ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

བཀའ་ལུང་འཁྲུལ་མེད་བསྒྲགས་པ།

  རྩོམ་པ་པོ:དདཡོང་ཁུངས:དདགཟིགས་གྲངས:1892ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/8/5 10:39:24ཚོགས་ཡར་སྤྲོད:admin
བཀའ་ལུང་འཁྲུལ་མེད་བསྒྲགས་པ།
            ༼བཀའ་ལུང་འཁྲུལ་མེད་བསྒྲགས་པ་ཞེས་པ་འདིའི་ནང་དེང་དུས་དང་འཚམ་པའི་སློབ་གསོའི་དོན་སྙིང་ཡང་མི་ཉུང་བ་ཞིག་མཐོང་རྒྱུ་འདུག་པས་འདིར་བཀོད་པ་ཡིན།
 
༄༅། ན་མོ་གུ་རུ་དེ་ཝ་ཌ་ཀི་ཡ། སྔོན་ཚེ་རི་བོ་ཏ་ལ་དང་༎ ལྷོ་ནུབ་འོ་མའི་མཚོ་གླིང་ནས༎ སྤྱན་རས་གཟིགས་དང་པད་འབྱུང་གིས༎ གངས་ལྗོངས་སྐྱོང་བར་ཞལ་གྱིས་བཞེས།། ཀྱེ་མ་དུས་ཀྱི་ཐ་མ་རུ།། འདོད་ཆགས་རྒྱ་མཚོའི་ཁ་འཕྱུར་ཞིང་།། ཞེ་སྡང་སྦྲུལ་གྱི་རང་སྟོབས་རྒྱས།། གཏི་མུག་ཕག་གི་ཚང་རྡོལ་ཏེ།། མི་རྣམས་རང་འདོད་ཁོ་ནར་ཞེན།། ཕ་ནོར་རྟེན་གསུམ་ཀླ་ཀློར་བསྐྱལ།། རང་བདེའི་ཆེད་དུ་དཀོན་མཆོག་བཙོང་།། ཡར་སྐྱེས་ལྗོན་ཤིང་རྨང་ནས་བཅད།། ཉེས་མེད་རི་དྭགས་གཅེས་སྲོག་འཕྲོག། རྐུན་འཕྲོག་ཇག་པས་རི་ལུང་གང་།། བདུད་རྫས་ཤོ་སྦག་འདྲ་མིན་དར།། དོན་ཆུང་ཙམ་ལ་ཁོང་ཁྲོ་འབར།། གདོང་དམར་བོད་ཀྱི་སེམས་ཅན་ཀུན།། ཤ་རུས་གཅིག་ལས་མཆེད་མོད་ཀྱང་།། མཚེར་ས་ལག་མཐིལ་ཙམ་གྱི་ཆེད།། རང་སྡེ་ནང་འཁྲུག་ནང་དམེ་བྱེད།། རྩོད་གཞི་མེད་ལ་རྩོད་གཞི་སློང་།། རང་སྡེ་རང་གི་དགྲ་རུ་བཟུང་།། ཤི་བསད་ཁྲག་གི་འཁོར་ལོ་བསྐོར།། བླ་སྤྲུལ་བཙུན་པ་རབ་བྱུང་རྣམས།། སྟོན་པ་གཅིག་གི་བསྟན་པ་ཡང་།། དགོན་སྡེ་ཕལ་ཆེར་ནང་དམེ་བྱེད།། བླ་གྲྭ་མི་མཐུན་འཁྲུག་རྩོད་ལང་།། མི་རྣམས་འཇིག་རྟེན་ལུགས་མི་མཁས།།  ཀྱེ་མ་དུས་ངན་འདི་འདྲ་བར།། རབ་བྱུང་རྣམས་ལ་སྡོམ་པ་མེད།། བྱིས་པ་རྣམས་ལ་ཤེས་རིག་མེད།། དེ་ཕྱིར་དཀར་ཕྱོགས་མཐུ་ཆུང་ཞིང་།། ནག་ཕྱོགས་བདུད་ཀྱི་མགོ་འཕང་མཐོ།། ལྷ་སྲིན་སྡེ་བརྒྱད་ཐུགས་འཁྲུགས་ཏེ།། དུས་ཀྱི་རྟགས་མཚན་འདི་འདྲ་འབྱུང་།། དང་པོ་ནད་ངན་སྣ་ཚོགས་འབྱུང་།། ནད་ལ་མི་འབྱུང་བྱ་བ་མེད།། སྨན་དང་སྨན་པའི་བཅོས་ཐབས་དཀའ།། ལ་ལ་ཁ་ནས་ཁྲག་སྐྱུག་ཅིང་།། ལ་ལ་ལྟག་ལ་དགྱེ་སྟེ་འཆི།། ལ་ལ་ཅི་ཆ་མེད་པར་རུ།། ཇ་ཕོར་ལག་ཏུ་བཟུང་སྟེ་འཆི།། དེ་སོགས་ནད་ངན་སྣ་ཚོགས་པས༎ འདོད་ཞེན་ཆེ་རྣམས་ཚེ་སྲོག་འཕྲོག། སྔ་དྲོ་མི་ཡུལ་ན་ཡོད་ཀྱང་།། ཕྱི་དྲོ་དམྱལ་བའི་ཡུལ་དུ་འགྲོ། གཉིས་པ་དུག་སྦྲུལ་ནག་པོ་འོང་།། ཞེ་སྡང་ཆེ་རྣམས་ཚེ་སྲོག་འཕྲོག། དེ་ཚེ་མི་མཐུན་སྡུག་གིས་ཁེངས།། ཡུལ་གྲུ་ཕལ་ཆེར་འབྱུང་བཞིས་འཇིག། ཕག་ནག་མཆེ་བ་དགུ་བ་ཡིས།། གཏི་མུག་ཆེ་ཀུན་ཟས་སུ་ཟ།། ཡུལ་གྲོང་སྡུག་གི་ལོང་བར་བསྒྱུར།། སྨྲེ་སྔགས་ངུ་འབོད་རྒྱུན་ཆད་མེད།། དེ་ཀུན་རང་བྱུང་རྒྱུ་ལས་བྱུང་།། རྒྱུ་འབྲས་ལས་ཀྱི་ས་བོན་འདིར།། ད་ནི་རྒྱུ་འབྲས་སྨིན་དུས་ཡིན།། དེ་ཚེ་སྤྱན་རས་གཟིགས་དབང་དང་།། སློབ་དཔོན་པད་མས་མི་ཡུལ་ལ།། སྙིང་རྗེའི་ཐུགས་ཀྱིས་མ་བཟོད་པར།། འདི་བཟློག་ཐབས་ལ་བཀའ་བསྩལ་པ།། གངས་ཅན་བོད་ཀྱི་འགྲོ་བ་རྣམས།། སྤྱོད་ངན་འདི་དག་རྣམ་པར་སྤོངས།། བཀའ་འདི་ལག་ལ་འཕྲོད་ནས་བཟུང་།། མི་རེས་གཞན་ཕན་རེ་རེ་སྒྲུབས།། མི་རེས་ལྗོན་ཤིང་རེ་རེ་ཚུགས།། མི་རེས་ཤེས་བྱ་སྣ་རེ་སློབས།། མི་རེས་ལམ་འཕྲང་རེ་རེ་བཟོས།། ཁྱད་པར་གཞི་བདག་མི་དགའ་བ།། རང་སྡེ་ནང་འཁྲུགས་འདི་ལས་བྱུང་།། དེ་ལས་ལྟས་ངན་སྣ་ཚོགས་འབྱུང་།། ནང་སྡེ་མཐུན་ཐབས་མི་འཛུགས་པའི།། རྐུ་ཇག་མགོ་སྐོར་འཛིང་རྩོད་སྤོངས།། ལས་དང་རྒྱུ་འབྲས་ལེགས་པར་བསྲུང་།། གཞན་ལ་སྙིང་རྗེ་བརྩེ་སེམས་བསྐྱེད།། རྟེན་གསུམ་ཆོས་ཀྱི་ཚོང་མ་བྱེད།། ཕ་ནོར་གཡང་རྟེན་ཁྱིམ་ལ་ཞོགས།། ལུས་ལ་གྲི་མདུང་མཚོན་མ་ཐོགས།། མ་འོངས་གནམ་ལོ་གསུམ་འདས་ན།། ཁྱི་སྦྲུལ་རོ་ལངས་འཇིག་པ་འོང་།། བཟློག་ཐབས་མཁའ་ཡི་ལུས་ལ་ལྟོས།། ཟླ་རེའི་ཚེས་པ་བཅུ་ཡི་ཉིན།། སྲོག་གཅོད་སྤོངས་ལ་སྲོག་བསླུ་གྱིས།། རི་མགོ་མཐོན་པོར་དར་ལྕོགས་ཚུགས།། བསང་དང་དཀར་གསུམ་རྒྱུན་དུ་གྱིས།། སིདྡྷི་མ་ཎི་རྒྱུན་དུ་སྒྲོགས།། འདི་ནི་གངས་རིའི་ལྷ་སྐལ་ཡིན།། བག་མེད་ཤོ་སྦག་རྒྱན་འགྱེད་སྤོངས།། རྟག་ཏུ་འཚོ་བ་གཙང་མར་རོལ།། ཐབས་ལ་མཁས་པའི་མི་ཆོས་སྤྱོད།། ཁྱད་པར་བཟློག་ཐབས་ཟབ་མོ་ཡི།། ལུང་འཕྲིན་འདི་ཉིད་ཀུན་ལ་སྒྲོགས།། གཅིག་གི་བཅུ་དང་བཅུ་ཡིས་བརྒྱ།། ཁྲི་འབུམ་བྱེ་བ་མི་ཡུལ་བཀྲམ།། དག་ཅིང་ནོར་བ་མེད་པ་ཡི།། ཚར་རེ་བྲིས་ནས་བསྐུར་བ་ན།། གང་ཟག་རེ་ཡི་འཇིགས་པ་སྐྱོབས།། ཡི་གེ་འདི་ཉིད་སུས་ཐོབ་ལ།། དེ་ནི་བསོད་ནམས་ལས་འཕྲོ་ཅན།། ཁྱོད་ཀྱི་བསོད་ནམས་ཆུད་མ་གསོན།། ངལ་བ་ཆུང་ལ་འབྲས་བུ་ཆེ།། རྟེན་འབྲེལ་བདེན་པའི་མཐུ་སྟོབས་ཡིན།། འདི་ལ་ཡིད་ཆེས་མི་འཛིན་ན།། བདེན་རྫུན་མ་འོང་དུས་ཀྱིས་སྟོན།། དེ་བས་སྐལ་ལྡན་འགའ་ཡོད་ན།། དོན་འདི་ཉམས་སུ་ལེགས་པར་ལོངས།། འཕྲིན་འདི་རྒྱལ་ཁམས་ཀུན་ལ་སྒྲོགས།། ཐབས་འདིས་གངས་རིའི་འགྲོ་བ་སྐྱོབས།། དཀར་ཕྱོགས་སྲུང་མས་ཁ་འཛིན་ཡོད།། སྙིང་གི་དཀྱིལ་དུ་ས་མ་ཡ།། ཅེས་པ་འདི་ནི་རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་ལོ་ཟླའི་དཀར་ཕྱོགས་ཚེས་བཅུའི་ཉི་ཤར་དུ་མཚོ་སྟོད་གྲོང་། དཀར་ཤུལ་སྡེ་བའི་རྒྱ་དར་རྒྱས་ཚང་གི་སྒོར་ཁར་ཤར་ཕྱོགས་ནས་འོང་བའི་བྱིས་པ་ལོ་བཅུ་བདུན་ཙམ་ལོན་པ་རྟ་ཁམ་པ་གཟུགས་བོངས་ཤིན་ཏུ་ཆེ་བ་ཞོན་པ་ཞིག་གིས་ང་ནི་ཨ་མྱེས་རྨ་རྒྱལ་སྤོམ་རས་བཏང་བ་ཡིན། ཡི་གེ་འདི་ནི་རྨ་རྒྱལ་སྤོམ་ར་གཙོས་དཀར་ཕྱོགས་ཀྱི་སྲུང་མ་རྣམས་བཀའ་བགྲོས་ཏེ་ནག་ཕྱོགས་བདུད་ལས་རྒྱལ་བའི་དུས་སུ་སློབ་དཔོན་པདྨ་འབྱུང་གནས་དང་སྤྱན་རས་གཟིགས་ཀྱིས་ལུང་འཕྲིན་མི་ཡུལ་དུ་བསྒྲགས་དགོས་པའི་བཀའ་ཕབ་སྟེ་མངག་བྱུང་ཞེས་ཤོག་སེར་ཡི་གེ་བྲིས་པ་ཞིག་འཕང་ནས་གང་སོང་ཆ་མེད་དུ་སོང་ངོ་། མངོན་སུམ་མིག་མཐོང་བྱུང་མཁན་པདྨ་དར་རྒྱས་གཙོས་མི་བཅུ་གསུམ་ད་ལྟ་ཡོད་དོ།། །།
·རྩོམ་ཡིག་གོང་མ:ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བར་ཆད་ཀུན་སེལ།
·རྩོམ་ཡིག་འོག་མ:གྲྭ་ས་ཁག་ཏུ་བརྡ་འཕྲིན་ཡོ་ཆས་བཀག་སྡོམ་ལ་བསམ་འཆར་བཤད་པ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·མི་ལ་རས་པའི་སྙིང་སྟོབས་གླེང་བ། 2013/1/17 22:54:11
·ཆུ་ལེན་བུ་མོ།། 2013/1/17 22:52:35
·དམྱལ་བ་ལས་ཐར་བའི་དགའ་སྟོན་གྱི་སྙན་ངག 2012/12/7 19:28:31
·བདེན་སྟོབས་ཉི་ཟླའི་གཟི་བྱིན། 2012/8/12 14:08:16
·ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་མཆོད་བསྟོད་ 2012/7/21 11:30:35
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 5:46:00 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 17:49:00 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/13 7:19:40 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 37 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS