ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

བོད་ཀྱི་དྲྭ་བར་བགྲོ་བའི་གཏམ་སྣ་ནག་མ།

  རྩོམ་པ་པོ:སྲིན་པོ།ཡོང་ཁུངས:གཞོན་གསར་དྲ་བ།གཟིགས་གྲངས:3769ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/11/2 21:53:15ཚོགས་ཡར་སྤྲོད:admin
 བོད་ཀྱི་དྲྭ་བར་བགྲོ་བའི་གཏམ་སྣ་ནག་མ།
སྲིན་པོ།
 
༼༡༽མི་ཁོམ་པའི་མི་དང་དེའི་ཞོར་འཕྲོས།
  ཉེ་སྔོན་དུས་ཚོད་ཀྱི་དབང་གིས་དྲྭ་བར་ཞུགས་མ་ཐུབ་ལ།ལྷག་དོན་བོད་དྲྭ་སྐོར་ཞིག་གི་སྟེང་གི་ལྟ་རི་བའི་བརྩམས་ཆོས་སྐོར་ཞིག་ལའང་ལྟ་ཁོམ་མ་བྱུང་།ཡིན་ནའང་ཁ་སང་བདག་གིས་དུས་ཚོད་ཐུང་ཐུང་ཞིག་བཀོལ་ཏེ་རང་ཉིད་དགའ་སའི་བོད་དྲྭ་སྐོར་ཞིག་ལ་མིག་བཤེར་རེ་བྱས་མོད།འོན་ཀྱང་བོད་ཀྱི་༼རྩོམ་རིག་དྲྭ་བ༽་དེ་དག་ནི་སྔར་བཞིན་སྨྲ་བཅད་ངག་བསྡམས་ཀྱི་བརྟུལ་ཞུགས་རེ་བཟུང་ནས་ཁུ་སིམ་སིམ་གྱིས་བསྡད་འདུག་པར་མཐོང་དུས།བདག་གི་སེམས་ཁམས་ཤིན་ཏུ་སུན་པོར་བཟོས་ཡོད།དེ་ནི་དྲྭ་བ་གང་ལ་མཚོན་ན་བརྒྱུད་རིམ་ཞིག་གམ་ཡང་ན་དྲྭ་བའི་གནས་སྟངས་ག་གེ་མོ་ཞིག་ཡིན་གཤིས།འོན་ཀྱང་དྲྭ་བ་ལ་ནི་དྲྭ་བའི་ཁྱད་ཆོས་ཤིག་དང་དྲྭ་བའི་རང་རྐྱ་ཐུབ་བའི་དགེ་མཚན་ཞིག་ངེས་པར་དུ་ཚང་དགོས་ལ།དེ་ནི་ཐད་ཀར་དུ་དྲྭར་ཞུགས་པ་དང་ཀློག་པ་པོར་ཤེས་རྟོགས་གསར་བ་དང་མྱོང་བ་གསར་བ་སྟེར་བའི་སྔོན་འགྲོ་ལྟ་བུར་གྱུར་འདུག ལྷག་ཏུ་དམིགས་བསལ་གྱིས་བཤད་དགོས་པ་ཞིག་ནི།དེ་རིང་བདག་གིས་མི་ཁོམ་པའི་བར་ཞིག་ནས་དྲྭ་བདག་དང་དྲྭ་བ་སྐོར་ཞིག་ལ་བསམ་འཆར་དང་ལྟ་ཚུལ་ཅི་རིགས་ཤིག་བརྗོད་དགོས་པ་ནི་མིག་སྔའི་བོད་ཀྱི་དྲྭ་བའི་གནས་སྟངས་དང་མ་འོངས་བོད་ཀྱི་དྲྭ་བའི་འཕེལ་ཕྱོགས་བསམས་པ་ཡིན། གཤམ་ནས་རང་གིས་བརྗོད་པར་འདོད་པའི་བརྗོད་བྱའི་དངོས་ལ་བབས་ཏེ་ཉུང་ཙམ་གླེང་བར་བྱའོ།
༼༢༽དྲྭ་བའི་སྐོར་གྱི་ཤེས་རྟོག་གསར་སྤྲོས།
  དེ་ཡང་སྤྱི་ཚོགས་ཀྱི་གནས་སྟངས་གང་ཞིག་ལ་མཚོན་ན་དྲྭ་བའི་རིག་གནས་འདི་ནི་དགོས་དབང་གིས་བྱུང་ཞིང་།དེའི་སྤྱོད་སྒོ་ལ་གཞིག་སྟེ་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་དང་འཚོ་བ་སྟབས་ཇེ་བདེ་དང་ཆ་ཇེ་ཚང་དུ་འགྲོ་བའི་དགོས་མཁོ་སྔོན་དུ་སོང་ཞིང་།རྒྱལ་ཁབ་ཕྱི་ནང་གི་གནས་སྟངས་ག་གེ་མོ་དང་ཤེས་བྱ་མང་དག་ཅིག་ཀྱང་དྲ་བའི་ཟ་དང་ཟུར་གང་རུང་ན་བཤམས་ཡོད་པས།ང་ཚོས་ཀྱང་ངེས་པར་དུ་དྲྭ་བ་དང་མཐུན་ལམ་ལེགས་པོར་བཙུགས་ཏེ་རིག་གནས་སྣ་མང་གི་བང་མཛོད་ཆེན་མོ་དེར་བལྟ་སྐོར་དང་ལྗོངས་རྒྱུར་ཆས་ན་ཤིན་ཏུ་ཡག་པོར་མཐོང་།དེ་ན་དྲྭ་བ་གང་ཞིག་ལ་མཚོན་ན་རང་གི་དགེ་མཚན་དང་སྤྱོད་སྒོ།ནུས་པའི་མ་ལག་གང་ཅིའི་ཐད་ནས་རང་གི་ཕན་ཕྱོགས་རེ་ཡོད་སྲིད་ལ།དེ་ཡང་བོད་ཀྱི་ད་ལྟའི་དྲྭ་བ་སྐོར་ཞིག་ནི་༼རྩོམ་རིགས༽་ཆེད་གཉེར་དང་རྩོམ་རིགས་ཀྱི་ལས་ཀ་ཁོ་ན་གཉེར་བ་ལས་གཞན་གང་ལའང་འདའ་འགོང་ཐུབ་མེད་ཅིང་།འདི་ནི་བོད་རང་ལ་མཚོན་ནའང་འོས་འཚམ་གྱི་ཆ་འཕྲིན་གླིང་ཀ་ཞིག་གམ་དྲྭ་བའི་ཁེ་གཉེར་གྱི་ལམ་ཕྱོགས་ཤིག་ཅིས་ཀྱང་ཡིན་པར་འདོད།རྒྱུ་མཚན་དྲྭ་བ་གང་ཞིག་ལ་མཚོན་ན་དེས་ཆ་འཕྲིན་སྤྱི་ཚོགས་ལ་ཞབས་ཞུ་དང་གང་དེའི་སྤྱོད་སྒོ་ལ་དམིགས་ནས་ད་གཟོད་འཕེལ་བ་ནས་རིན་ཐང་ཅན་དུ་འགྱུར་བ་རེད།གལ་སྲིད་བོད་ཀྱི་མིག་སྔའི་གནས་སྟངས་འདི་ལྟ་བུ་ལ་མཚོན་ན་དྲྭ་བའི་རིན་ཐང་དང་སྤྱོད་སྒོ་སོགས་སྦྱར་ན་ཤིན་ཏུ་འོས་འཚམས་ཤིག་མིན་པར་ཁ་ཚོན་གཅོད་ནུས་ཤིང་།མ་ཟད་དེས་ང་ཚོའི་འཚོ་བ་ལ་ཕན་ཁེ་ཅུང་ཙམ་ཀྱང་སྤྲོད་མི་ཐུབ་པར་ཡིད་ཆེས་ཡོད།རྒྱུ་མཚན་དྲྭ་བའི་རིག་གནས་ཀྱི་སྤྱོད་སྒོ་འདི་ནི་དེང་རབས་རང་བཞིན་ཅན་དང་ཆ་འཕྲིན་རང་བཞིན་ཅན་གྱི་སྤྱི་ཚོགས་ཀྱི་ལག་ཆ་དང་མ་ལག་ཅིག་ཏུ་གྲུབ་འདུག་པས་ན།ད་ལྟ་ད་དུང་ཀྱང་ཆ་འཕྲིན་གྱི་བརྡ་སྐད་ཙམ་ཀྱང་མི་འཕྲོད་པའི་མི་རིགས་ཤིག་ལ་མཚོན་ན་འདི་ལྟ་བུའི་དགེ་མཚན་བརྗོད་པ་ནི་རྨོངས་བའི་གནས་སུ་མི་འགྱུར་རམ།དེས་ན་དྲྭ་བའི་དགེ་མཚན་ནི་སྤྱི་ཚོགས་འཚོ་བའི་སྤྱོད་སྒོ་དང་མཐུན་འབྲེལ་ལ་གཞིག་སྟེ་ད་གཟོད་རིན་ཐང་ཅན་དང་ཡོང་ཁྱབ་ཅན་ཞིག་གི་སྟེང་ནས་བལྟས་ན་ཤིན་ཏུ་འོས་ཤིང་འཚམ་པ་ཞིག་ཏུ་འཁུམས།
༼༣༽དྲྭ་དཔོན་དང་དྲྭ་འབངས་བར་གྱི་འཁྲུག་ལོང་།
  ཤེས་རིག་དར་བའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་འཕེལ་རིམ་མི་འདྲ་བ་རེར་གཞིག་སྟེ་བསམ་བློ་ནན་གྱིས་བཏང་ན།ད་གཟོད་ཧ་གོ་རྒྱུ་ཞིག་ཡོད་པར་འདོད་དེ།གདོད་ནས་བཟུང་ཤེས་རིག་གི་འཕེལ་རིམ་སྣ་ཚོགས་དང་དུས་དང་རྣམ་པ་ཀུན་ཏུ་འཚོ་གནས་ཀྱི་དགོས་མཁོ་མི་འདྲ་བ་རེའི་དབང་གིས།སྤྱི་ཚོགས་གང་དེར་ཐོག་མར་དར་བའི་༼རིག་གནས༽་དང་༼བསམ་བློ༽འི་སྣང་ཚུལ་ལ་ནི་ཐེ་གཏོགས་དང་བཀག་རྒྱའི་དབང་དུ་ཚུད་ཅིང་།ཐ་ན་དང་ལེན་བྱ་མི་ཐུབ་པའི་གནས་སུ་འདུག་མོད།འོན་ཀྱང་འཚོ་གནས་དང་དུས་རབས་ཀྱི་དགོས་དབང་གིས་ང་ཚོས་ཅིས་ཀྱང་༼ཚན་རིག༽་དང་༼ཆ་འཕྲིན༽་གྱི་ལས་ཀ་ཞིག་ངེས་པར་དུ་ཕྲག་ཏུ་བཞེས་དགོས་ཤིང་།ཡང་ན་ངེས་པ་དོན་གྱིས་ཚུར་ལེན་བྱ་དགོས་པ་ཞིག་རེད།དེ་བཞིན་བོད་ཀྱི་རྩོམ་རིག་དྲྭ་བ་འདི་ཚོ་ཡང་མ་གཉེར་ཚད་མེད་རེད་ལ།བལྟོས་བཅས་ཀྱིས་བཤད་ན་འདི་ཚོ་ཡང་༼ཆ་འཕྲིན་གསར་བ་༽ཞིག་གམ་༼དྲྭ་བ་གསར་བ་༽ཞིག་གི་འགོ་སྨིན་སའི་ས་ཞིང་ལྟ་བུ་ཞིག་ཏུ་བལྟ་ལ།སྙིགས་དོར་བཅུད་ལེན་དང་རྙིང་ཚབ་གསར་བརྗེ་ཡི་ལམ་ཕྱོགས་བརྒྱུད་ནས་འདི་འདྲའི་དྲྭ་རྐྱང་༼རྩོམ་རིགས་ཁོ་ན་༽ཞིག་ལ་དོ་སྣང་མཛད་རྒྱུ་ནི་མི་རབས་འདིའི་མ་མཐའི་འགན་འཁྲི་རུ་འདོད།དེས་ན་ང་ཚོས་རང་ས་ནས་འགོ་བརྩམས་ཏེ་བདེ་ཐང་གི་ཆ་འཕྲིན་ཞིག་ཡོང་བར་སྨོན་ལམ་ཙམ་བརྒྱབ་པའི་མི་ཆོག་ལ།མི་རེ་རེས་རང་ཉིད་ནས་འགོ་བརྩམས་ཏེ་ལག་ལེན་གྱི་ཁྲོད་ནས་ར་སྤྲོད་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བར་འདོད།དེ་ཡང་རང་གིས་བསམ་ན་དྲྭ་བ་ལ་ནི་དྲྭ་བའི་མིག་ཟུང་ཞིག་དང་རྩོམ་རིག་ལའང་རྩོམ་རིག་གི་རིན་ཐང་ཞིག་མངའ་བས།དེ་གཉིས་ངོ་བོ་གཅིག་ཏུ་བསྲེས་ནས་འཐེན་འཁྱེར་སོགས་མི་བྱ་ནི་རེ་བ་ཙམ་མོ།དེ་ཡང་མིག་སྔར་མ་གླེང་ཚད་མེད་ཀྱི་སྐད་ཆ་སྐོར་ཞིག་འདུག་ལ།ཆེ་ས་ནས་བཤད་ན་བོད་ཀྱི་དྲྭ་བ་རེད་ལ་ཆུང་ས་ནས་བཤད་ན་རང་དང་གློ་ཉེ་བའི་"དྲྭ་བxx"རེད།གཤམ་ནས་དེའི་སྐོར་གྱི་རང་གི་བསམ་ཚུལ་རེ་འགའ་གླེང་བར་བྱའོ།
༼༤༽དྲྭ་བའི་རྩོམ་རིག་དང་གྲལ་རིམ་འཐབ་རྩོད།
  སྤྱིར་ཡིན་ན་གླེང་བྱ་འདི་ནི་བོད་ཀྱི་༼དྲྭ་བ་༽ཁག་དང་དེ་མིན་བོད་ཀྱི་༼དུས་དེབ་༽སོ་སོའི་སྟེང་ན་ཡོད་པའི་གནད་དོན་ཞིག་རེད་ལ།དེ་བཞིན་གནད་དོན་འདི་ངེས་པར་དུ་གླེང་སློང་བ་ཞིག་ཡིན་པས་ན་ང་ཚོས་ཀྱང་རྒྱུ་འབྲས་བློ་མིག་གི་རྣམ་བཞག་གློད་དེ་ཅིས་ཀྱང་གླེང་ངེས་སོ།དེ་རིང་འུ་ཚོས་མིག་ཟུང་གི་སྤྱོད་ཡུལ་ན་བསྟར་ཕྲེང་བསྒྲིགས་པའི་རྩོམ་རིག་ག་གེ་མོ་དང་དྲྭ་བ་ག་གེ་མོ་ཞིག་གི་སྤུས་ཚད་ལ་དངོས་དོན་གྱི་རྒྱ་མ་ཁྱེར་ཏེ་དྲང་བདེན་གྱི་རྒྱ་རྡོས་བཏེགས་ན།ད་གཟོད་ལྗིད་ཚད་ཅི་ཙམ་ཞིག་ཡོད་པ་ཤེས་རྟོག་འབྱུང་རྒྱུ་རེད།སྤྱིར་ཡིན་ན་དྲྭ་བ་སྤྱིའི་ཆ་ནས་འཕེལ་རྒྱུས་སུ་གཏོང་དགོས་ན་མི་སྒེར་རེ་གཉིས་དང་རྩོམ་པ་བོ་རེ་གཉིས་ཀྱིས་ཚད་ཤིང་མི་ལོང་ལ།དྲྭ་འབངས་ལ་ཁ་ཕྱོགས་ཤིང་འདྲ་མཉམ་གྱི་མིག་ཟུང་ཞིག་གིས་བལྟ་ཐུབ་ན་ཤིན་ཏུ་དགོས་གལ་ཆེ་བར་འདོད།རྒྱུ་མཚན་འོ་སྐོལ་བོད་ཀྱི་སྤྱི་ཚོགས་ཀྱི་ཟུར་གང་རུང་ན་ལྟ་བ་མཉམ་གནས་ཀྱི་ཁོར་ཡུག་ཞན་ལ།དཔྱོད་ཤེས་ཀྱི་མིག་དབང་ཀྱང་དེ་ལྟར་མག་མོག་རབ་རིབ་ཏུ་འདུག་པས།འུ་ཚོས་རང་ས་ནས་འགོ་བརྩམས་ཏེ་བདེ་མོའི་མཐུན་ལམ་ཞིག་འཚོལ་རྒྱུའང་ཤིན་ཏུ་དགོས་གལ་ཆེ་བར་འདོད།ལྷག་དོན་འོ་སྐོལ་བོད་ཀྱི་དྲྭ་བ་དང་བོད་ཀྱི་དུས་དེབ་ཁག་ན་འདི་ལྟ་བུའི་གནད་དོན་ཞིག་མཆིས་ལ།ལྐོག་ཞུ་དང་ལྐོག་འབྲེལ་བྱས་ཏེ་༼མྱི་ངོ་འཚོ་བ༽་དང་༼མྱི་འབྲེལ་བྱེད་པ༽་སོགས་ཀྱི་སྣང་ཚུལ་ཡ་མ་ཟུང་དང་ར་མ་ལུག་གང་མང་རེ་མཐོང་རྒྱུ་ཐོས་རྒྱུ་འདུག་པས།འདི་ལྟ་བུ་ནི་ཇི་འདྲའི་ཐབས་སྡུག་གི་བྱ་སྤྱོད་ཅིག་ཡིན་པར་བསམ་དུས་དགོད་རྒྱུའི་ཚབ་ཏུ་ངུ་སྐྱེན་པ་ཞིག་མ་ཡིན་ནམ།རང་ཉིད་ནས་འགོ་བརྩམས་ཏེ་བསམ་བློ་རེ་ཞིབ་ཏུ་ཐོངས་དང་།མི་རིགས་ལས་དོན་དང་མི་རིགས་སློབ་གསོ་ཟེར་བ་དེ་ཙམ་ཡིན་ནམ།ཡང་ན་བོད་ཀྱི་དྲྭ་བའི་ངོ་བོ་ནི་མ་གཞི་ནས་རུལ་སུངས་ཀྱིས་སྦགས་འདུག་པ་ཞིག་ཡིན།ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།

༼༥༽དྲྭ་བའི་སྟེང་གི་གཙོ་རྒྱུགས་རྩོམ་རིག
  སྤྱི་ཚོགས་ནི་ཅི་ཞིག་ཡིན་ནམ།དྲྭ་བས་སྤྱི་ཚོགས་རྩོམ་རིག་ལ་འགན་འཁུར་དགོས་སམ།ཡང་ན་དྲྭ་བས་རང་ཉིད་ཁོ་ནར་མཐུན་པའི་རྩོམ་རིག་རྐྱང་བ་གཉེར་ཆོག།དེས་ན་རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་ཞུ་བྱ་དགོས་སམ།བདག་གིས་བསམ་ན་རྩོམ་རིག་གིས་ངེས་པར་དུ་སྤྱི་ཚོགས་ལ་ཞབས་ཞུ་བྱེད་དགོས་ཤིང་།སྤྱི་ཚོགས་ཀྱི་ཟབ་སར་སོང་ནས་བརྗོད་བྱ་འཚོལ་བསྡུ་བྱ་དགོས།དེ་བཞིན་དྲྭ་བས་ཀྱང་ངེས་པར་དུ་སྤྱི་ཚོགས་ཀྱི་འགན་འཁུར་དགོས་ཤིང་སྤྱི་ཚོགས་ལའང་ཞབས་ཞུ་བསྒྲུབ་དགོས།དེ་ལྟར་མ་བྱས་ཚེ་དེ་ལ་སྤྱོད་སྒོ་ཡི་རིན་ཐང་གཏན་ནས་ཡོད་མི་སྲིད།བདག་གི་སྣང་ངོར་གྲུབ་པའི་ད་ལྟའི་ཆེས་རྒྱུགས་ཆེ་བའི་དྲྭ་བའི་རྩོམ་རིག་ནི་སྤྱི་ཚོགས་དང་ཁ་བྲལ་བའི་རྩོམ་རིག་ཅིག་རེད་ལ།མིའི་འཚོ་གནས་དང་རིང་དུ་གྱེས་པའི་རྩོམ་རིག་ཅིག་ཀྱང་རེད།དེ་ཡི་རྒྱབ་ན་ད་དུང་རྩོམ་རིག་གི་ལུད་གཞོང་ཁོ་ན་སྐྱེལ་འདྲེན་དང་ཐོན་སྐྱེད་བྱེད་བཞིན་པའི་༼རྩོམ་པ་བོ༽་གང་མང་ཞིག་ཀྱང་ནག་ཉེས་ཀྱི་གཡང་ལས་ལྕེབས་ཀྱིན་གདའ།ཡི་གེ་ནི་དྲྭ་བའི་ལུད་སྙིགས་མིན་ལ་དེ་ལ་མི་བུ་གང་དེའི་ཚེ་སྲོག་གི་གསོན་ཤུགས་མངའ་བས།ཁྱེད་ཀྱིས་དེ་ལྟར་སོམ་ཉི་མེད་པར་དམར་གསོད་གཏོང་ཐུབ་ཀྱང་།དེ་ཡི་བསམ་གཞིག་གི་རྒྱུན་ཐག་མུ་ནས་མུ་རུ་བཞུར་གྱིན་ཡོད་པས།ནམ་ཞིག་ན་དྲང་བདེན་གྱི་རྒྱབ་རི་དཔང་དུ་བཞག་ནས་ཁྱེད་ལ་ཚ་འདྲི་ཚ་ཤག་ཤག་ཅིག་བྱ་ངེས།བདག་གིས་ནི་དུས་དང་རྣམ་པ་ཀུན་ཏུ་ཡེ་གེ་ལ་ཚེ་སྲོག་བསྐྲུན་གྱིན་ཡོད།དངོས་ཡོད་ལས་རྙེད་ཅིང་།བློས་བསླངས་ལས་རྙེད་པའི་ཚེ་སྲོག་གི་ཡི་གེ་ལ་གཞི་རྟེན་མཐའ་ཡས་པ་བསྐྲུན་བཞིན་ཡོད། ད་དུང་མང་པོ་ཞིག་འདུག་ཀྱང་དུས་ཚོད་ཀྱི་དབང་གིས་དེ་ལྟར་བྱའོ།
སླར་འཇལ།
·རྩོམ་ཡིག་གོང་མ:ངོམ་ཆོག་ཆོག་གི་ཕ་ས། སྒང་བ་བོད།
·རྩོམ་ཡིག་འོག་མ:ལམ་རིམ་བདུད་རྩིའི་སྙིང་པོ།༣
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 3:40:30 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 14:37:55 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/12 16:52:25 [来自: 112.5.243.142]

འབྲེལ་ཡོད་དཔྱད་བརྗོད 38 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS