ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
 རྩོམ་ཡིག་ཀློག་པ།

ང་ཚོ་བོད་པའི་ཁྱད་ཆོས་འདི་མོ་ཡིན །།

  རྩོམ་པ་པོ:འབྲོང་ཕྲུགཡོང་ཁུངས:དྲྭ་ཐོགགཟིགས་གྲངས:1403ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/12/20 18:48:10ཚོགས་ཡར་སྤྲོད:ངེད།
ང་ཚོ་བོད་པའི་ཁྱད་ཆོས་འདི་མོ་ཡིན །།
     ཚིག   འབྲོང་ཕྲུག
 
སྟོད་ན་གངས་ཀྱི་མཆོད་རྟེན་ལྷུན་གྱིས་གྲུབ །།
སྨད་ན་གཡུ་ཡི་མཚོ་མོ་ངང་གིས་འཁྱིལ །།
སྟོད་སྨད་ཞི་བདེ་རླུང་རྟ་མཁའ་ལ་འཕྱོ །།
ང་ཚོ་བོད་པའི་ཁྱད་ཆོས་འདི་མོ་མོ་ཡིན །།
 
གོང་ན་རྒན་པའི་གཏམ་ལ་བརྩེ་བས་ཕྱུག །།
འོག་ན་གཞོན་པའི་ངག་ལ་དུང་བས་གཏམས །།
གོང་འོག་བདེ་སྐྱིད་འཚོ་བ་ལྷ་ལ་འགྲན།།
ང་ཚོ་བོད་པའི་ཁྱད་ཆོས་འདི་མོ་ཡིན།།
 
ཕར་ཀའི་བུ་མོའི་འཛུམ་ལ་འོ་མ་འཁྱིལ །།
ཚུར་ཀའི་བུ་ཡི་གཞས་ལ་བདུད་རྩི་གོས །།
ཕར་ཚུར་དུང་སེམས་དྭངས་མོ་ཆུ་ལ་བྲིས །།
ང་ཚོ་བོད་པའི་ཁྱད་ཆོས་འདི་མོ་ཡིན །།
 
གླུ་ལ་སྙན་མོ་ཁུ་བྱུག་གསུང་དབྱངས་འདྲེས །།
བྲོ་ལ་མཉེན་མོ་གློག་གི་འཁྱུག་རྩལ་རྫོགས །།
གླུ་བྲོ་བཀྲ་ཤིས་དགའ་བས་མགྲོན་ལ་བསུ །།
ང་ཚོ་བོད་པའི་ཁྱད་ཆོས་འདི་མོ་ཡིན །།
 
·རྩོམ་ཡིག་གོང་མ:ང་ཡི་གླུ་འདི་ཁྱོད་ཀྱི་སེམས་གསོ་ཡིན།
·རྩོམ་ཡིག་འོག་མ:གཞས་ཚིག རྣམ་ཤེས་ཀྱི་འབོད་པ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:wpnxbyo
eMu41p  <a href="http://aijfvfxvjqub.com/">aijfvfxvjqub</a>, [url=http://jlmfjjuhvcru.com/]jlmfjjuhvcru[/url], [link=http://pbnpxluusajn.com/]pbnpxluusajn[/link], http://uuznifxdvpqv.com/
发表时间:2012-2-10 21:16:38 [来自: 194.170.28.240]

འབྲེལ་ཡོད་དཔྱད་བརྗོད 1 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS