང་ པོ་ ལྔ། སྐྱེ་ མཆེད་ བཅུ་ གཉིས། ཁམས་ བཅོ་ བརྒྱད་ སོགས་ སུ་ རྣམ་ པ་ དབྱེ་ ཡོད་ པས་ མིའང་ ཆོས་ ཡིན་ པར་ མངོན།
བྱང་ བརྒྱུད་ ནང་ པའི་ ཆོས་ ཀྱི་ སྒྲ་ དོན་ བཤད་ སྲོལ་ ནི། སློབ་ དཔོན་ དབྱིག་ གཉེན་ གྱིས་ མཛད་ པའི་ རྣམ་ བཤད་ རིག་ པ་ ལས་ ། ཆོས་ ནི་ ཤེས་ བྱ་ ལམ་ དང་ ནི། མྱ་ ངན་ འདས་ དང་ ཡིད་ ཀྱི་ ཡུལ། བསོད་ ནམས་ ཚེ་ དང་ གསུང་ རབ་ དང་ ། འབྱུང་ འགྱུར་ ངེས་ དང་ ཆོས་ ལུགས་ ལའོ། ཞེས་ བཅུ་ ལ་ འཇུག་ པ་ འདི་ ལྟར། ཤེས་ བྱ་ ཞེས་ པ་ གང་ ལ་ ལ་ འདུས་ བྱས་ སམ་ འདུས་ མ་ བྱས། དེ་ རྣམས་ ཀྱི་ མཆོག་ ནི་ འདོད་ ཆགས་ དང་ བྲལ་ བ་ ཡིན་ པར་ བཤད་ དོ་ ཞེས་ འབྱུང་ བ་ ལྟ་ བུའོ། ལམ་ ཞེས་ པ་ ནི་ དགེ་ སློང་ ལོག་ པའི་ ལྟ་ བ་ ནི་ ཆོས་ མ་ ཡིན་ ལ་ ཡང་ དག་ པའི་ ལྟ་ བ་ ནི་ ཆོས་ ཡིན་ ནོ་ ཞེས་ རྒྱས་ པར་ འབྱུང་ བ་ ལྟ་ བུའོ། མྱ་ ངན་ ལས་ འདས་ པ་ ལ་ ནི་ ཆོས་ ལ་ སྐྱབས་ སུ་ སོང་ བ་ ཞེས་ འབྱུང་ ངོ་ ། ཡིད་ ཀྱི་ ཡུལ་ ནི་ ཆོས་ ཀྱི་ སྐྱེ་ མཆེད་ ཅེས་ འབྱུང་ ལ། དེ་ ནི་ རང་ གི་ མཚན་ ཉིད་ འཛིན་ པའམ་ ཡིད་ འཛིན་ པས་ ཆོས་ སོ། དེ་ ནི་ ཡིད་ ཁོ་ ནའི་ ཡུལ་ ཡིན་ གྱི་ རྟེན་ ནི་ མ་ ཡིན་ མོ། བསོད་ ནམས་ ལ་ ནི་ བཙུན་ མོའི་ འཁོར་ དང་ གཞོན་ ནུ་ མ་ རྣམས་ དང་ ལྷན་ ཅིག་ ཏུ་ ཆོས་ སྤྱོད་ ཅེས་ རྒྱས་ པར་ འབྱུང་ ངོ་ ། ཚེ་ འདི་ ལ་ ནི་ མཐོང་ བའི་ ཆོས་ ལ་ མྱོང་ བར་ འགྱུར་ བདང་ ། བྱིས་ པ་ ནི་ མཐོང་ བའི་ ཆོས་ གཅེས་ པར་ འཛིན་ པ་ ཡིན་ ཞེས་ འབྱུང་ ངོ་ ། དེ་ ནི་ ལུས་ འཛིན་ པའམ་ རིགས་ མཐུན་ འཛིན་ པས་ ཆོས་ སོ། གསུང་ རབ་ ལ་ ནི་ འདི་ ལ་ དགེ་ སློང་ ཆོས་ ཤེས་ པ་ ནི་ འདི་ ལྟ་ སྟེ་ ། མདོའི་ སྡེ་ དང་ ། དབྱངས་ ཀྱིས་ བསྙད་ པའི་ སྡེ་ དང་ ཞེས་ རྒྱ་ ཆེར་ འབྱུང་ ངོ་ ། དེ་ ནི་ རྣམས་ བཤད་ རིགས་ པར་ ལས་ ཆོས་ ནི་ མདོ་ ལས་ སོགས་ པ་ སྟེ་ ། རིགས་ སྟོན་ པའི་ དོན་ དང་ དོན་ ཕྱིན་ ཅི་ མ་ ལོགས་ པར་ ངེས་ པར་ འཛིན་ པའི་ དོན་ གྱིས་ སོ་ ཞེས་ སོ། འབྱུང་ བར་ འགྱུར་ བ་ ལ་ ནི་ འདུ་ བྱེད་ ཀྱི་ རྫས་ རྣམས་ ནི་ དེའི་ ཆོས་ སོ་ ཞེས་ འབྱུང་ བ་ དང་ ། དེ་ ལྟར་ འདི་ ལྟ་ སྟེ། ལུས་ འདི་ ནི་ རྒ་ བའི་ ཆོས་ ཡིན་ ནོ་ ཞེས་ འབྱུང་ ངོ་ ། ངེས་ པ་ ནི་ དགེ་ སློང་ གི་ ཆོས་ བཞི་ རྣམས་ ཞེས་ འབྱུང་ ངོ་ ། དེ་ བཞིན་ དུ་ དགེ་ སློང་ དག་ སྲོག་ གཅོད་ པ་ ནི་ ཆོས་ མ་ ཡིན་ ལ་ སྲོག་ གཅོད་ པ་ སྤངས་ པ་ ནི་ ཆོས་ ཡིན་ ནོ་ ཞེས་ རྒྱ་ ཆེར་ འབྱུང་ ངོ་ ། ཆོས་ ལུགས་ ལ་ ནི་ ཡུལ་ ཆོས་ དང་ རིགས་ ཆོས་ ཞེས་ འབྱུང་ བའོ། འབྱུང་ འགྱུར་ འཛིན་ པ་ དང་ ། ངེས་ པར་ བྱ་ དགོས་ པའི་ བྱ་ བ་ བྱེད་ པས་ འཛིན་ པ་ དང་ ། ཡུལ་ དང་ རིགས་ ཀྱི་ སྤྱོད་ པ་ འཛིན་ པས་ ཡུལ་ ཆོས་ ལ་ སོགས་ པའོ།
བུ་ སྟོན་ ཆོས་ འབྱུང་ དུ་ གོང་ གི་ ལུང་ དེ་ དག་ ནི་ གཙོ་ ཆེ་ བའི་ དབང་ དུ་ བྱས་ ཀྱི་ དེར་ འདུས་ པ་ མ་ ཡིན་ ཏེ་ ། ཆོས་ ཀྱི་ ཆོས་ ཚོལ་ བར་ བྱེད་ དེ་ ཆོས་ མ་ ཡིན་ པས་ མ་ ཡིན་ ནོ་ ཞེས་ པ་ ལྟ་ བུ་ རིགས་ པ་ ལ་ ཆོས་ དང་ ། བསྒྲུབ་ བྱའི་ ཆོས་ ། དགག་ བྱའི་ ཆོས་ ། ཞེས་ པ་ ལ་ སོགས་ པ་ ལའང་ འཇུག་ པས་ སོ་ ཞེས་ གསུངས་ སོ། འདི་ དག་ ནི་ གཏན་ ཚིགས་ རིག་ པའི་ ནང་ གི་ ཆོས་ ཀྱི་ སྒྲ་ དོན་ ནོ།
གཞན་ ཡང་ ལམ་ དང་ མྱ་ ངན་ ལས་ འདས་ པ། བསོད་ ནམས་ གསུམ་ ནི་ ལྟུང་ བ་ ལས་ འཛིན་ པའི་ ཆོས་ ཡིན་ ལ། དེ་ ལའང་ ངན་ འགྲོ་ ལྟུང་ བ་ ལས་ འཛིན་ པ་ དང་ འཁོར་ བར་ ལྟུང་ བ་ ལས་ འཛིན་ པ། ཐེག་ དམན་ དུ་ ལྟུང་ བ་ ལས་ འཛིན་ པ་ གསུམ་ ལས། དང་ པོ་ ནི། ཆེ་ དུ་ བརྗོད་ པའི་ ཚོམས་ ལས་ ། འཇིག་ རྟེན་ འདི་ དང་ ཕ་ རོལ་ ཏུ།། ཆོས་ སྤྱོད་ པ་ ནི་ བདེ་ བར་ ཉལ།། ཞེས་ པ་ ལྟ་ བུ་ ལས་ འབྲས་ ལ་ ཡིད་ ཆེས་ པའི་ དད་ པས། འཇིག་ རྟེན་ པའི་ ཡང་ དག་ པའི་ ལྟ་ བ་ ལ་ བརྟེན་ ནས་ དགེ་ བ་ བཅུ་ སྤྱོད་ པའམ། འཇིག་ རྟེན་ པའི་ བསམ་ གཏན་ གཟུགས་ མེད་ ཀྱི་ ཏིང་ ངེ་ འཛིན་ བསྒོམས་ པ་ ལྟ་ བུ། དེ་ དག་ གིས་ ངན་ སོང་ དུ་ ལྟུང་ བ་ ལས་ འཛིན་ པའི་ ཕྱིར་ ཆོས་ ཞེས་ བྱ་ ལ། ཕྱི་ རོལ་ པ་ ཁ་ ཅིག་ ལའང་ ཡོད་ དོ། འཁོར་ བར་ ལྟུང་ བ་ ལས་ འཛིན་ པ་ ནི། ནང་ པའི་ སྐྱབས་ གནས་ ཏེ། འདོད་ ཆགས་ དང་ བྲལ་ བ་ རྣམས་ ཀྱི་ མཆོག་ ཞེས་ པ་ མྱང་ འདས་ དང་ ། དེ་ ཐོབ་ བྱེད་ ལམ་ བདེན་ འཁོར་ དང་ བཅས་ པའོ། ཐེག་ པ་ ཆེན་ པོའི་ ལམ་ དང་ མྱུང་ འདས། གསུང་ རབ་ དང་ བཅས་ པ་ རྣམས་ ནི་ ཐེག་ དམན་ དུ་ ལྟུང་ བ་ ལས་ འཛིན་ པའི་ ཆོས་ ཏེ། རང་ བཞིན་ མེད་ རྟོགས་ ཀྱི་ ཤེས་ རབ་ དང་ བརྩེ་ བ་ དང་ སྙིང་ རྗེ་ ཆེན་ པོ་ སོགས་ ཟུང་ དུ་ འབྲེལ་ བས་ སྲིད་ ཞིར་ ལྟུང་ བ་ ལས་ འཛིན་ པ་ ཡིན་ ནོ།
བྱེ་ བྲག་ ཏུ་ དམ་ པའི་ ཆོས་ ཀྱི་ སྒྲ་ དོན་ ནི། དམ་ པ་ རྫོགས་ པའི་ སངས་ རྒྱས་ ཡིན་ ལ། དེས་ བསྟན་ པའི་ ཆོས་ ཡིན་ པས་ དམ་ པའི་ ཆོས་ ཞེས་ སམ། ཡང་ ན་ སྐྱེས་ བུ་ དམ་ པས་ སྤྱད་ པར་ བྱ་ བའི་ ཆོས་ ཡིན་ པས་ ན་ དམ་ པའི་ ཆོས་ ཏེ། དགེ་ སློང་ གི་ ཆོས་ བཞི་ བཞིན་ ནོ།
གཉིས་ པ་དྷྰརྨ་ ༼dharma༽ཞེས་ པ་ དོན་ བསྒྱུར་ བྱས་ པའི་ ཆོས་ ནི་ བཅོས་ ཞེས་ པའི་ སྐུལ་ ཚིག་ ཡིན་ ལ། ལེགས་ བཅོས་ བྱེད་ པའི་ དོན་ ཏེ། ལེགས་ སུ་ བཅོས་ པར་ བྱ་ བ་ ནི་ སེམས་ པ་ དང་ ། བཅོས་ པར་ བྱེད་ མཁན་ ནི་ གསུང་ རབ་ ལ་ སོགས་ པའོ། བཅོས་ ཚུལ་ ནི་ ལུང་ སྡེ་ སྣོད་ གསུམ་ ལ་ འཆད་ ཉན་ ཀྱིས་ སྒོ་ ནས་ ། ལམ་ བསླབ་ པ་ གསུམ་ ལ་ ཉམས་ ལེན་ བྱེད་ པ་ ལའོ། དེ་ ཡང་ སྡེ་ སྣོད་ གསུམ་ ནི་ སངས་ རྒྱས་ ཀྱི་ བཀའ་ ཐམས་ ཅད་ བརྗོད་ བྱ་ བསླབ་ པ་ གསུམ་ གཙོ་ བོར་ གྱུར་ པའི་ སྒོ་ ནས་ རྗོད་ བྱེད་ སྡེ་ སྣོད་ གསུམ་ དུ་ བཞག་ པ་ སྟེ། འདུལ་ བའི་ སྡེ་ སྣོད་ དང༌། མདོ་ སྡེའི་ སྡེ་ སྣོད་ དང༌། མངོན་ པའི་ སྡེ་ སྣོད་ རྣམས་ སོ། །དེ་ གསུམ་ གྱི་ ནང་ དུ་ གསུང་ རབ་ ཡན་ ལག་ བཅུ་ གཉིས་ ལ་ སོགས་ པ་ ། གཟུགས་ ནས་ རྣམ་ མཁྱེར་ བར་ གྱི་ ཆོས་ ཐམས་ ཅད་ འདུས་ པས་ ན་ སྡེ་ སྣོད་ ཅེས་ བྱའོ། ལམ་ བསླབ་ པ་ གསུམ་ ནི། ཚུལ་ ཁྲིམས་ ཀྱི་ བསླབ་ པ་ དང༌། ཏིང་ ངེ་ འཛིན་ གྱི་ བསླབ་ པ། ཤེས་ རབ་ ཀྱི་ བསླབ་ པ་ སྟེ་ གསུམ་ མོ།
མདོ་ ན། གཞི་ གནས་ ལུགས་ གཅིག་ དང་ བདེན་ པ་ གཉིས། ལམ་ མཁྱེན་ པ་ གསུམ་ དང་ སྦྱོར་ བ་ བཞི། འབྲས་ ཡེ་ ཤེས་ ལྔ་ དང་ ཕར་ ཕྱིན་ དྲུག དང་ སོགས་ པ་ ཉམས་ སུ་ བློང་ བྱ་ དང་ བློང་ བྱེད། མངོན་ དུ་ བྱེད་ བྱ་ དང་ བྱེད་ བྱེད་ པོ་ ཐམས་ ཅད་ ནི་ དམ་ པའི་ ཆོས་ སོ།
མཁས་ མཁས་ མིང་ ཅན་ གྱིས་ ། སྤྱི་ ལོ་ ༢༠༡༢་ ལོའི་ ཟླ་ བ་ ༧་ པའི་ ཚེས་ ༢༤་ ཉིད་ བྲིས་ སོ།
·རྩོམ་ཡིག་གོང་མ:ངའི་མི་ཚེའི་དམིགས་ཡུལ།
·རྩོམ་ཡིག་འོག་མ:ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བར་ཆད་ཀུན་སེལ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·ཆོས་ཀྱི་གོ་དོན། 2014/4/1 11:03:38
·ལོ་ཙཱ་བ་ཆེན་པོ་དགེ་འདུན་ཆོས་འཕེལ་སྐོར་གྱི་དྲན་ཤེས་ཐོར་བུ། 2011/2/26 12:36:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 3:49:38 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 14:50:58 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/12 17:04:50 [来自: 112.5.243.142]

འབྲེལ་ཡོད་དཔྱད་བརྗོད 39 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།140.63MS