ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

ཕྱིར་མིག་ཐེངས་གཅིག

རྩོམ་པ་པོ:སོག་མདའ་ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1711ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/10/28 22:17:20ཚོགས་ཡར་སྤྲོད:admin
ཕྱིར་མིག་ཐེངས་གཅིག

སོག་མདའ་ནས།

ལང་ཚོ་རྒས་གཉེར་རི་ནས་སད་པའི་ཕྱི་མིག་ཅིག་གི་སོ་ཁ་ནས།།
ཚོར་འདུ་ཟབ་མོ་ལྷོག་ལྷོག་འཕྱུར་བའི་སེམས་ཁོང་སྙི་མོས་ཁུག་སོ་ན།།
རི་ཆུའི་རི་མོ་མིག་ལ་ཤར་དུས་གློ་མཆིན་སྙིང་རྩ་དྲོད་ཀྱིས་ཁེངས།།
བསམ་གཞིགས་རྣལ་མའི་མདའ་འཕྲིན་ཕྲ་མོ་ཕ་ཁྱིམ་དྲོན་མོའི་དབྱིངས་སུ་ཐིམས།།
སྨུག་ལོང་རི་རྩེའི་མཁའ་དབྱིངས་སྒྲིབ་ཀྱང་ཕ་ས་གོར་མོ་སྔར་ལས་མཛེས།།
སྔོ་ལྗང་གོས་ཀྱི་འདབ་མས་གཡོགས་པའི་གཡུ་ལུང་སུམ་མདོའི་འདྲེས་ཁ་ན།།
སོག་གུར་གོར་མོ་མཐའ་ན་འདུ་བའི་གཡང་གི་སྒོ་བཞི་སླས་ན་སྐྱིད།།
འབྲི་མོའི་བཞོ་དབྱངས་དབྱངས་ལ་འགུགས་པའི་ཨ་ཅེ་འབྲོག་མོ་ལས་ལ་བྲེལ།།
ལྷིང་འཇགས་མཚན་མའི་ཟླ་ངོགས་ཉུལ་བའི་ཁེར་འགྲོ་སྟག་ཤར་དར་མ་དེའི།།
འགྱུར་ཁུག་ལ་གཞས་དབྱངས་ལ་འཐེན་པའི་སྨན་ཤར་བུ་མོ་གཉིད་ལས་དཀྲོགས།།
རེ་སྒུག་ཞག་གི་དྲན་འཛིན་བར་ནས་ཐུག་འདོད་རོགས་ལོ་རུམ་ལ་བསུས།།
རློན་ཤ་སྙི་མོ་གཅིག་ལ་སྦྱར་བའི་འདོད་སེམས་འཕྲུལ་གྱི་ཟེའུ་འབྲུར་རོལ།།
མཆོད་རྟེན་དཀར་བོའི་སྐོར་ལམ་མཐའ་ན་རྒན་རྒོན་ཁ་ཤས་འཁྱར་མ་འཁྱོར།།
བཅོལ་བའི་གསོལ་འདེབས་དབྱངས་རྟ་སྙན་མོ་དྲིལ་བའི་སྒྲ་དང་མཉམ་ཏུ་འཕུར།།
ཚོགས་ཆེན་འདུ་ཁང་གྲུ་བཞིའི་ཕུགས་ན་ཆོས་ཀྱི་དབྱངས་ཡང་ལྷང་སེ་ལྷང་།།
དྲི་ཞིམ་བདུག་སྤོས་སྣ་ལ་ཞིམ་ཞིང་དད་སེམས་སྙིང་གི་དཀྱིལ་ན་འཁྱིལ།།
མཚམས་སྤྲིན་བུ་མོ་མཚར་སྡུག་ངོམ་བཞིན་རི་བོའི་ཕག་ཏུ་དལ་གྱིས་ཡིབ།།
རྐང་རིགས་ཁྱུ་ཚོགས་སླས་རྭར་ལོག་ནས་རྡང་ན་གཉིད་ཀྱི་ཞིང་ལ་འགྲིམས།།
ལྷབ་ལྷབ་མེ་ལྕེའི་འཁྱིལ་ཞགས་འཇམ་པོ་ཁྱིམ་ར་གོར་མོ་དཀྱིལ་ན་འཕྱོ།།
ཨ་མྱེས་རྒན་པོའི་གནའ་གཏམ་རིང་མོ་ཆད་མེད་རྩེ་ཆུའི་བཞུར་རྒྱུན་འཁྲུངས།།
དྲན་འཛིན་མཚོ་མོའི་ཀློང་ན་རྒྱུ་ཞིང་ཁྲག་རྩ་རྒྱུ་བའི་རྩ་ལམ་ནས།།
ལྟེ་ཁྲག་དྲོན་མོ་ས་ལ་བཏིང་པའི་ཕ་ས་དྲོན་མོའི་ངོ་མཚར་གཏམ།།
བྲང་གཞུང་སྙིང་གི་ཁུག་སོ་དེ་ན་ལྷོག་ལྷོག་ལྡིང་བའི་དམར་ཆུང་བཞིན།།
བྲལ་མེད་གསལ་འདེབས་རང་ལ་བྱས་པའི་རིན་ཐང་ཞིག་གི་རྟགས་མ་ཡིན།།
༢༠༡༢་༡༠་༢༦དགོང་མོ་ཆུ་ཚོད་བཅུ་གཉིས་ཐོག་རང་ཤག་ནས།
·རྩོམ་ཡིག་གོང་མ:གཞས་ཚིག བཀྲ་ཤིས་ཁ་བཏགས།
·རྩོམ་ཡིག་འོག་མ:ཚོད་ཚོད་ལ་རྒྱ་གར་བ་ཁྲེ་སྒོར་དྲན་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
·ཕ་ཡུལ་གྱི་ངོ་གདོང་། 2012/1/20 15:47:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 18:28:05 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 23:33:35 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 11:16:33 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 38 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS