ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
 རྩོམ་ཡིག་ཀློག་པ།

ཨ་རག་བཙན་པོ་མ་འཐུང་ལགས།

  རྩོམ་པ་པོ:སོག་མདའ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:3211ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/12/17 21:39:10ཚོགས་ཡར་སྤྲོད:admin
ཨ་རག་བཙན་པོ་མ་འཐུང་ལགས།
 
སོག་མདའ།
 
ཀུན་དང་མཐུན་པའི་མི་ཞིག་གནང་ན་ཨ་རག་བཙན་པོ་མ་འཐུང་ལགས།།
ཁ་སེམས་མཐུན་པའི་སྐྱ་ཡ་འགྲོགས་ན་ཨ་རག་བཙན་པོ་མ་འཐུང་ལགས།།
གལ་ཆེན་དོན་ཆེན་བྱ་གཞག་བསྒྲུབ་ན་ཨ་རག་བཙན་པོ་མ་འཐུང་ལགས།།
ངང་རྒྱུད་དྲང་མོ་མི་གཤིས་དགོས་པས་ཨ་རག་བཙན་པོ་མ་འཐུང་ལགས།།

ཅ་ཅོ་མང་པའི་མི་གཞིར་འགྱུར་བས་ཨ་རག་བཙན་པོ་མ་འཐུང་ལགས།།
ཆ་ཡོད་ཆ་མེད་གཉིས་ལ་འཚེ་བས་ཨ་རག་བཙན་པོ་མ་འཐུང་ལགས།།
ཇག་ཚོགས་ངན་པའི་སྤུན་གྱི་ལོག་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།
ཉ་ཉོག་ལབ་གླེང་དོན་མེད་བཤད་ཡོང་ཨ་རག་བཙན་པོ་མ་འཐུང་ལགས།།།

ཏ་ཐ་ག་ཐའི་བསྟན་ལ་ཞུགས་ནས་ཨ་རག་བཙན་པོ་མ་འཐུང་ལགས།།
ཐ་མལ་མི་བུའི་གྲལ་ཏུ་ཚུད་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།
དུག་ནད་མཆིན་པའི་བྱེད་ལས་ཉམས་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།
ན་ཚ་འདྲ་མིན་ངང་གིས་འཕེལ་ཡོང་ཨ་རག་བཙན་པོ་མ་འཐུང་ལགས།།

པ་ཕའི་ཞབས་འདྲེན་གླིང་ལ་བཞག་ཡོང་ཨ་རག་བཙན་པོ་མ་འཐུང་ལགས།།
ཕལ་ཆེར་མི་ཡི་མཐོང་ཆུང་བྱེད་ཡོང་ཨ་རག་བཙན་པོ་མ་འཐུང་ལགས།།
བ་གླང་བཞིན་ཏུ་དྲན་པ་བརླགས་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།
མ་ལོ་ཡིན་ཀྱང་ཡིད་ཆེས་བོར་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།

ཙག་ཙིག་ལས་དོན་ཉུང་ཙམ་མི་འགྲུབ་ཨ་རག་བཙན་པོ་མ་འཐུང་ལགས།།
ཚད་འཛིན་མི་ཡི་རིན་ཐང་བོར་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།
ཛ་དྲག་ཆེ་བའི་ནད་པར་ལོག་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།
ཝ་མོ་བཞིན་དུ་སྡར་མ་ཆགས་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།

ཞ་སེར་བསྟན་པའི་དགོན་ལ་ཞུགས་ན་ཨ་རགས་བཙན་པོ་མ་འཐུང་ལགས།།
ཟ་མའི་དྲོ་བ་ལྕེ་ཡིས་མྱང་ན་ཨ་རག་བཙན་པོ་མ་འཐུང་ལགས།
འོ་མ་འདྲ་བའི་སེམས་ཁམས་མཁོ་བས་ཨ་རག་བཙན་པོ་མ་འཐུང་ལགས།།
ཡ་རབས་མི་ཡི་གཤིས་ལུགས་དགོས་པའི་ཨ་རག་བཙན་པོ་མ་འཐུང་ལགས།།

རིན་ཆེན་མི་ལུས་དོན་ལྡན་བཟོ་ཆེད་ཨ་རག་བཙན་པོ་མ་འཐུང་ལགས།།
ལ་ལུང་མི་ཡུལ་གང་དུ་གནས་ཀྱང་ཨ་རག་བཙན་པོ་མ་འཐུང་ལགས།།
ཤིན་ཏུ་མཁོ་བའི་ལུས་འདི་བསྲུང་དགོས་ཨ་རག་བཙན་པོ་མ་འཐུང་ལགས།།
ས་ཆེན་འདི་རུ་ཡུན་རིང་འཚོ་དགོས་ཨ་རགབཙན་པོ་མ་འཐུང་ལགས།།

ཧ་ཅང་གལ་ཆེན་དོན་ཆེན་ངང་ནས་ཨ་རག་བཙན་པོ་མ་འཐུང་ལགས།།
ཨ་ཇོ་ཞིག་གི་སེམས་གྱི་གཏམ་ཡིན་ཨ་རག་བཙན་པོ་མ་འཐུང་ལགས།།

                                        ༢༠༡༢་༡༢་༡༦་རང་ཤག་ནས་བྲིས།།
 
 
 
 
 
 
 
 
 
·རྩོམ་ཡིག་གོང་མ:གྲགས་ཅན་གསུང་ཚིག༣༥
·རྩོམ་ཡིག་འོག་མ:ལྷ་སའི་ཇ་ཁང་།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·དིང་རི་བརྒྱ་རྩ་བཞུགས་སོ།། 2014/1/5 13:10:55
·སྤྲུལ་སྐུ་དག་ལ་གནང་བའི་སློབ་གཉེར་བསླབ་བྱ། 2012/12/9 23:32:56
·མཁན་པོ་འོད་གསལ་མཐའ་ཡས་རྒྱ་ནག་ཏུ་ཕེབས་ཁར་གདམས་པ་ 2012/11/17 23:04:26
·མི་རྟག་དྲན་སྐུལ། 2012/8/3 19:10:03
·མཁས་པ་ཞིག་གི་ཐུགས་རེ། 2011/11/11 20:56:42
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
མིག་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS