ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

རྟ་ཕོའི་བང་ཁ་ནས་ཤོར་བའི་གླུ།

རྩོམ་པ་པོ:ས་དམར་གྲགས་པ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1399ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/11/19 22:50:25ཚོགས་ཡར་སྤྲོད:admin
རྟ་ཕོའི་བང་ཁ་ནས་ཤོར་བའི་གླུ།

ས་དམར་གྲགས་པ།༼ལྷ་ས།༽

བརྗོད་པའི་ངལ་བ་བྲག་ལ་བཏབ་པས་བྲག་གི་མེ་ཏོག་ས་ལ་ཐོར།།
ས་ནས་ངུས་པའི་ངང་པ་ཆ་དེ་སྤྲིན་པར་བསྡད་དེ་རྒྱང་དུ་བཞུད།།

མཆི་མར་གྲུབ་པའི་སྐད་ཆ་གང་དེ་རླུང་གིས་ཁུར་ཏེ་ས་ལམ་བསྙེགས།།
འབྲོག་པ་རྒན་པོའི་སྙིང་གི་ན་བུན་ཆུ་ལ་སྦངས་ཏེ་ཀོ་བར་གྱུར།།

རོལ་མོར་བབས་པའི་བརྩེ་བ་ནད་པ་ལྷ་རྗེ་གང་གི་རྔ་མར་བྲིས།།
རྒྱང་ལ་ལྷུང་བའི་ཏུག་རིང་ལྷོད་པོ་ཨ་མ་ཆང་མའི་ཆང་རྫར་གྱུར།།

སྒམ་དུ་བཅུག་པའི་སྣང་བ་སྐམ་པོ་ཕྱོགས་བཞུའི་རྫི་བོས་གླུ་རུ་ལེན།།
རུམ་ལ་བླུགས་པའི་ཡི་གེ་འཁྱོག་པོ་ཤོག་དཀར་ངོས་ན་རུལ་དྲི་ཁ།།

དཀར་དམར་ཚོན་གྱི་ཁ་དོག་བར་ནས་རྩ་བ་རྩེ་མོ་རྒྱང་ལ་གཡུགས།།
དགྲ་གྲོགས་གང་ཡིན་སྤུན་དུ་རྩིས་ཏེ་མ་ཎི་མགུར་མའི་གདངས་ལ་འདྲེས།།

ལོ་དང་ཟླ་བ་ལས་ལ་རྩིས་ནས་རྩ་ལམ་ཡོད་ཚད་དད་པས་བཟུང་།།
མདུན་གྱི་མེ་ལོང་གསལ་བོར་གྱུར་དུས་རང་གི་ལུས་པོའི་ངོ་བོ་བོར།།

མགྲིན་པའི་ངག་སྒོ་འོད་ལ་འདྲེས་ཏེ་འོད་ཀྱི་ལམ་དེར་ཞྭ་མོ་གྱོན།།
སྐྲ་ལོ་དཀར་པོ་མང་དུ་ཕྱིན་པས་ས་གཞི་རྒས་པའི་སྨྲེ་ངག་ཤོར།།

བྲིས་ཀྱང་ཆོག་པའི་མིང་ཚིག་དེ་དག་ལག་ལ་བཟུང་ཏེ་ཕྱོགས་བཞིར་རྒྱུགས།།
ཕྱི་མིག་མེད་པའི་ཨོ་ལོ་གང་དེ་མི་འདོད་པ་ཡི་བགེག་ཏུ་གྱུར།།

སེམས་ལ་བྲིས་པའི་སྐད་ཆའི་སྙིང་གཏམ་རྒྱང་རིང་ཡུལ་གྱི་གྲོགས་པོར་བསྐུར།།
སྤང་ཐང་གཞུང་གི་མེ་ཏོག་རྐང་གཅིག་ང་ལ་བལྟས་ཏེ་དགོད་ཁ་ཤོར།།

༢༠༡༢/༡༡/༤ཉིན་དབུས་སུ་གྲུབ།
·རྩོམ་ཡིག་གོང་མ:མཁན་པོ་འོད་གསལ་མཐའ་ཡས་རྒྱ་ནག་ཏུ་ཕེབས་ཁར་གདམས་པ་
·རྩོམ་ཡིག་འོག་མ:སེམས་ཀྱི་འདུན་མ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:43:05 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 2:06:23 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 3:34:16 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS