ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

སྙན་ཐུང་འགའ་བསམ་ཕྱོགས་དྲན།

རྩོམ་པ་པོ:སྟག་སེང་ཐར།ཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:1546ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/1/13 18:36:10ཚོགས་ཡར་སྤྲོད:admin
སྙན་ཐུང་འགའ་བསམ་ཕྱོགས་དྲན།

ནགས་བཟའ་སྟག་སེང་ཐར།

ཉིས་སྟོང་བཅུ་གཉིས་ལོའི་ཆེས་མཐའ་མཇུག་གི་སྙན་ངག
པགས་ཉོ་ཁ་ཆེ་འགའ་དང་ཕྱུགས་རྫི་ཀླད་སྟོང་འགའ།།
སུམ་ནག་ས་མདོ་དཀྱིལ་ན་ཚོང་གི་སྐད་ཆ་མོད།།
སྨད་གྱི་སྨད་འཚོང་འགའ་དང་འབྲོག་མོ་སྐྱ་སྟོང་འགའི།།
སུམ་མདོ་ཆང་ཁང་ནང་ནས་མྱོས་བུམ་མངོན་ནས་འགྲོ །
ཚོང་བ་བསམ་གནག་འགའ་དང་རྒྱུ་བདག་སེམས་མེད་འགས།།
གཡང་ཟོག་ཕྱུགས་ཀྱི་སྒྱིད་པ་ལྕགས་ནག་ཐག་པར་བཏགས།།
ཨ་མཆོད་ནུས་མཐུ་ཅན་དང་ཨ་ནེ་རྨོངས་བ་འགའི།།
མ་ཎི་འཁོར་ཁང་འདབས་ནས་འདི་ཕྱིའི་སྐྱིད་སྡུག་ལབ།།
གསར་བུ་ཀླད་སྟོང་འགའ་དང་རྒྱལ་འཇོག་མིག་མེད་འགའི།།
མ་ཅང་རྒྱན་འགྱེད་བར་ནས་བུ་རབས་འཁྲུངས་ཚུལ་ལབ།།
ཡུལ་གྱི་ཕ་མ་དང་ནི་ཆུང་མ་བུ་ཕྲུག་འགས།།
ལྟོ་གོས་ངན་ངོན་ཁྲོད་ནས་ཉི་མ་འཁྱོལ་ཐབས་བྱས།།
ལས་བྱེད་ལྐོག་ཟ་ཅན་དང་སྡེ་དཔོན་ཐོབ་དགའ་འགས།།
སྲིད་གཞུང་ཡིག་ཆ་ཟེར་ཞོར་ཨམ་ཕྲག་ལག་པས་རེག །
སྡེ་མི་གཞུང་དྲང་ཅན་དང་ཁྱིམ་མི་གཉོམ་ཆུང་ཚོས།།
སྲུང་མས་མཁྱེན་རོགས་ཟེར་བཞིན་སེམས་པ་འཁུམས་ནས་བསྡད།།
དགེ་རྒན་ཕོགས་དགའ་འགའ་དང་སློབ་གཙོ་གཉོམ་ཆུང་འགས།།
ཡིག་ཆ་བསྐྱར་དཔར་ཁྲོད་ནས་ཡོད་ཚད་ལེགས་གྲུབ་གསུང་།།
སློབ་མ་སྣབས་ལུག་ཚོ་དང་ཕ་མའི་རེ་བཞག་སྟེང་།།
ཀླད་གོར་གོར་ཐིག་འགའ་ཡིས་སེམས་པ་སྟོང་བར་བསྒྱུར།།
གསར་བུ་སེམས་མེད་འགའ་དང་གསར་མོ་བསམ་མེད་འགའི།།
བཅོ་ལྔ་ཉི་ཤུ་ཟེར་བཞིན་བདག་མེད་དྭ་ཕྲུག་སྐྱེས།།
ཨ་མ་བགྲེས་མོ་འགའ་དང་འཆར་ལྡན་བུ་སྐྱེས་ལ།།
ཁུར་བོ་གཅིག་གི་སྟེང་ལ་ཡང་བསྐྱར་གཉིས་ཁུར་བསྣན།།
ཁོར་ཡུག་སྲུང་སྐྱོབས་སོགས་དང་དམངས་ཕན་སྲིད་ཇུས་སོགས།།
རྒྱང་སྒྲོགས་བརྙན་འཕྲིན་སོགས་ནས་ཉིན་སྒྲོག་མཚན་སྒྲོག་བྱས།།
མི་ཆེན་ཕྱུག་ཆེན་འགའ་དང་ལྗིད་འདེགས་འཕྲུལ་འཁོར་འགས།།
དེང་གི་འཛུགས་བསྐྲུན་ཟེར་ཞོར་ས་ཆེན་བྲང་ཁ་སློགས།།
རྒན་པ་ལོ་ལོན་འགའ་དང་ལས་བྱེད་བསམ་མེད་འགས།།
བོད་ཀྱི་རིག་གནས་བསླབས་ན་ཕན་ཐོག་མེད་ཚུལ་ལབ།།
ལྔ་རིག་ཡོན་གྱིས་བརྒྱན་པའི་རླབས་ཆེན་མཁས་དབང་ཚོས།།
མ་འོངས་གངས་རིའི་ལྗོངས་ལ་རླབས་ཆེན་མཛད་རྗེས་བཞག །
མི་རྐྱང་སེར་མོ་ལ་སོགས་ན་གཞོན་དར་མ་དང་།།
རྒན་པ་ལས་བྱེད་གཙོ་བྱས་རུས་གཅིག་ནང་མི་ཚོས།།
བསམ་གཞིགས་རིང་ཏུ་བཏང་ནས་མདུན་དུ་བལྟས་ན་བསམ།།
རང་ཉིད་རང་ཕྱོགས་མ་དགར་བསམ་ཕྱོགས་གཅིག་ན་བསམ།།
དགེ་རྒན་ལྷག་བསམ་ཅན་དང་ལས་བྱེད་ཐོབ་ཐང་ཅན།།
རང་གི་མི་རིགས་བསམ་ཏེ་རང་དོན་སྐྱུར་ན་བསམ།།
སློབ་མ་སྣབས་ལུགས་ཚོ་དང་ཕ་མ་བྱམས་སེམས་ཅན།།
གད་སྙིག་ཞོར་ཟས་མི་འཁོར་དཔེ་དེབ་གཅེས་ན་བསམ།།
གསར་བུ་རྐྱལ་སྟོང་ཚོ་དང་གསར་མོ་ཀླད་སྟོང་ཚོས།།
རང་གི་འདོད་པ་ལས་གཞན་གཞན་ཡང་བསམ་ན་བསམ།།
ཕ་མེད་དྭ་ཕྲུག་ཚོ་དང་ཨ་མ་བགྲེས་མོ་ཚོའི།།
ལུས་སེམས་གཉིས་ཀྱི་སྡུག་ལ་འདང་ཞིག་བརྒྱབ་ན་བསམ།།
ཁྱིམ་གྱི་འབྱོར་བ་ལབ་ན་ཁ་རྒྱབ་འཁྱོངས་ཐབས་ཙམ།།
རིག་གནས་ཡོན་ཚད་ལབ་ན་འགྲོ་ཤེས་འདུག་ཤེས་ཙམ།།
ཁ་ཕོ་མཐོ་བའི་གཏམ་ལ་མཐའ་ཞིག་ཡོད་ན་བསམ།།
ཁ་བཤད་དོན་ལ་འབབ་པའི་སེམས་ཤུགས་ལྡན་ན་བསམ།།
དེ་རིང་ལོ་མཇུག་ཉིན་མོར་བརྗོད་རྒྱུ་མོད་པོ་འདུག །
སང་ཉིན་ལོ་གསར་བསུ་དུས་བསམ་ཚུལ་གསར་བ་ཡོད།།
ལུས་ལ་བར་ཆད་མེད་ན་སེམས་པ་འཁུམས་ཐབས་མེད།།
སེམས་ཀྱི་འཆར་ཡན་སྣ་ཚོགས་ཤོག་བུ་སྨྱུ་གུར་བརྗོད།།
ཉིན་གྱི་སྣང་ཚུལ་སྣ་ཚོགས་དངན་པ་འཆོར་གྱིན་ཡོད།།
མཚན་མོར་གཉིད་ཀྱང་མ་ཁུག་སྙན་ངག་འབྲི་གིན་ཡོད།།
རང་གི་ནུས་པས་ཐུབ་ཚུལ་རང་གིས་བརྩོན་གྱིན་ཡོད།།
ཚིག་གསུམ་གསང་ཐབས་མ་བྱུང་དམར་རྗེན་སྟོན་གྱིན་ཡོད།།
༢༠༡༣ལོའི་ཟླ༡པོའི༣ཉིན།
ཐེམ་ཆེན་ནས་བྲིས་བའོ།

·རྩོམ་ཡིག་གོང་མ:ས་སྐྱ་བདག་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ།
·རྩོམ་ཡིག་འོག་མ:འཇིག་པ་དང་སྲུང་སྐྱོབ།།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:24:12 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:58:03 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 7:31:55 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS