ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

མཐུན་སྒྲིལ་གྱི་འོད་མདངས།།

རྩོམ་པ་པོ:སོག་མདའ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1887ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/12/3 19:42:44ཚོགས་ཡར་སྤྲོད:admin
མཐུན་སྒྲིལ་གྱི་འོད་མདངས།།

སོག་མདའ།

མཁར་ཆེན་བསྙིལ་བའི་ལྡིར་སྒྲ་རིང་མོ་ཡར་ཀླུང་རི་ནས་ཐོལ་གྱིས་ཟགས།།
གསེར་འོད་འཕྲོ་བའི་རྒྱ་ཕིབས་དེ་ཡང་དུད་སྤྲིན་འཁྲིགས་པའི་རྡུལ་གྱིས་ཁེངས།།
ས་གནམ་འཁྲུགས་པའི་འདྲེས་མདོ་དེ་ནས་དོན་གྱི་བདག་པོ་རི་ལ་བརྫངས།།
སོས་མེད་རྨ་ཁའི་ན་ཟུག་གཉོར་བཞིན་ཆོལ་གསུམ་སྤུན་ཟླ་གཅིག་ལ་སྒྲིལ།།
མེས་པོ་དམ་པའི་ཤུལ་བཞག་ནོར་བུ་ཕ་སྐད་དག་མ་རྒྱང་ལ་གཡུགས།།
དབྱངས་གསལ་སོ་བཞིའི་སྲོག་གི་ཀ་བ་ཁ་བའི་གཅེས་ནོར་རི་ལ་དེད།།
མ་དག་བསྲེས་པའི་རྒྱ་མིན་བོད་མིན་སྐད་ཡིག་ཞ་བོ་ནང་ལ་འདྲེན།།
ཕ་སྐད་གཙང་མ་རང་གིས་གཉོར་བཞིན་ཆོལ་གསུམ་སྤུན་ཟླ་གཅིག་ལ་སྒྲིལ།།
ཕྱུགས་རིགས་གཡང་གི་འཚོ་རྟེན་དང་ནི་ཞིང་བའི་ས་རྨོ་གཞུང་ལ་བཞེས།།
ས་ཞབས་གཏེར་གྱི་གསེར་དངུལ་ནོར་བུ་ས་ཡི་སྙིང་བཅུད་འཕྲུལ་གྱིས་སློག།།
མཛེས་པའི་སྤང་དང་རྩྭ་ཐང་ཡངས་པོ་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།།
རང་ས་དྲོན་མོ་རང་གི་གཉོར་བཞིན་ཆོལ་གསུམ་སྤུན་ཟླ་གཅིག་ལ་སྒྲིལ།།
བཙན་བརྗིད་བཀའ་ཡིས་སྐྱེ་སྒོ་འགོག་པའི་ལུགས་མེད་ཁྲིམས་ཀྱིས་རང་ས་བསྡམས།
ཕ་སའི་དཔོན་པོ་རང་ལ་མི་དབང་གཞན་གྱི་བཀོད་འདོམས་འབྲུག་བཞིན་གྲགས།།
འགྲོ་འདུག་སྤྱོད་གསུམ་རང་དབང་བྲལ་བའི་རང་ས་རང་ཡུལ་ངོ་མ་ནས།།
མི་རིགས་ལ་རྒྱ་སེམས་ནས་གཉོར་བཞིན་ཆོལ་གསུམ་སྤུན་ཟླ་གཅིག་ལ་སྒྲིལ།།
བཀའ་ལུང་གནམ་གྱི་ལྕགས་མདའི་བར་ནས་གཞན་དབང་ས་གཞིས་བདག་དུ་བཟུང་།།
རིང་ལུགས་དྲི་མེད་དྭངས་གཙང་ཡིན་ཞེས་རྫུན་གྱི་རྐྱལ་བ་དབུགས་ཀྱིས་ཁེངས།།
མི་འདོད་བཙན་ཐབས་འཕྲུལ་གྱིས་བསྒྱུར་བའི་རང་ས་དྲོན་པོའི་ཕང་བ་རུ།།
བདེན་དཔང་ཁྲིམས་ཀྱི་རྒྱ་མ་གཉོར་བཞིན་ཆོལ་གསུམ་སྤུན་ཟླ་གཅིག་ལ་སྒྲིལ།།
བཙན་པོའི་ལོ་རྒྱུས་སྙིང་ལ་ཉར་ནས་ད་ལྟའི་དུས་བབས་སེམས་ལ་ཆོངས།།
དོན་གྱི་བདག་པོའི་བཀའ་ལུང་སྒྲུབ་ནས་ཁ་བ་བོད་པའི་བདེ་སྡུག་སོམས།།
གཞིས་བཞུགས་དང་ནི་བྱེས་སུ་གྱར་པའི་ཁྲག་རྒྱུན་གཅིག་པའི་གངས་ཅན་པ།།
ཞི་བདེའི་རང་དབང་དོན་གྱིས་གཉོར་བཞིན་ཆོལ་གསུམ་སྤུན་ཟླ་གཅིག་ལ་སྒྲིལ།།
༢༠༡༢་༡༡་༣་ཉིན་རང་ཤག་ནས་བྲིས།།
·རྩོམ་ཡིག་གོང་མ:ལམ་རིམ་བདུད་རྩིའི་སྙིང་པོ།༧
·རྩོམ་ཡིག་འོག་མ:བོད་ཀྱི་ལྷ་མོའི་འཁྲབ་གཞུང་གི་དོན་བསྡུས།༥
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ཚེ་རིང་སྒྲོལ་དཀར། ལ་མོར་ཕྱིར་ཕེབས་ཤོག 2012/10/4 9:56:19
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:32:38 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:19:01 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 15:18:45 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།73.24MS