ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
རྩོམ་ཡིག་ཀློག་པ།

གླུ་ཚིག་འབྲི་སྟངས་ལ་བསམ་གཞིགས་ཉུང་ངུ་བགྱིས་པ།

རྩོམ་པ་པོ:མི་གསལ།ཡོང་ཁུངས:ཆར་རླུང་གི་ཟིན་བྲིས་གཟིགས་གྲངས:2192ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/9/16 16:11:57ཚོགས་ཡར་སྤྲོད:admin
གླུ་ཚིག་འབྲི་སྟངས་ལ་བསམ་གཞིགས་ཉུང་ངུ་བགྱིས་པ།
རྩོམ་པ་པོ་མི་གསལ།  ཆར་རླུང་གི་ཟིན་བྲིས་ལས་དྲངས།
གླུ་ཚིག་ནི་གླུ་ངག་གི་དབྱངས་རྟ་ལ་རམས་འདེགས་བྱས་ཏེ་རྣ་བའི་བུ་གར་སྙན་ཞིང་འཇེབས་པའི་བདུད་རྩི་སྦྱིན་པ་ཙམ་མིན་པར་བརྗོད་བྱ་དེས་ཉན་པ་པོའི་ཡིད་ཀྱི་སྤྲུལ་བ་སྟེ་རྣམ་རྟོག་གིས་བཟོས་པའི་སྣང་བརྙན་འགྲུབ་པར་བྱས་ནས། མི་རྣམས་ཀྱི་ཡིད་སེམས་འགུག་པ་དང་སློབ་གསོ་ཐོབ་པ། ཤེས་རྟོགས་སྐྱེས་པ་སོགས་ལ་ནུས་པ་ཆེན་པོ་ཐོན་པ་དང་། ཁྱད་པར་མི་རིགས་དེའི་གནས་བབ་ཀྱི་བདེ་སྡུག་ལས་ཐོན་པའི་སེམས་ཀྱི་དགའ་སྐྱོ་བར་མའི་ཚོར་སྣང་རྣམས་ཕྱི་རབས་པ་དང་མི་རིགས་གཞན་པ་རྣམས་ལ་སྟོན་ཐུབ་ཀྱི་ཡོད།
ཕྱོགས་གཅིག་ནས་བཤད་ན་གླུ་ཚིག་ནི་སྲིད་འབྱོར་རིག་གསུམ་ཁྱབ་སྒྲོགས་ཀྱི་སྒྲ་དུང་འདྲ་མོ་རེད་དེ། རྒྱལ་ཁབ་སོ་སོའི་རྒྱལ་གླུ་ཡི་གླུ་ཚིག་དང་། ཚོང་ཟོག་འགྲེམ་སྟོན་བྱེད་པའི་གླུ་ཚིག ཆེད་དུ་རྩོམ་རིག་སྒྱུ་རྩལ་ལ་གཉེར་བའི་གླུ་ཚིག་རྣམས་དམིགས་ཡུལ་ངེས་ཅན་ཞིག་དྲིལ་སྒྲོགས་བྱེད་པའི་ལག་ཆ་རེད།
དེ་དག་ལས་བསྔགས་པར་འོས་པའི་སྐྱེས་བུ་ཆེ་གེ་མོར་བསྟོད་བསྔགས་བརྗོད་པ། བརྩེ་ཞིང་དུང་བའི་ཕ་ཡུལ་གཉེན་མི་སོགས་དྲན་གདུང་བརྗོད་པ། བརྗེད་མའི་བཏུབ་པའི་ཕ་མ་དང་གྲོགས་པོ་གང་གི་བཀའ་དྲིན་བརྗོད་པ། ཡིད་དུ་འོང་བའི་ཡུལ་ལྗོངས་ཁོར་ཡུག་ལ་བསྟོད་པ་བརྗོད་པ། རྒན་བཀུར་གཞོན་བརྩེ་སོགས་ཡ་རབས་སློབ་གསོ་ལ་སྐུལ་འདེད་བརྗོད་པ། ཡུལ་སྲོལ་གོམས་གཤིས་སོགས་མི་རིགས་རིགས་གནས་ལ་མཐོང་ཆེན་བརྗོད་པ། དམག་ཇག་ཆོམ་རྐུན་སོགས་མ་རབས་ཀྱི་ལས་རིགས་ལ་མཚང་འདྲི་བརྗོད་པ། བོར་མི་བྲ་བའི་སྲོལ་རྒྱུན་བཟང་པོར་རྒྱུན་འཛིན་བརྗོད་པ། རང་བློ་དང་མི་མཚམས་པར་ཟུར་ཟ་བརྗོད་པ་སོགས་ནི་སུ་ཞིག་གི་རྣ་བར་སོན་ཡང་སྒྱུ་རྩལ་གྱི་བྲོ་བ་ཞིམ་པོ་རེ་སྟེར་ངེས་ཅན་རེད།
ཡིན་ནའང་སྙན་ངག་དང་གླུ་ཚིག་གཉིས་སུ་ཕྱེས་པའི་སྙན་ངག་གི་ཁོངས་གཏོགས་ལས་གླུ་ཚིག་ཏུ་འགྲོ་དཀའ་བ་རེ་འགའ་ནི་ཉན་པ་པོའི་སེམས་ལ་རྟོག་འགྱུ་གང་ཡང་སློང་མི་ནུས་པར་འཇམ་ལྷང་ལྷང་དུ་བཞུར་བཞིན་ཡོད། དཔེར་ན་སྐྱེས་བུ་ཁྱད་པར་བ་ཞིག་ལ་བསྟོད་པ་བརྗོད་པར་སྟོང་ཆེན་ཀུན་གསལ་དབྱིངས་ཀྱི་ཆོས་སྐུ་རྡོ་རྗེ་འཆང་དང་། ངེས་པ་ལྔ་དང་ལྡན་པའི་ལོངས་སྐུ་རྒྱལ་བ་རིགས་ལྔ་སྤྲུལ་སྐུ་རིགས་གསུམ་མགོན་པོ་སོགས་རྩོལ་མེད་ལྷུན་གྲུབ་ཏུ་སྣང་བའམ་བསམ་བཞིན་རྣམ་པར་སྤྲུལ་དེ་བྱོན་པ། ཕལ་བའི་བློ་ཡུལ་ལས་འདས་པའི་ཚིག་ཆེན་རི་བོ་འདྲ་འདྲས་བཅངས་ཡོད་པ་ལྟ་བུ་རེད།
དེ་དག་ལ་སྙན་ངག་གི་ཉམས་དང་སྒྱུ་རྩལ་གྱི་རང་བཞིན་དོད་ཆོག་ཆོག་ཡིན་མོད་གླུ་ཚིག་ལ་བསམས་གཞིག་བགྱིད་པའི་སྐྱེ་བོ་ཕལ་བ་ལ་མཚོན་ན་ལྐོག་གྱུར་གྱི་ཆོས་ཤིག་བརྗོད་དོན་བྱེད་ཀྱིན་ཡོད་པས་འཇམ་ལྷང་ལྷང་དུ་མི་བཞུར་ཐབས་མེད་རེད། ལར་གླུ་དང་བྲོ་སོགས་ལྟད་མོ་གང་ཡིན་རུང་བྱིས་པ་ནར་མ་སོན་པ་གཉིད་དུ་ཡུར་ཐབས་བྱེད་པ་ཙམ་མིན་པར་ཕ་རོལ་པོའི་སེམས་ལ་གོ་རྟོགས་སམ་འདུ་ཤེས་ཤིག་འབྱུང་བའི་རྒྱུ་རུ་འགྱུར་དགོས་མོད། བློ་ཡུལ་དུ་ཤོང་དཀའ་བའི་ཐ་སྙད་རྫིག་པོ་དེ་རྣམས་ས་མཐོར་གཤེགས་པའི་བྱང་འཕགས་སུ་ཞིག་ལ་གོ་བརྡ་འཕྲོད་ན་མ་གཏོགས་རྣ་བའི་དབང་པོ་གླུ་ལ་ཞེན་པའི་སོ་སྐྱེས་ཕལ་བ་རྣམས་ལ་ནི་ཆ་རྒྱུས་མེད་པའི་སྐད་ཆ་བཤད་པ་བཞིན་ནོ།།
གཞན་ཡང་བླ་མ་ཆེན་པོ་གང་ཞིག་ལ་ཞབས་བརྟན་དང་། སྐྱེ་རབས་གསོལ་འདེབས། སྐྱབས་འགྲོ། ཚེ་མི་རྟག་པ་སོགས་མདོ་དང་བསྟན་བཅོས་སོགས་གཞུང་ལུགས་ཆེན་པོ་རྣམས་ཀྱི་ཤན་ཞུགས་པའི་སྙན་ངག་མི་ཉུང་བ་ཞིག་ཀྱང་ང་ཚོ་བོད་ཀྱི་གླུ་ཚིག་ཁྲོད་དུ་བྱུང་དང་འབྱུང་བཞིན་ཡོད། དེ་དག་བརྗོད་བྱར་བྱས་ནས་གླུ་ལེན་མཁན་དེ་འདོན་པ་འདོན་པའི་བླ་མ་ཞིག་དང་མཚུངས་འདུག་ཅེས་མཁས་པ་འགས་གསུངས་པའང་གནས་ལུགས་དང་མཐུན་པའི་གཏམ་དུ་སྣང་། རྒྱུ་མཚན་ནི་གདོན་བྱ་དང་གླུ་ཚིག་གཉིས་ལ་ཁྱད་པར་ཡོད་དགོས་པས་རེད། ཉ་དང་ཉུང་མ་བསྲེས་པའི་གོམས་གཤིས་ཁྲ་ཁྲ་འདི་རིགས་ཀྱིས་ང་ཚོའི་ཡོད་ཚད་ལ་ནག་ཐིག་ཕབ་ཀྱིན་ཡོད་ཚད་ཀྱི་གནས་ལུགས་སྒྲིབ་བཞིན་ཡོད།
ཉེ་ཆར་གླུ་མ་ཞིག་གིས་སྒྲུབ་སྡེ་ཤིང་རྟ་བརྒྱད་ཀྱི་ལྟ་བ་སྤྲོས་བྲལ་དང་། ཕྱག་ཆེན། རྫོགས་ཆེན། དབུ་མ་ཆེན་པོ། གཞན་སྟོང་། སྣང་སྟོང་ཟུང་འཇུག་སོགས་སྙན་འཇེབས་ལྡན་པའི་དབྱངས་རྟ་ལ་དྲངས་ནས་ལུས་ཀྱི་རྣམ་འགྱུར་དང་བཅས་པ་མིག་ལམ་དུ་མཐོང་བྱུང་།
དེ་ལ་ཞིབ་མོར་བལྟས་ན་གླུ་ཚིག་འབྲི་བ་པོ་ཁོ་རང་ལྟ་དགོངས་དང་ལྡན་པའི་རྟོགས་པ་མཐོན་པོ་ཅན་ཞིག་ཡིན་མདོག་གི་ཚུལ་མངོན་འདུག་མོད། གླུ་གར་སྒྱུ་རྩལ་གྱི་ཁ་ཕྱོགས་དང་ཡེ་མི་མཐུན་པར་ཕལ་བའི་སེམས་ལ་འཁོར་དུ་མེད་པའི་ཚིག་སྒྲོབ་ཅན་དག་དག་གིས་བཅངས་ཡོད་པས། རྩོམ་འབྲི་བ་རང་གིས་ཀྱང་ཅི་བཞིན་པར་རྟོགས་མི་བཏུབ་ན་ཕལ་བའི་སེམས་ལ་འཁོར་མི་ཐུབ་པ་ལྟ་ཅི་སྨོས།
ཡང་གཅིག་བཤད་ན་རང་གི་སེམས་ལ་གང་འཆར་བཙན་ཐབས་ཀྱིས་གླུ་ཚིག་ཏུ་རྡོ་སྒྲིགས་སྒྲིགས་བྱས་ནས། གླུ་གར་སྒྱུ་རྩལ་གྱི་ཉམས་དང་འགྲོ་ཕྱོགས་སོགས་ལ་འདང་ཅུང་ཟད་ཀྱང་མི་གཏོང་བ་ནི་རིག་གནས་ཤིག་གི་སྒེར་མཚན་ལ་ངོ་རྒོལ་བྱས་པ་རེད།
ཡང་གླུ་བ་ཚོ་ཁག་ཅིག་གིས་ཚོགས་མཆོད་མགོ་རྔ་བར་གསུམ་ཆ་ཚང་བ་ཞིག་གླུ་རུ་བླངས་ཡོད་ཅིང་། ལ་ལས་སྒྲ་ཐག་དེ་ཁྱིམ་ནས་ལན་གཅིག་གཏང་ན་ཚོགས་འཁོར་བརྒྱ་འདོན་བྱས་པའི་བྱིན་རླབས་དང་མཉམ་ཅེས་བཤད་དེ་ཡང་ཡང་མངགས་ཀྱིན་འདུག
གལ་ཏེ་དེ་ལྟར་ན་རང་གི་ཚོགས་བསགས་སྒྲིབ་སྦྱོང་གང་ཡང་བྱེད་མི་དགོས་པར་སྒྲ་ཐག་དེའི་རིགས་མངགས་ནས་མི་དགེའི་ལས་གང་ཞིག་ལ་འཇུག་ཀྱང་ཕྱི་མ་ནུབ་ཕྱོགས་བདེ་བ་ཅན་དུ་འགྲོ་སྲིད་དམ། རང་གི་སེམས་དང་འབྲེལ་བ་མེད་པའི་སྒྲ་ཐག་འཁོར་ལོ་དེ་ཅི་ཙམ་མངགས་ན་རང་སེམས་ཀྱི་སྒྲིབ་པ་ཇེ་སྲབ་ཏུ་འགྲོ་བར་འདོད་པ་ནི་ལས་འབྲས་ལ་བློ་ལོག་པའི་གཏམ་ཞིག་ཏུ་སྣང་བས་ལྟ་ཚུལ་དེ་དག་ལ་རྨོངས་དད་དང་གཡམ་རྒྱུགས་གང་བརྗོད་ཀྱང་མི་འོས་པ་མི་འདུག་སྙམ།
ཡང་ལ་ལས་གླུ་ཚིག་ཡིན་ཕྱིན་བརྩེ་དུང་གི་རང་བཞིན་བརྗོད་པ་ཁོ་ན་དགོས་སྙམ་སྟེ་ངོ་ཚ་འཛེམ་དོགས་ཀྱི་གོམས་གཤིས་ལས་བརྒལ་ཏེ། བརྩེ་དུང་དམར་བརྗོད་བྱས་ནས་མིང་སྲིང་མཉམ་འཛོམས་ཀྱི་ཁྲོད་དུ་གཏོང་མི་ཕོད་པར་བྱས་འདུག བརྩེ་དུང་བརྗོད་ནས་གླུ་ཚིག་དང་སྙན་རྩོམ་སོགས་འབྲི་ཆོག་ཆོག་ཡིན་མོད་སྒྱུ་རྩལ་གྱི་གསོན་ཉམས་ཅུང་ཟད་ཀྱང་མ་ཐེབས་པར་དྲང་བརྗོད་ཆེ་དྲག་ན་མི་ཁེར་ཡིན་ཡང་དོགས་མི་བདེ་བའི་ཚོར་སྣང་ཞིག་དབང་མེད་དུ་སྦྱིན་འོང་ངེས་རེད།
ཕྱོགས་གཞན་ཞིག་ནས་གླེང་ན་གླུ་ཚིག་ཡིན་ཕྱིན་བརྩེ་དུང་བརྗོད་པ་ཁོ་ནར་ངེས་ག་ལ་དགོས་ཏེ། ཟུར་ཟ་གཞན་འགོག་སྐྱོ་གདུང་སོགས་སེམས་ཀྱི་ཚོར་སྣང་གང་མང་གླུ་ཚིག་ཏུ་འབྲི་ཆོག་པས་སོ།།
ཡང་ཁ་ཅིག་གིས་ཟུར་ཟ་དང་སྐྱོན་བརྗོད་ཐལ་དྲག་ནས་ངོ་མཚང་དམར་ལྗེན་བྱས་པའི་གླུ་ཚིག་ཀྱང་མི་ཉུང་བ་རེ་མཐོང་རྒྱུ་འདུག་ལ། གླུ་ཚིག་དེའི་རིགས་ཀྱིས་མཐོ་དམན་དྲག་ཞན་ཀུན་ལ་སེམས་ཀྱི་ཚེར་མ་རེ་བྱེད་གྱིན་ཡོད།
རིག་གནས་སམ་གོམས་སྲོལ་གང་ཡིན་ཡང་ངོ་བསྟོད་དང་ཁ་གཡང་ཁོ་ནར་མི་སེམས་པར་རྩོད་གླེང་གི་རང་བཞིན་ཅན་དུ་འགྱུར་ཐུབ་ན་གུ་དོག་གི་རྒྱ་ལས་ཐར་བའི་བདེན་དོན་གྱི་གནས་ལུགས་རྟོགས་སླ་བ་གོར་མ་ཆགས་མོད། ཚད་ཐིག་ལས་བརྒལ་དྲག་ན་བཟང་པོའི་ཕན་པ་མེད་པའི་གནོད་པ་རུ་འགྱུར་ངེས་ཡིན་པས་འོས་མཚམས་ཀྱི་ཟུར་ཟ་ཙམ་ལས་ཀུན་གྱི་བློར་མི་འབབ་པའི་སྐྱོན་བརྗོད་ལའང་དོགས་ཟོན་བྱེད་དགོས་སྙམ།
དེ་དག་ཐམས་ཅད་ཀྱི་ཆེས་མཉམ་འཇོག་དགོས་པའི་གནས་ནི་ཡིག་ནོར་འབྲི་བ་དང་བཏགས་པ་སོགས་རེད། ཡི་གེ་ནི་མི་རིགས་ཀྱི་སྲོག་རྩ་ཡིན་པ་ཀུན་གྱི་ཁས་ལེན་ཅིང་དེ་ལ་གཅེས་སྤྲས་དང་རྒྱུད་འཛིན་དར་སྤེལ་བྱེད་དགོས་པའང་ཀུན་དང་མཐུན།
དེས་ན་ཡི་གེ་ལ་གཅེས་སྤྲས་བྱེད་པ་འབྲི་བཏགས་སོགས་ཀྱི་སྐབས་སུ་ཡིག་ནོར་མེད་པའི་གཙང་དག་གི་ཡི་གེ་སྤྱོད་པ་དེ་རེད། དེ་བས་ཡིག་ནོར་འབྲི་བ་གལ་ཆུང་ས་དང་དོན་ཆུང་ས་ཞིག་ནས་མི་འཇོག་པར་ཀུན་གྱིས་གལ་ཆེན་འགངས་ཆེན་ཀྱི་སྒོ་ནས་ནོར་བཅོས་དང་ཡོ་བསྲང་བྱེད་པ་ནི་ཁ་ཚ་དགོས་གཏུགས་གི་ལས་ཀ་ཞིག་ཏུ་འཁུམས་སོ།།

·རྩོམ་ཡིག་གོང་མ:ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༢
·རྩོམ་ཡིག་འོག་མ:བླ་མ་དམ་པ་འཇུ་བསྟན་སྐྱོང་དྲན་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བོད་ཁམས་ཕྱོགས་ཀྱི་གླུ་ཚིག་འགའ་ཞིག 2012/7/12 21:32:23
·གླུ་ཚིག སྒ་སྟོད་ཇོ་བོ་ཞལ་དཀར། ། 2012/1/27 18:02:31
·ང་དང་གླིང་གི་བློས་ཐུབ་གཏན་གྲོཊ། 2011/8/7 9:56:30
·ཁྱིམ་མཚེས་བུ་མོར་བླངས་པའི་གླུ། 2011/8/1 22:49:42
·གླུ་ཚིག རྫི་བོའི་བརྩེ་གླུ། 2011/6/17 23:16:15
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 13:22:43 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 17:17:56 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 2:12:35 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS