ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔྱད་འགྲེལ།
 རྩོམ་ཡིག་ཀློག་པ།

བོད་རྒྱུད་ནང་བསྟན་གྱི་ཐུན་མིན་ཁྱད་ཆོས་བཤད་པ།

  རྩོམ་པ་པོ:ཨ་འོད་ཡོང་ཁུངས:ཨེ་མ་ཧོ།གཟིགས་གྲངས:2340ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/8/18 18:59:30ཚོགས་ཡར་སྤྲོད:admin
བོད་རྒྱུད་ནང་བསྟན་གྱི་ཐུན་མིན་ཁྱད་ཆོས་བཤད་པ།
 
ཨ་འོད་མཐའ་ཡས།
 
   བོད་རྒྱུད་ནང་བསྟན་རིག་པ་ནི་འགྲོ་བ་མི་ཡི་རིག་པའི་གནས་ཀུན་ལས་ཆེས་མཆོག་ཏུ་ཕུལ་ཏུ་རབ་ཏུ་བླ་ན་མེད་པའི་རིག་པའི་གནས་ཆེན་མོའམ་། རིག་པའི་གནས་ཀུན་གྱི་ཡང་སྙིང་དེ་རེད་ཞེས་བརྗོད་ཆོག་པ་ཡིན།
འཛམ་གླིང་ཆེན་པོ་འདིའི་ནང་དུ་དར་བཞིན་པའི། ནང་པའི་ཆོས་རྒྱུད་ཆེན་མོ་གསུམ་གྱི་ཡ་གྱལ་ལམ་ནང་ཚན་དུ་གྲགས་པའི་བོད་རྒྱུད་ནང་བསྟན་ནི་སྤྱི་ལོ་དུས་རབས་བདུན་པ་ནས་བཅུ་གཅིག་པའི་བར་དུ་། ཐེག་པ་ཆེ་ཆུང་། ཕར་ཕྱིན་གསང་སྔགས་དང་བཅས་པ་རྒྱ་གར་ནས་། འཛམ་གླིང་གི་ཡོངས་རྩེ་རུ་གྲགས་པའི་བོད་མདོ་དབུས་མཐོ་སྒོང་གི་ཡུལ་གྲུ་ཆེན་མོ་འདི་ལ་དར་ཡོང་བ་ཞིག་རེད་ལ། ཡུལ་གྲུ་འདི་ཡི་མི་རིགས་རིག་གནས་དང་ཡུལ་གོམས་གཤིས་ལུགས་། ས་ཁམས་ཁོར་ཡུག་སོགས་དང་ཆུ་ལ་ཆུ་བཞག་གི་ཚུལ་དུ་གཞི་གཅིག་ཏུ་འདུ་ཤིང་། ཡན་ལག་དང་ཉིང་ལག་གི་ཆ་ཤས་ཡོངས་སུ་རྫོགས་ཏེ་ལྷུ་ཆགས་པ་ཞིག་རེད་།
ནང་པ་སངས་རྒྱས་པའི་ཆོས་རྒྱུད་ཞིག་ཡིན་པའི་ཆ་ནས་། བོད་རྒྱུད་ནང་བསྟན་དང་། རྒྱ་རྒྱུད་ནང་་བསྟན། ལྷོ་རྒྱུད་ནང་བསྟན་བཅས་ཀྱི་ཆོས་ཚུལ་གྱི་ངོ་བོ་ལ་འདྲ་ས་མང་པོ་ཞིག་ཡོད་པ་ནི་སྨོས་ཅི་དགོས་། རེད་དེ་། ནང་དོན་རིག་པ་འདི་ཉིད་རང་ངོས་ནས་བསམ་བློ་རིག་གནས་ཆུ་ཚོད་། རྒྱ་མཚོ་ལས་གཏིང་ཟབ་ལ་རི་རབ་ལས་དཔངས་མཐོ་བ་ཞིག་ཡིན་པ་དང་། སེམས་ཅན་རྣམ་ཁམས་དང་མོས་པ་མི་འདྲ་བས་རྐྱེན་གྱིས་། དད་པ་བཅོལ་སའི་མདོ་རྒྱུད་མི་འདྲ་བ་དང་། རྗེས་སུ་འབྲང་སའི་གྲུབ་མཐའ་མི་འདྲ་བ། དོན་དུ་གཉེན་བྱའི་ཐོབ་བྱ་མི་འདྲ་བ། དད་པ་བྱེད་སའི་ཆོས་རྒྱུད་མི་འདྲ་བ། ཁུངས་ལུང་བཅོལ་སའི་རིག་ལུགས་མི་འདྲ་བ། ད་དུང་མི་རིགས་སོ་སོའི་ཡུལ་གོམས་གཤིས་ལུགས་མི་འདྲ་བ་བཅས་ཀྱིས་རྐྱེན་པས་། ནང་དོན་རིག་པའི་རྒྱུད་ཁོངས་ཁག་གི་བར་དང་། གྲུབ་མཐའ་ཁག་གི་བར་ལ་རྣམ་པ་མི་འདྲ་བའི་ཁྱད་པ་སྣ་ཚོགས་ཞིག་བྱུང་བའི་རྐྱེན་གྱིས་། སངས་རྒྱས་པའི་རིག་པའི་གཞུང་ལུགས་ཆེན་མོ་འདིའི་ནང་དུ་ཐུན་མོང་མིན་པའི་ཁྱད་ཆོས་ལྡན་པའི་ཆོས་རྒྱུད་དང་གྲུབ་མཐའ་རྣམ་པ་སྣ་ཚོགས་པ་བྱུང་བ་རེད་། ནང་པའི་ཆོས་རྒྱུད་ཁག་དང་། གྲུབ་མཐའ་ཁག་གི་ཁྱད་པར་ནི་འཚོ་བའི་ཡོ་བྱད་དང་། ཆོས་དང་ཆ་ལུགས། ཟ་ལུགས་འཐུང་སྟངས་། འགྲོ་ལུགས་འདུག་སྟངས་སོགས་ནས་མངོན་པ་མ་ཟད་། གུས་ལུགས་བཀུར་ལུགས་དང་། འཛུགས་སྐྲུན་ཆར་འགོད་། བཟོ་རིག་སྒྱུ་རྩལ་སོགས་། ཅི་ས་གང་ཐོད་ནས་མངོན་ཡོང་གི་ཡོད་པ་མ་ཟད་། ད་དུང་། ཡར་རབ་ཀུན་སྤྱད་དང་། བསམ་བློ་ཆབ་སྲིད་། མཚན་ཉིད་རིག་པ་། རིན་ཐང་ལྟ་ཚུལ་སོགས་། བསམ་བློའི་འཁྱེར་སོ་དང་། སེམས་ཀྱི་འཆར་སྒོ་སོགས་ཀུན་ནས་མངོན་འོང་བ་རེད་ལ་། འདི་དག་ནི་ས་གནས་རང་བཞིན་དང་། མི་རིགས་རང་བཞིན་གྱི་ཐུན་མིན་ཁྱད་ཆོས་རེད་།
བོད་རྒྱུད་ནང་བསྟན་ལ་ཐུན་མོང་མིན་པའི་ཁྱད་ཆོས་འདི་ལྟར་ལྡན་ཏེ་།
དང་པོ། བོད་རྒྱུད་ནང་བསྟན་གྱིས་ཕྱོགས་ཡོངས་དང་སྒོ་ཀུན་ནས་སྟོན་པ་སངས་རྒྱས་ཀྱི་ཆོས་ཚུལ་། ཐེག་པ་ཆེ་ཆུང་གསང་སྔགས་དང་བཅས་པ་ཡོངས་རྫོགས་བསྡུ་ལེན་བྱས་ཡོད་། ལྷོ་རྒྱུད་ནང་བསྟན་གྱིས་ནི། ཐེག་ཆུང་ངམ་ཐེག་དམན་དང་། གྲུབ་མཐའི་དབང་དུ་བྱེད་ན་བྱེ་མདོ་ཙམ་ལས་ནང་འདྲེན་བྱེད་ཐུབ་མེད་ལ། རྒྱ་རྒྱུད་ནང་བསྟན་ནི་མ་གཞི་ནས་ཐེག་པ་ཆེན་པོ་བ་ཡིན་མོད་ཀྱང་། ཕར་ཕྱིན་ཐེག་པ་ལས་གསང་སྔགས་ཀྱི་ཐེག་པ་མེད་། དེས་ན་། ཐེག་པ་ཆེ་ཆུང་མདོ་རྒྱུད་གསང་སྔགས་དང་བཅས་པ་ཡང་དག་པ་མ་ཚང་བ་མེད་པ་ནི་བོད་རྒྱུད་ནང་བསྟན་ཁོ་ན་ལ་ཡོད་ཀྱི་གཞན་སུ་ལའང་མེད་། བོད་རྒྱུད་ནང་བསྟན་རང་ངོས་ནས་ཐེག་པ་ཆེན་པོ་བའི་ཁོངས་སུ་གཏོགས་མོད་ཀྱང་། ཐེག་དམན་ནམ་ཐེག་ཆུང་གི་སྡེ་སྣོད་ལ་མཐོང་ཆུང་མི་བྱེད་པ་མ་ཟད་། འདུལ་བའི་བསླབ་པ་ནི་ཐེག་ཆུང་གི་གྲུབ་མཐའ་ཁོ་ནར་གཞི་བཞག་གི་རྣམ་པ་འབྱེད་ཅིང་། འཚང་རྒྱ་བའི་རིམ་པ་ལ། གང་ཟག་གཅིག་གིས་། ཐེག་པ་གཉིས་དང་། སྐྱེས་བུ་གསུམ་། གྲུབ་མཐའ་བཞི་བཅས་ཀྱི་ལམ་གྱི་རིམ་པར་ལ་རིམ་པ་བཞིན་དུ་བསླབ་དགོས་པ་ནི་མ་ཚང་ན་མི་འགྲིག་ཤིང་མེད་དུ་མི་རུང་བ་ཁོ་ན་ལ་འདོད་དེ། ཇི་སྐད་དུ་རྗེ་ཙོང་ཁ་པའི་གསུང་ལས་། འདིར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེབ་བུ་གསུམ་གྱིས་ཉམས་སུ་བླང་བའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྡུས་པ་། ཞེས་གསུངས་པ་བཞིན་ཡིན་པས་སོ། དེས་ན་བོད་རྒྱུད་ནང་བསྟན་ནི་། ཐེག་པ་ཆེ་ཆུང་ཀུན་ལ་སྤྱད་པ་དང་། མདོ་སྔགས་ཟུང་དུ་འབྲེལ་བ་། ཐབས་ཤེས་ཟུང་དུ་འབྲེལ་བ་། ལྟ་སྤྱོད་ཟུང་དུ་འབྲེལ་བ་། ཕྱི་ལ་ཉན་ཐོས་སྤྱོད་པ་ཞི་ཤིང་དུད་བ། ནང་དུ་རིམ་གཉིས་རྣལ་འབྱོར་དོན་དང་ལྡན་པ་དང་སོགས་པའི་རླབས་ཆེན་གྱི་ཆོས་ཚུལ་ཁྱད་དུ་འཕགས་པ་ཞིག་ཡིན་པའོ།
གཉིས་པ་། བོད་རྒྱུད་ནང་བསྟན་ལ་། ནང་དོན་རིག་པའི་བླ་མེད་ཀྱི་སྙིང་པོ་གཉིས་འདུ་ཡོད་པ་ནི། གནམ་ལ་གསལ་བ་ཉི་མ་ཟླ་བ་། ས་ལ་གསལ་བ་རིན་ཆེན་རྣམ་གཉིས་ཟེར་བའི་དཔེ་ལྟ་། རིན་པོ་ཆེ་རྣམ་གཉིས་ནི། ནང་བསྟན་རིག་པའི་གཞུང་ལུགས་ཀྱི་སྙིང་པོ་སྟེ་། ཟབ་ལམ་དབུ་མའི་ལྟ་བ་དང་བླ་མེད་རྡོ་རྗེ་ཐེག་པའོ།
འཛམ་གླིང་འདིའི་སྟེང་གི་འཕེལ་རྒྱས་ཅན་གྱི་ཆོས་ལུགས་ཡོད་ཚད་ལ་རང་རང་གི་སྐྱབས་གནས་དང་། ལྟ་གྲུབ་། ཐར་ལམ། དེ་དག་ལ་ཉེ་བ་མཁོ་བའི་མཚན་ཉིད་རིག་པ་རེད་ཡོད་མོད་། ནང་པ་སངས་རྒྱས་པས་ནི་། ལེགས་ཉེས་དང་། བླང་དོར་། གནས་ལུགས་དང་། རྒྱུ་མཚན་། རྟེན་འབྲེལ་སོགས་། ལྟ་སྤྱོད་གཉིས་ཀྱི་འཕེལ་རྒྱས་ཡོང་སའི་འབྱུང་ཁུངས་དང་། གཞི་རྩ་རྣམ་ལ་མཐོང་ཆེན་བྱེད་ཅིང་། མཚན་ཉིད་རིག་པ་ནི་བྱ་དངོས་ངོ་ཤེས་པའི་ཐབས་ལམ་ཙམ་དུ་མ་ཟད་། ལྟ་སྤྱོད་ཕ་རོལ་ཏུ་ཕྱིན་པའི་གཞི་རྟེན་ཀྱང་ཡིན་པས་། འདི་ལྟར་ཏེ་། སྦྱོར་བ་བཞི་ཉམས་སུ་ལེན་། མཁྱེན་པ་གསུམ་རྒྱུད་ལ་སྐྱེད་། ལྟ་སྤྱོད་གཉིས་ཕ་རོལ་ཏུ་སོན་པ་ན་དེ་གཅིག་པོ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞེས་ཀྱང་བྱའོ།
ནང་པ་སངས་རྒྱས་པ་ལ་གྲུབ་མཐའ་མི་འདྲ་བ་བཞི་ཡོད་པ་ནི། བྱེ་བྲག་སྨྲ་བ་དང་།མདོ་སྡེ་པ་། སེམས་ཙམ་པ་། དབུ་མ་པ་བཅས་སོ། དེ་དག་ལས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་སྲོལ་གཏོད་པའི་དབུ་མ་པ་ནི་ནང་པའི་གྲུབ་མཐའ་ཀུན་གྱི་ཡོངས་རྩེ་རུ་འདོད་དོ། (former Soviet Union 前苏联科学家院院士沏尔巴茨基说)སུང་ལན་གྱི་ཚན་རིག་པ་ཆ་པ་ཚུ་ཆས་ཞེས་པ་ཁང་གིས་མགོན་པོ་ཀླུ་སྒྲུབ་ནི་འགྲོ་བ་མི་ཡི་རིགས་ཀྱི་རླབས་ཆེན་གྱི་མཚན་ཉིད་རིག་པ་བའི་ཁོངས་སུ་བཅུག་དགོས་ངེས་རེད་། ང་ཚོས་(hegel黑格尔)ཧེ་གྷེལ་དང་མགོན་པོ་ཀླུ་སྒྲུབ་གཉིས་ཀྱི་མཚན་ཉིད་རིག་པ་ལ་དཔྱད་བསྡུར་ཞིག་བྱེད་ན་དེ་གཉིས་ཀྱི་འདྲ་ས་དང་མཐུན་ས་མང་པོ་ཞིག་མཐོང་འོང་བ་མ་ཟད་། དེ་གཉིས་ནི་ཤིན་ཏུ་ནས་གཉེན་ཉེ་ཡིན་པའང་མཐོང་འོང་ཞེས་གསུང་མྱོང་ལ། ཇེར་མ་ནི (Germany་)ཡི་སྤྱི་ཚོགས་མཚན་ཉིད་རིག་པ་བ་། ཨན་གེལ་སུ(་Engels་)ཡིས་<<རང་བྱུང་རྩེད་སྒྲུབ་རིག་པ>>ནང་དུ་། ནང་པ་སངས་རྒྱས་པ་ཚོ་ནི་མཐོ་རིམ་གནས་ཚད་ཀྱི་གནས་ལུགས་བསམ་གཞིག་གི་རིམ་པ་ལ་གནས་འདུག་ཞེས་བསྔགས་པའང་མཛད་མྱོང་བ་རེད། འདི་དག་ལ་བསམ་དང་ནང་པ་སངས་རྒྱས་པའི་མཚན་ཉིད་རིག་པའི་འཕེལ་རྒྱས་ཀྱི་གནས་ཚད་དེ་ཚད་གཞི་ཧ་ཅང་མཐོ་པོ་ཞིག་ལ་ཡོད་པ་རྟོགས་ཡོང་།
བོད་རྒྱུད་ནང་བསྟན་གྱི་མཚན་ཉིད་རིག་པའི་གཞུང་ལུགས་ཡོད་དོ་ཅོག སྡེ་ཚན་རུ་ཕྱེ་ན་བཞི་ལ་འདུ་བ་ཡིན་ཏེ་། བྱེ་བྲག་སྨྲ་བ། མདོ་སྡེ་པ་། སེམས་ཙམ་པ་། དབུ་མ་པ་སྟེ་བཞི་འོ། དེ་དག་ལས་བཞི་པ་དབུ་མ་པའི་གྲུབ་མཐའ་འདི་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དཔྱད་པ་ཞིབ་ཏུ་གཏོང་ནས་ལེགས་པར་གཏན་ལ་འབེབ་པ། ནང་པའི་ལྟ་གྲུབ་ཀུན་གྱི་ཡོངས་རྩེ་ཕུལ་དུ་རྨད་དུ་བྱུང་བ་ཉིད་ཡིན་ལ་། དབུ་མ་པ་ལའང་རང་རྒྱད་དང་མཐའ་འགྱུར་གཉིས་སུ་ཡོད་པས་། གཙོ་བོ་ཕྱི་མ་མཐའ་འགྱུར་བའི་ལམ་བཟང་འདི་ཉིད་ཡིན་ཏེ་། ཇི་སྐད་དུ་རྗེ་ཙང་ཁ་པས་དྲང་བ་དང་ངེས་པའི་དོན་རྣམ་པ་འབྱེད་པ་ལས་། “འཛམ་གླིང་མཁས་པའི་རྒྱན་གྱུར་འདི་རྣམས་ཀྱི། ལེགས་བཤད་ཀུན་ལ་སྙིང་ནས་གུས་མོད་ཀྱང་། འཁོར་འདས་རྟེན་འབྱུང་མི་སླུའི་གཏན་ཚིགས་ཀྱིས་། མཚན་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པའི། ཟླ་བ་ལས་འོངས་ལེགས་བཤད་འོད་དཀར་གྱིས་། བློ་མིག་ཀུན་དའི་ཚལ་རབ་ཕྱེ་བའི་ཚེ་། སངས་རྒྱས་བསྐྱངས་ཀྱིས་བསྟན་པའི་ལམ་མཐོང་ནས་། ཀླུ་སྒྲུབ་ལུགས་བཟང་གཙོ་བོ་མི་འཛིན་སུ།” ཞེས་གསུངས་པ་ལྟར་དོན་ལའང་གནས་པས་སོ། དེས་ན་བོད་གངས་ཅན་ལྗོངས་ཀྱི་མཁས་པ་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་སྔ་མེད་པའི་བྱས་རྗེས་ཆེན་པོ་འཇོག་ཡོད་པ་མ་ཟད། ལྷག་དོན་དུ་རྗེ་ཙང་ཁ་པས་ནི། སངས་རྒྱས་ཀྱི་བསྟན་པ། བྱེད་མདོ་དབུ་སེམས་བཞི་ཡི་ལྟ་གྲུབ་ལ་། ལུགས་རིག་དཔྱད་པ་གསུམ་གྱིས་དག་ཐེར་ལེགས་པ་བྱས་ཤིང་། ཟབ་པ་དང་རྒྱ་ཆེ་བའི་དོན་གཉིས་ཕྱིན་ཅི་མ་ལོགས་པར་གཏན་ལ་འབེབས་ཏེ། མདོ་སྔགས་གཞི་གཅིག་ལ་འདུ་བའི་ལམ་བཟང་གསལ་བ་ཕྱེ་བ་སོགས་ཀྱིས་མཚན། བྱས་རྗེས་བླ་ན་མེད་པ་བཞག་པར་རྟེན། གངས་ཅན་མཁས་པའི་གཙུག་རྒྱན་དང་། གངས་ཅན་ཤིང་ལྟའི་སྲོལ་འབྱེད་སོགས་ཀྱི་མཚན་སྙན་ཀྱང་ཐོབ་པའོ། བོནན་གཙུག་ལག་སློབ་གཉེར་ཁང་གི་(University of Bonn Germany) བོད་རྒྱུད་ནང་བསྟན་ཆེད་ལས་དགེ་རྒན་ཆེན་པོ་བྷ་ལ་ཁེ(Blake)ཡིས་གསུང་བ་བཞེས་ན། “གནའ་དེང་གི་བོད་རྒྱུད་ནང་བསྟན་ལ་མི་སེམས་དབང་མེད་དུ་འགུགས་པ་ནུས་པའི་ནུས་པ། མཐུ་མོང་མ་ཡིན་པ་གཉིས་ཡོད་པ་ནི་། ཟབ་ཅིང་རྒྱ་ཆེ་བའི་མཚན་ཉིད་རིག་པ་དང་། རང་གཞན་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་ལྟ་བའི་། རང་དབང་དང་འདྲ་མཉམ་གྱི་རིན་ཐང་ལྟ་ཚུལ་འདི་གཉིས་སོ། ”ཞེས་ཀྱང་གསུང་མྱོང་བའོ།
གསང་སྔགས་ནི་ནང་བསྟན་གྱི་དོན་སྙིང་ནང་གི་ཡང་སྙིང་དེ་རེད་ལ། ནོར་བུའི་ནང་གི་ནོར་བུ་དེ་རེད་། འཇིག་རྟེན་གྱི་དོན་ཉིད་རྟོགས་པ་དང་། མི་ཚེ་ལ་སྙིང་པོ་ལེན་བྱེད་ཀྱི་ལྡེ་མིག་རེད་ལ། ཐར་པའི་ཡོངས་རྩེ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་བགྲོད་པར་བྱེད་པའི་འཇུག་སྒོ་ཡང་རེད་། གསང་སྔགས་ཕྱི་ལུགས་སུ་སྨྲ་མཁན་དག་ནི་། ནང་བསྟན་ལ་གོ་མ་ཆགས་ཤིང་། ཐོས་བསམ་སྒོ་གསུམ་གྱི་གདིང་མ་ཐོབ་པའི་གང་ཟག་རྣམ་ཡིན་པ་ལས་། ཐོས་པ་རྒྱ་ཆེ་ལ་བསམ་པ་གཏིང་ཟབ་པའི་མཁས་པའི་དབང་པོ་རྣམས་ནི་། ཐེག་པ་ཀུན་གྱི་མཆོག་འགྱུང་རྡོ་རྗེ་ཐེག སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། བདེ་བླག་མྱུར་དུ་འཇུག་པ་བྱིན་གྱིས་རློབས་ཞེས། གསང་སྔགས་རྡོ་རྗེ་ཐེག་པ་ལ་ཤིན་ཏུ་ནས་ཧ་ཅང་གིས་མོས་པ་ཡིན་པས་སོ། ཉི་ཧོང་གི་སློབ་དཔོན་ཆེན་མོ་སྟོང་མཚོ་མཆོག་གིས་ཀྱང་། “ནང་བསྟན་རིག་པའི་ཟབ་རྒྱས་ཀྱི་ཆོས་ཚུལ་ཡོངས་རྩེ་དེ་ནི་གསང་སྔགས་ཡིན་།” ཞེས་དང་། ཡང་དབྱིན་ཇིའི་ནང་བསྟན་རིག་པ་བ་ཇྷོ་ཧན་་བྷལོ་ཧྥེལཌ(John Blofeld) ཡིས་བཤད་པ་། “ངས་ལྟོས་ན་གསང་སྔགས་རྡོ་རྗེ་ཐེག་པ་ནི་འགྲོ་བ་མི་ཡི་བསམ་བློ་འཕེལ་རྒྱས་ཀྱི་། ཆེས་བརྗིད་ཆགས་བཀྲག་མདངས་ཀྱི། གཟི་བྱིན་འབར་བའི་མེ་ཏོག་ཆུན་པོའི་ནང་གི་གཅིག་ཏུ་ངེས་འཛིན་ཞུ་བཞིན་ཡོད་། ”ཞེས་ཀྱང་སྨོས་སོ།
ནང་བསྟན་གསང་སྔགས་ལ་རྒྱུད་སྡེ་བཞི་ཡོད་པའི། རྒྱུད་སྡེ་འོག་མ་གསུམ་གྱི་ནང་གི་བྱ་རྒྱུད་དང་སྤྱོད་རྒྱུད་འགའ་ཞིག་ཤིག སྔ་མོ་རྒྱ་རྒྱུད་ནང་བསྟན་ནང་དུ་དར་མྱོང་ཡང་། རྗེས་སུ་རྒྱ་ནག་ཏུ་རྒྱུད་པ་ཆད་པ་ནས་། ཉི་ཧོང་དང་ཀོ་རེ་ཨ་ལ་དར་སོང་བ་རེད་། དེ་ལ་ཤར་རྒྱུད་དུ་འབོད་པའང་ཡོད་། ཡིན་ནའང་རྒྱུད་པ་དེ་ཡི་ནང་དུ་རྣལ་འབྱོར་བླ་མེད་རྒྱུད་མེད་པ་མ་ཟད་། རྒྱུད་སྡེ་འོག་མ་གསུམ་གྱི་ནང་ནས་ཀྱང་མང་ཆེ་བ་མེད་ཅིང་། དེ་དག་མ་ཚང་བ་མེད་པ་ཡོད་པ་ནི་བོད་རྒྱུད་ནང་བསྟན་ཁོ་ན་རེད། དེ་བཞིན་དུ་གསང་སྔགས་ཀྱི་ཉམས་ལེན་ལ་། དབྱེ་སྒོ་དང་། རྒྱུད་པ་རྒྱུད་ཁོངས་སོགས་། བོད་རྒྱུད་ནང་བསྟན་ནང་དུ་རྙིང་མ་དང་། ས་སྐྱ་། བཀའ་བརྒྱུད་དང་། དགེ་ལུགས་། ཇོ་ནང་། བོན་ལ་སོགས་པ་། ཆོས་རྒྱུད་ཆེ་ཆུང་སྣ་ཚོགས་པ་བཅུ་ཕྲག་ལས་བརྒལ་བ་ཡོད་པས། གསང་སྔགས་ལ་ཐོས་བསམ་སྒོམ་གསུམ་དང་། འཆོད་རྩོད་རྩོམ་གསུམ་གྱི་སྒོ་ནས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཆེན་པོ་བཞག་ཡོད་པའོ།
གསུམ་པ་། བོད་རྒྱུད་ནང་བསྟན་རིག་པས་ནི་། ནང་བསྟན་རིག་པའི་ནང་གི་ཁྱོན་ཡོངས་ཀྱི་གོ་ས་མཐོ་ཆེས་དེ་བཟུང་ནས་ཡོད་། བསམ་བློ་རིག་པ་དང་། གཏན་ཚིགས་རིག་པ། མཚན་ཉིད་རིག་པ་བཅས་ཀྱི་ནང་དོན་ཟབ་རྒྱས་དང་། འཕེལ་རྒྱས་ཀྱི་ཡོངས་རྩེ་སོན་པ་ནི་བོད་རྒྱུད་ནང་བསྟན་དུ་ཡོད་ཀྱི་གཞན་དུ་མེད་། ནང་བསྟན་རིག་པ་འཛམ་གླིང་དུ་དར་ནས་མི་ལོ་༢༥༠༠་ལས་མང་བ་ཕྱིན་ཟིན་པ་ལ་། ལོ་ཟླ་རིང་མོ་འདི་དག་གི་ནང་དུ་། མི་རབས་ནས་མི་རབས་ཏུ། བརྒྱ་ཚོ་སྟོང་ཚོ་ཡི་ནང་དོན་རིག་པའི་མཁས་དབང་རྣམ་པས་། མདོ་སྔགས་གཉིས་ཀྱི་ཆོས་ཚུལ་ལ་སྔ་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི། ས་ཚིགས་རྐྱང་རྐྱང་བཞག་ནས་། བསྟན་པ་ལ་དག་ཐེར་དང་། ཞིབ་འཇུག སྡོམ་ཚིག་སོགས་བཟོས་ཡོད་ལ། དུས་དེ་རིང་གི་ནང་བསྟན་རིག་པའི་གཞུང་ལུགས་འདི་ནི་ཟབ་ཅིང་རྒྱ་ཆེ་བ་དང་། མ་ཚང་བ་མེད་པ་ཚང་ཤིང་ཡིད་དུ་འོང་བ་། གཏིང་དཔོག་དཀའ་ལ་དཔངས་མཐོ་བའི་ཆོས་ཚུལ་གྱི་ཆེ་བ་ནི་བསམ་གྱིས་མི་ཁྱབ་པར་དང་བརྗོད་ཀྱིས་མི་ལང་བ་ཞིག་ཆགས་ཡོད་པ་འདི་འོ། བོད་རྒྱུད་ནང་བསྟན་རིག་མཛོད་ཀྱིས་། རྒྱ་གར་ནས་རྒྱུད་བའི་མདོ་སྔགས་གཉིས་ཀ་འདུ་བ་མ་ཟད་། རྒྱ་གར་ན་སློབ་དཔོན་ཆེན་པོ་དག་གིས་གཏན་ལ་དབབ་ཟིན་པ་རྣམས་། རང་གི་མདུན་སྐྱེད་ཀྱི་འགོ་བཙུགས་སའི་གཞི་མ་ལ་བཞག་ནས་དེའི་སྟེང་དུ་ཟབ་འཇུག་དང་རྒྱས་འཇུག་གཉིས་ཀྱི་སྒོ་ནས་མུ་མཐུད་དུ་མདུན་སྐྱེད་དང་འཕེལ་རྒྱས་སུ་ཕྱིན་པར་ཤུགས་སྣོན་གྱི་འབད་བརྩོན་ཧ་ཅང་ཆེན་པོ་བྱས་ཡོད་། དུས་རབས་བཅུ་གཅིག་པའི་དུས་དཀྱུལ་དུ་རྒྱ་གར་གྱི་མཁན་ཆེན་དཔལ་མར་མེ་མཛད་དམ་ཨ་ཏི་ཤས་། “ནང་པའི་བསྟན་པ་བོད་ལ་དར་བའི་འཕེལ་རྒྱས་ཀྱི་ཚུལ་འདི་ནི་རང་གི་ཕ་ས་རྒྱ་གར་ལ་དར་ཚུལ་ལས་ཀྱང་ལྷག་པ་ཞིག་རེད་” ཞེས་གསུང་མྱོང་། དུས་རབས་བཅུ་གཅིག་པའི་ནང་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་བཏབ་ནས་ཚད་མ་རྣམ་ངེས་དང་བྱམས་ཆོས་གཞིར་བཞག་གིས་གསང་ཕུར་རིགས་ལམ སློབ་གཉེར་གྱི་རྟེན་གཞི་བཙུགས་པ་ནས་བཟུང་། བཀའ་གདམས་པ་དང་། ས་སྐྱ་བ། དགེ་ལུགས་པ་སོགས་ཆོས་རྒྱུད་ཆེ་ཁག་དག་གིས་མདོ་དབུ་སྟོད་སྨད་བར་གསུམ་དུ་། ཚད་མ་རིག་པ་དང་། ནང་དོན་རིག་པར་སློབ་གཉེར་གྱི་རྟེན་གཞི་སྟོང་ཕྲག་མང་པོ་བཙུགས་པ་དང་། སློབ་གཉེར་གྱི་རྟེན་གཞི་འདི་དག་ནི་། ནང་དོན་རིག་པ་ལ་ཐོས་བསམ་སློབ་གཉེར་དང་། བརྟག་དཔྱོད་ཞིབ་འཇུག་བྱེད་ས་དག་དག་ཏུ་གྱུར་བ་མ་ཟད་། བཅུ་ཕྲག་རིག་པའི་གནས་ལ་སྦྱོང་བ་རྒྱ་ཆེ་བྱེད་དེ་བོད་གངས་ཅན་ལྗོངས་ཀྱི་མི་སྤུས་སྐྱེད་སྲིང་བྱེད་སའི་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ཤ་གཅིག་ཏུ་གྱུར་ཡོད་པ་རེད། དེས་ན་། བཅུ་ཕྲག་རིག་པའི་གནས་ལ་མཁས་པའི་མཁས་པ་ནམ་མཁའི་སྐར་ཚོགས་ལྟ་བུར་སྐྱེད་སྲིང་ཀྱང་བྱས་ཡོད་པ་རེད་ལ། དེ་དག་གིས་མདོ་སྔགས་གཉིས་ཀྱི་ནང་བསྟན་མཚན་ཉིད་རིག་པ་འདི་བླ་ནས་བླ་རུ་འམ་། ཡོངས་རྩེ་ནས་ཡོངས་རྩེ་ལ་མཐོ་འདེབས་དང་གྱེན་འདེབས་བྱས་ཡོད་པའང་དེ་ལྟ་ཡིན་ཏེ་། ལུགས་རིག་དཔྱོད་པ་གསུམ་གྱིས་དག་ཐེར་ལེགས་པ་བྱས་པའི་རང་གཞུང་པོ་ཏི་ཁྲི་ཚོ་ལས་བརྒལ་བ་མཐོང་ཆོས་སུ་མཇལ་རྒྱུ་ཡོད་པ་དེའི་ཕྱིར་རོ། ལུགས་རིག་དྲི་མ་མེད་པ་དང་། རྣམ་དཔྱོད་འགྲན་ཟླ་བྲལ་བའི་མཁས་པའི་དབང་པོ་དེ་དག་གིས་རིག་པའི་རྩལ་ལས་འཁྲུངས་པའི་ཞིབ་འཇུག་གི་འབྲས་བུ་གཡུར་དུ་ཟ་བ་འདིས་། མི་ཡུལ་གྱི་ནང་པའི་ལྟ་གྲུབ་ཆེན་མོ་ལ་སྔ་བྱུང་མྱོང་མེད་ལ་ཕྱི་འབྱུང་བའང་མི་སྲིད་པའི་བྱེད་རྗེས་བཞག་ཡོད་པ་ནི་ཀུན་གྱི་མཁྱེན་གསལ་ལྟར་རོ།
བཞི་པ། བོད་རྒྱུད་ནང་བསྟན་གྱིས་ནང་དོན་ཕུན་སུམ་ཚོགས་པའི་ཤེས་རིག་རིག་གནས་སྣ་ཁ་མང་པོ་ནང་འདྲེན་བྱས་ཡོད་། ནང་པ་སངས་རྒྱས་པ་ལྟ་ན་འཇིག་རྟན་ནི་སྡུག་བསྔལ་གྱི་རྒྱ་མཚོ་ལྟ་བུ་ཡིན་ལ། སྡུག་བསྔལ་གྱི་རྩ་བ་ནི་རྨོངས་པ་མ་རིག་པ་ཡིན་པས་། སྡུག་བསྔལ་རྩ་བ་ནས་གཏན་མེད་དུ་བྱེད་པ་ལ། ཐབས་ལམ་གཅིག་ཁོ་ན་ཡོད་པ་ནི། ཤེས་ཡོན་འཕེལ་རྒྱས་དང་ཤེས་རབ་གོང་འཕེལ་གཏོང་ནས་། མ་རིག་པའམ་མི་མཐོང་བའི་རྨོངས་པའི་གནས་ལུགས་མེད་པ་བཟོ་དགོས་པ་དེ་རེད་། ‘སངས་རྒྱས་’ཞེས་པའི་སྒྲ་ཡི་བཤད་པའང་དེ་ཁོ་ལྟ་ཡིན་ཏེ་། སངས་ཞེས་པ་རྨོངས་པ་མ་རིག་པའི་གཉིད་ལས་སངས་བ་དང་། རྒྱས་ཞེས་པ་ནི་ཤེས་བྱའི་གནས་ཀུན་དུ་བློ་གྲོས་ཀྱི་མིག་རྒྱས་པ་ལ་ཡིན་གྱི། “གཙོ་བདག་”དང་། “འཇིག་རྟེན་”བཀོད་པ་པོ་ཞེས་པ་ལྟ་བུ་མ་ཡིན་པས་སོ། དེས་ན་སངས་རྒྱས་ཆོས་ལུགས་པས་། ཤེས་རིག་རིག་གནས་ལ་གཙིགས་མཐོང་ཆེན་པོ་བྱེད་པ་རེད་། བོད་རྒྱུད་ནང་བསྟན་གྱིས་ཤེས་བྱ་རིག་པའི་ཐམས་ཅད་། བློ་གྲོས་ཀྱི་མིག་རྒྱས་པ་དང་། དོན་ཁོ་ན་ཉིད་རྟོགས་ནས་མངོན་པ་སངས་རྒྱས་པའི་རྒྱུ་འབའ་ཞིག་ཏུ་འདོད་ཀྱི། སེམས་ཅན་གྱི་འདོད་དོན་སྒྲུབ་པའི་ཐབས་འབའ་ཞིག་ཏུ་འདོད་དོ། དེར་བརྟན། བོད་རྒྱུད་ནང་བསྟན་གྱིས་། བསམ་བློ་གུ་ཡོངས་དང་། ཐུགས་དགོངས་རྒྱ་ཆེ་ཡི་ཐོག་ནས་། རིག་པའི་གནས་བཅུ་ལ་སོགས་པ་ཤིས་རིག་སྣ་མང་བསྡུ་ལེན་བྱེད་པ་ཡིན་ཏེ་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས “གྲོལ་བ་དོན་གཉེར་གྱིས་རིག་པའི་གནས་ལྔ་ལ་མཁས་པར་བྱ་དགོས་ཏེ། ཕྱི་རྒོལ་ཚར་གཅོད་པ་ལ། གཏན་ཚིགས་རིག་པ་དང་། སྒྲ་རིག་པ་ཤེས་དགོས་། གདུལ་བྱ་རྗེས་སུ་འཛིན་པ་ལ་བཟོ་རིག་པ་དང་། གསོ་བ་རིག་པ་ཤེས་དགོས་། བདག་ཉིད་རིག་པའི་གནས་ལ་མཁས་པར་བྱེད་པ་ལ། དེ་བཞི་ཀ་ཤེས་དགོས་། གྲོལ་བ་ཐོབ་པ་ལ་ནང་རིག་པ་ཤེས་དགོས་པའི་ཕྱིར” ཞེས་གསུང་པ་དང་། རྗེ་བཙུན་བྱམས་པ་མགོན་པོས་ཀྱང་། “རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན།། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་བས་།། དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་འཛིན་དང་། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ་།།” ཞེས་སོསག་གསུངས་པས་སོ། འདི་ལྟ་བུའི་བསམ་བློ་འདུ་ཤེས་ཀྱི་ཤུགས་རྐྱེན་འོག བོད་རྒྱུད་ནང་བསྟན་འདིའི་ལྷུ་ལག་ཆགས་པའི་རྒྱུན་རིམ་ན་། སློབ་གསོ། སློབ་གཉེན་དང་། སྒྲ་བསྒྱུར་སོགས་ཀྱི་ཐོག་ནས་། མདོ་སྔགས་གཉིས་དང་། ཐེག་པ་གསུམ་། གྲུབ་མཐའ་བཞི་སོགས་ནང་འདྲེན་བྱེད་པ་མ་ཟད་། ད་དུང་རྒྱ་གར་དང་། བལ་པོ་། སོག་པོ། རྒྱ་ནག་སོགས་ནས་། བསྡུ་ལེན་བྱས་པའི་ཕུན་སུམ་ཚོགས་པའི་དམངས་ཁྲོད་ཀྱི་ཤེས་རིག་སྒྱུ་རྩལདང་། བོད་པ་རང་གི་མི་རིགས་རིག་གནས་གནས་བར་ཕན་ཚུན་གཞི་གཅིག་ཏུ་སྦྲེལ་ནས་། བོད་རྒྱུད་ནང་བསྟན་གྱི་ཐོག་ནས་མངོན་པའི་ཤེས་རིག་རིག་གནས་ཀྱི་ལྷུ་ལག་འདི་ཆགས་པ་རེད་། དེ་ལྟ་བསྡུ་ལེན་བྱ་བའང་། སྐད་ཡིག་དང་། ལོ་རྒྱས་། རྩོམ་རིག གཏན་ཚིག་རིག་པ་། མཚན་ཉིད་རིག་པ་། སྨན་རྩིས་རིག་པ་། གནམ་རིག བརྐོས་དང་རི་མོ། ཤིང་བཟོ་དང་རྡོ་བཟོ་། མགར་བཟོ། རོལ་མོ་དང་ཟློས་གར། ལུས་རྩལ་དང་། ཟ་མ་རིག་པ་དང་གོན་ཆས་རིག་པ་། མདོ་ན་རྒྱུན་ལྡན་འཚོ་བའི་རྣམ་པ་སྣ་ཚོགས་ཤིག་ནང་འདྲེན་དང་བསྡུ་ལེན་བྱས་ཡོད་། དེ་དང་ཆབས་གཅིག་དགོན་སྡེ་སློབ་གཉེར་ཁང་རྒྱུད་ནས་ཤེས་རིག་སློབ་གསོ་སྤེལ་ནས་། མི་སྤུས་སྐྱེད་སྲིང་བྱེད་པར་རྟེན་། ནང་བསྟན་རིག་པའི་རྩིས་ཤེས་རིག་མི་ཉམས་རྒྱུན་འཛིན་དང་། དར་ཁྱབ་སྤེལ་གསུམ་བྱེད་ཐུབ་པ་བྱུང་ཡོད་། དེས་ན་བོད་རྒྱུད་ནང་བསྟན་ནི་། ཆོས་ལུགས་བྱེ་བྲག་པ་ཞིག་གི་རྣམ་པ་ལས་ཡོངས་སུ་བརྒལ་ནས་། ཕུན་སུམ་ཚོགས་པའི་རིག་པའི་གཞུང་ལུགས་དང་། རྣམ་པ་བཀྲ་བའི་ཡུལ་གོམས་གཤེས་ལུགས་། འདོད་དགུ་ཡོངས་སུ་འདུ་བའི་འགྲོ་བ་མི་ཡི་ཤེས་རིག་རིག་གནས་ཀྱི་བང་མཛོད་ཆེན་མོ་ཞིག་ཏུ་གྱུར་ཡོད་།
ལྔ་པ་དམིགས་ཡུལ། བོད་རྒྱུད་ནང་བསྟན་ནི་མ་ཚང་བ་མེད་པ་ཡོངས་སུ་ཚང་ལ་མ་ནོར་བའི་ལམ་བཟང་ཀུན་འདུས་ཀྱི་རྩ་བ་བརྟན་པར་ཚུགས་ཤིང་། རྩེ་མོ་རབ་ཏུ་རྒྱས་པའི་རིག་པའི་གཞུང་ལུགས་ཤིག་ཡིན། ལྷོ་རྒྱུད་ཐེག་པ་ཆུང་ངུ་བའི་དམིགས་ཡུལ་ནི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བྲལ་བའི་མྱང་འདས་ཙམ་ཡིན་ལ། རྒྱ་རྒྱུད་ནང་བསྟན་གྱིས་དམིགས་ཡུལ་ནི་ཕྱི་མར་སངས་རྒྱས་ཀྱི་གོ་འཕང་ལ་སྙེད་པའི་ཐེག་པ་ཆེན་པོ་བ་ཁོ་ན་ཙམ་དང་། ཙེན་(zen禅宗)གྱིས་དམིགས་ཡུལ་ནི་དོན་ཁོ་ན་ཉིད་ཁོང་དུ་ཆུབ་པའོ། སངས་རྒྱས་ཆོས་ལུགས་པའི་སྤྱི་ཁོག་ནས་ལྟོས་ན་། གོང་སྨོས་ཀྱི་དམིགས་བྱ་ཐམས་ཅད་ཕྱོགས་རེ་བ་དང་། ཆ་མ་ཚང་བའི་རང་བཞིན་ཡིན་གྱི། ནང་བསྟན་རིགས་པའི་གཞུང་ལུགས་ཀྱི་སྒོ་ཀུན་དང་། ཕྱོགས་ཡོངས་། ཆ་ཐམས་ཅད་ཀྱི་དགོས་དོན་ནམ་མཐར་ཐུག་གི་དམིགས་འབེན་ཐམས་ཅད་ཚང་བའི་རིག་པའི་གཞུང་ལུགས་ཞིག་ཆགས་མེད་། བོད་རྒྱུད་ནང་བསྟན་གྱི་མགོན་པོ་ཀླུ་སྒྲུབ་དང་། རྗེ་བཙུན་བྱམས་མགོན་ནས་བརྒྱུད་པའི་ཟབ་མོ་ལྟ་བའི་བརྒྱུད་དང་། རྒྱ་ཆེ་སྤྱོད་པའི་བརྒྱུད་། ད་དུང་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་ཉམས་ལེན་བྱིན་རླབས་བརྒྱུད་དེ་། བརྒྱུད་པ་ཆུ་བོ་གསུམ་འབྲེལ་དང་། ཐེག་པ་གསུམ་འབྲེལ། སྐྱེས་བུ་གསུམ་འབྲེལ་གྱི་སྒྲོམ་གཞི་ལེགས་པ་བཙུགས་ཡོད་པ་ཡིན། དེས་ན་སྐྱེས་བུ་ཆུང་ངུའི་དོན་དུ་གཉེར་བྱ་ནི་ཕྱི་མ་ངན་སོང་དུ་མི་སྐྱེ་བ་བདེ་འགྲོ་ལྷ་མིའི་གོ་འཕང་ཙམ་དོན་དུ་གཉེར་བ་ཡིན་ལ་། དེའི་ཆེ་དུ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སྲུང་བའོ། སྐྱེས་བུ་འབྲིང་ནི་གཙོ་བོ་བསླབ་པ་གསུམ་ཉམས་སུ་ལེན་པར་རྟེན་ནས་ངན་སོང་དང་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་ཐར་བའི་བདེ་བ་དོན་དུ་གཉེར་བའོ། སྐྱེས་བུ་ཆེན་པོས་ནི་། དང་པོ་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་། མཐར་མངོན་པ་རྫོགས་པ་སངས་རྒྱས་པ་ཡིན་པས་། གཞན་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དོན་དུ་གཉེར་བ་ཡིན་ལ་། དེའི་ཆེད་དུ་ལམ་ཟབ་མོ་། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཞུགས་ནས་། སྦྱིན་སོགས་ཕར་ཕྱིན་བཅུའི་ཉམས་ལེན་དང་། གསང་སྔགས་རྡོ་རྗེ་ཐེག་པ་ཞུགས་ནས་མཐར་འགྲོ་ཀུན་སེམས་ཅན་ཐམས་ཅད་ཀྱི་ཕན་བདེ་མ་ལུས་པ་འབྱུང་བའི་ཞིག་སྒོ་། ཟུང་འཇུག་གི་གོ་འཕང་རིན་པོ་ཆེ་མངོན་དུ་བྱེད་པ་ཡིན་པའོ། དེས་ན་སྐྱེས་བུ་ཆུང་ངུ་དང་འབྲིང་གི་དོན་དུ་གཉེར་བྱ་ནི་གནས་སྐབས་ཀྱི་འདོད་དོན་ཙམ་དང་། སྐྱེས་བུ་ཆེན་པོའི་དོན་དུ་གཉེར་བྱ་ནི་མཐར་ཐུག་གི་འདོད་དོན་ཡིན་པས་། དེ་དག་གི་ཉམས་སུ་ལེན་བྱའི་ལམ་གྱི་རིམ་པའང་མི་འདྲ་བ་ཡིན་ནོ། བོད་རྒྱུད་ནང་བསྟན་གྱི་ཆེས་མཐོ་བའི་རིན་ཐང་ལྟ་ཚུལ་ནི་། རང་ཉིད་ཁོ་ན་སེམས་པ་ནི་རྒུད་པ་མ་རུང་བ་ཀུན་གྱི་སྒོ་ཡིན་པ་དང་། མ་རྒན་སེམས་ཅན་ཐམས་ཅད་ཀྱི་འདོད་དོན་སྒྲུབ་པ་ནི་དགོས་འདོད་ཡོན་ཏན་ཀུན་གྱི་གཞི་པ་ལྟ་བ་ཡིན་ཏེ་། ཇི་སྐད་དུ་། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ།། མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི། དེས་ཕྱིར་བདག་གཞན་བརྗེ་བའི་རྣལ་འབྱོར་ལ་།། ཞམས་ལེན་སྙིང་པོ་ལེགས་པ་བྱིན་གྱིས་རློབས་།། ཞེས་གསུངས་པ་ཡིན་པས་མ་རྒན་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་མཉམ་པ་དང་། སྡུག་བསྔལ་མི་འདོད་པ་མཉམ་པར་བསམ་ནས་“བདག་གིས་བདེ་དགེ་གཞན་ལ་གཏོང་བ་དང་། འགྲོ་བའི་སྡུག་བསྔལ་བདག་ལ་སྨིན་པ་ཤོག” བསམ་པའི་བསམ་པ་དང་བཅས་གཞན་དོན་འབའ་ཞིག་སྒྲུབ་པ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་དང་དགོས་པ་གཉིས་ཀ་ཡིན་པ་སེམས་སོ། མི་གསོན་པོ་སྡོད་པར་གཞན་དོན་འབའ་ཞིག་གི་ཆེད་དུ་འཚོ་བ་མ་ཟད་། ཤི་བའི་དུས་སུའང་ལུས་ཕུང་བཀྲེས་སྐོམ་གྱིས་མནར་བའི་བྱ་རྒོད་ལ་གསོན་པ་སོགས། འདི་དག་ནི་བོད་རྒྱུད་ནང་བསྟན་གྱི་རིན་ཐང་ལྟ་ཚུལ་གྱི་གཞི་མའོ། འདི་ལྟ་བུའི་ཀུན་ཕན་གྱི་བསམ་བློ་འདིའི་འོག་ནས་། བོད་རྒྱུད་ནང་བསྟན་གྱིས་རང་བྱུང་ཁོར་ཡུག་དང་། རི་དྭགས་གཅན་གཟན་སྲུང་སྐྱོབ་བྱེད་པ་དང་། རྐུན་ཇག་འཕྲོག་གསུམ་དང་། ལུས་ངག་ཡིད་གསུམ་གྱི་སྡིག་པ་མི་དགེ་བའི་ལས་སྣ་་ཚོགས་པ་བཀག་སྡོམ་བྱས་ནས་སྤྱི་ཚོགས་ཧྲིལ་པོ་ལ་བདེ་འཇགས་དང་བག་ཕད་ཡོང་བའི་མི་རིགས་རིག་གནས་རིན་ཐང་བྲལ་བ་མང་པོའང་སྐྱེད་སྲེང་བྱས་ཡོད་།
དྲུག་པ་། མདོ་ན་དུས་ད་ལྟ་ཡི་བོད་རྒྱུད་ནང་བསྟན་གྱིས་འཛམ་གླིང་ས་ཁྱོན་ཀུན་དུ་ཁྱབ་ཟིན་པས་། གཙོ་བོའི་རྒྱུན་འཛིན་པ་བོད་པ་ཡིན་ཡང་། འཛམ་གླིང་མི་རིགས་ཀུན་གྱིས་དོ་སྣང་དང་། དོན་གཉེར་། དད་པ་། ཉམས་ལེན། ཞིབ་འཇུག་སོགས་བྱེད་བཞིན་ཡོད་པ་མ་ཟད་། རང་རང་ཁག་གི་མི་རིགས་རིག་གནས་དང་སྡེམ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད་པས་། ཚན་རིག་རིག་གནས་དང་དཔུང་པ་མཉམ་གཤིབ་ཀྱི་མདུན་ནས་མདུན་དུ་སྐྱེད་་བཞིན་་པའོ། དགེ་ལེགས་འཕེལ།།
  
·རྩོམ་ཡིག་གོང་མ:དྲན་གདུང་གི་མིག་ཆུ།
·རྩོམ་ཡིག་འོག་མ:བྱང་ཆུབ་ལྟུང་བཤཊ་བཞུཊ
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 17:27:58 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 22:17:56 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 9:25:57 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།29.30MS