ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བློ་སྦྱོང་།
རྩོམ་ཡིག་ཀློག་པ།

རྨི་ལམ་གྱི་རྣལ་འབྱོར།

རྩོམ་པ་པོ:སྣ་ཚོགས་གཟུགས་ཅན།ཡོང་ཁུངས:ggགཟིགས་གྲངས:1866ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/9/23 11:33:26ཚོགས་ཡར་སྤྲོད:admin
རྨི་ལམ་གྱི་རྣལ་འབྱོར།

སློབ་དཔོན་སྣ་ཚོགས་གཟུགས་ཅན།

རྨི་ལམ་གྱི་རྣལ་འབྱོར་ལ་ཉམས་བཞེས་ཅུང་བྱས་ན་དངོས་གནས་དཔེ་མི་སྲིད་པའི་ཕན་ཐོག་ཆེན་པོ་འདུག སྤྱིར་རྨི་ལམ་གྱི་རྣལ་འབྱོར་ནི་ཐད་ཀར་བར་དོའི་ཉམས་ལེན་དང་འབྲེལ་བ་ཡོད་པས། རྨི་ལམ་གྱི་རྣལ་འབྱོར་དཔེ་མེད་ཅིག་བྱུང་ན་བར་དོར་ལོངས་སྤྱོད་རྫོགས་པའི་སྐུ་རུ་སངས་རྒྱས་ཟེར་བ་དེ་ལག་མཐིལ་དུ་ཡོད་པ་ལྟ་བུ་ཡིན། ད་དུང་རྨི་ལམ་གྱི་ནང་ནས་བསམ་བཞིན་དུ། ཤེས་བཞིན་དུ། དྲན་བཞིན་དུ་ཞིང་ཁམས་གཞན་གྱི་སངས་རྒྱས་ཀྱི་དྲུང་དུ་ཕྱིན་དེ་ཆོས་ཉན་རྒྱུ་ཡོང་བ་དང་། རྨི་ལམ་ཀྱི་སྐབས་སུ་ཆོས་གང་ཞིག་ཐོས་པ་འདི་དག་མི་བརྗེད་པར་བྱེད་ཨ་བསམས་ནས་སད་མ་ཐག་ཡིག་ཐོག་ཏུ་འབྲི་རྒྱུ་དེ་འདྲ་ཡོང་བ་ཡིན། དེར་མ་ཟད་ཡོངས་གྲགས་ཀྱི་དཔེ་ཆ་རྣམས་ཀྱི་ནང་དུ་མེད་པའི་རིན་ཐང་གཞལ་མེད་ཀྱི་སྙན་བརྒྱུད་གདམས་ངག་ཟབ་ཁྱད་ཅན་མང་པོ་གོ་ཐུབ་ཀྱི་རེད། ཉེ་བའི་དུས་སུ་ཁང་གསར་བསྟན་པའི་དབང་ཕྱུག་གིས་ཆོས་དབྱིངས་མཛོད་ལ་འགྲེལ་བ་མཛད་སྐབས་ཚིག་དོན་ཀྱི་དཀའ་གནད་གཞུང་གི་ནང་དུ་མི་གསལ་བ་མང་པོ་རྨི་ལམ་གྱི་ནང་ནས་གསན་དེ་བྲིས་པ་ལ། བླ་རུང་གི་མཁན་པོ་སྐལ་བཟང་རྣམ་འདྲེན་སོགས་མཁས་པ་མང་པོས་བསྔགས་བརྗོད་ཆེན་པོ་གནང་གི་འདུག སྤྱིར་རྨི་ལམ་གྱི་རྣལ་འབྱོར་ནི། རྨི་ལམ་གྱི་སྔོན་འགྲོའི་ཉམས་ལེན་རྣམས་ཟིན་རྗེས་དངོས་གཞི་ལ་རྨི་ལམ་བཟུང་བ་དང་། རྨི་ལམ་སྤྲུལ་པ། རྨི་ལམ་བསྒྱུར་བ། མཐར་སྐུ་གསུམ་གྱི་རྩལ་སྦྱངས་རྣམས་སུ་མ་འདུས་པ་མེད། ཉིན་སྣང་ལ་པཎ་ཆེན་ན་རོ་པའི་ཀ་པཱ་ལའི་ནང་དུ་མི་གཞན་གྱིས་སྤུ་གྲི་གཡུགས་པ་བལྟ་སྟངས་ཀྱིས་མར་ཁུ་ལྟར་བཞུས་ཏེ་གསོལ་བ་ལྟ་བུ་བྱེད་དགོས་ན། ང་ཚོ་གྲུབ་པ་མ་ཐོབ་པའི་གང་ཟག་རྣམས་ལ་ཧ་ཅང་དཀའ་ཡང་། རྨི་ལམ་ཀྱི་སྐབས་སུ་རྣམ་སྨིན་གྱི་རྒྱུ་ལུས་རགས་པ་མེད་པས་གང་འདོད་ལྟར་སྤྲུལ་བསྒྱུར་བྱེད་པ་ཤིན་ཏུ་སླ་པོར་ཡོད། དེར་བརྟེན་རྡོར་སེམས་ཐུགས་ཐིག་ལས། གཅིག་ལས་མང་པོར་སྤེལ་བ་དང་༎ མང་པོ་གཅིག་ཏུ་བསྡུ་བ་དང་༎ ཞི་ཁྲོ་སོ་སོར་བསྒྱུར་བ་དང་༎ དག་དང་མ་དག་ཞིང་རྣམས་སུ༎ འགྲོ་དང་ཆོས་ཞུ་གནས་ལུགས་བལྟ༎ ཞེས་སོགས་གསུངས་ལ་འདི་དག་ལ་ཉམས་ལེན་བྱས་ན་མྱོང་བ་ཆེན་པོ་ཐོབ་པར་འདུག འོན་ཀྱང་མདོ་སྡེ་རྒྱན་གྱི་ཐེག་ཆེན་བཀར་སྒྲུབ་སྐབས་སུ། དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན།། གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བ།། ཟབ་ཅིང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས།། འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན།། ཞེས་གསུངས་པ་ལྟར་ཚུལ་འདི་མི་ཤེས་ཤིང་ཚུལ་འདི་ལ་མི་མོས་པ་རྣམས་ཀྱིས་བློ་དང་མི་མཚམས་པ་བྱུང་ན་་ཟོག་པོ་གཡོ་རྐྱལ་སེམས་ཅན་ལ་མགོ་སྐོར་གཏོང་བ་ཞེས་གང་འདོད་ལྟར་གཤེ་རོགས་ཞུ་བ་ལས་ཐབས་གཞན་མེད་དོ།།
·རྩོམ་ཡིག་གོང་མ:བླ་མའི་གསོལ་འདེབས་བཙན་ཐབས་འཚང་རྒྱ་མ་ཞེས་བྱ་བ།
·རྩོམ་ཡིག་འོག་མ:གེ་སར་གྱི་མཚན་དོན་དང་མཚན་ཐོགས་ཚུལ་ཅུང་ཙམ་གླེང་བ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྐད་འཕྲིན་གྱི་དགེ་སྐྱོན་ཟུར་ཙམ་གླེང་བ། 2013/12/8 11:37:49
·ཁེར་རྐྱང་གི་ཕྱི་ནང་། 2013/6/30 11:22:41
·རོགས་ཆུང་ལོ 2013/6/27 11:31:38
·ཁྱེད་རང 2013/4/6 12:11:48
·ཆུང་འདྲིས་ཀྱི་གྲོགས་པོ་དྲན། 2013/2/14 22:50:23
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 12:39:37 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 16:26:58 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 0:55:32 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS