ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
རྩོམ་ཡིག་ཀློག་པ།

ཐང་ཀའི་རི་མོར་གཏོར་བརླག་བྱ་གིན་པའི་སྒྱུ་རྩལ་པ།

རྩོམ་པ་པོ:ནག་པོ་ཁྱུང་ཆེན།ཡོང་ཁུངས:རིག་འབྱུང་དྲ་བ།གཟིགས་གྲངས:1985ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/2/2 10:35:46ཚོགས་ཡར་སྤྲོད:admin

ཐང་ཀའི་རི་མོར་གཏོར་བརླག་བྱ་གིན་པའི་སྒྱུ་རྩལ་པ།

ནག་པོ་ཁྱུང་ཆེན།

གོ་ལ་གཅིག་གྱུར་མའི་སྒྱུ་རྩལ་གྱི་ལས་སྣོན་དེ་ཉིན་རེ་ནས་ཉིན་རེ་བཞིན་ཁྱབ་བརྡལ་དུ་འགྲོ་གིན་ཡོད་ལ། ལྷག་པར་དུ་མཁྲེགས་འཛིན་གྱི་འདུ་ཤེས་རྙིང་བ་དེའི་རིགས་རྦད་དེ་སྟོང་བར་འགྱུར་བའི་ད་ལྟའི་དུས་སུ་སྒྱུ་རྩལ་གྱི་བྱ་ལས་གང་ཞིག་ཡིན་ཡང་འདྲེས་འཛིང་ཉོག་དྲ་ཆེ་བ་ཞིག་ཏུ་འགྱུར་གྱིན་ཡོད་ནའང་། མཐར་ཐུགས་ཀྱི་དམིགས་གཞི་དེ་སྒྱུ་རྩལ་བྱ་ལས་ཀྱི་ཕན་པའི་མདུན་ལྗོངས་ཤིག་ལ་མ་དམིགས་དུས་ཨ་ཙ་ར་ཡི་མི་སྤྱོད་ཁོ་ནས་རང་གི་མི་ཚེའི་བགྲོད་ལམ་མམ་ཐུན་མོང་སྤྱི་ལ་བཏེགས་པའི་སེམས་པ་དེ་ཡང་ཁ་ཡངས་སྤྱོད་ཡངས་ཀྱིས་ལོ་རྒྱུས་ཀྱི་རྡུལ་འཚུབ་དེའི་ཁྲོད་དུ་ཟེགས་ཤིང་ཟད་འགྱུར་ལ། རང་གི་མི་ཚེ་གཅིག་ལ་འབད་འབད་དུངས་དུངས་བྱས་པའི་བགྱི་བ་དེ་ཡང་རོལ་རྩེད་ཙམ་པོ་ཞིག་གམ་དུས་ཚོད་ཀྱི་མདའ་ཁབ་དེ་འབུད་རྒྱག་བྱེད་ཐབས་ཤིག་གི་རྒྱུར་བསྔོ་འགྱུར་བས་ན་ལས་གང་ཞིག་རྩོམ་པར་ཡང་དག་སྣང་གི་བློ་མིག་ཅིག་དང་། ཐོད་བརྒལ་གྱི་བསམ་རྒྱ་ཞིག་དགོས་པ་ནི་ཁ་ཚ་དགོས་གཏུག་གི་ལས་སུ་སྣང་ན། གཤམ་དུ་རང་རེའི་ལྷ་སའི་དགེ་འདུན་ཆོས་འཕེལ་མཛེས་རིས་གླིང་གི་རི་མོ་བ་དག་གིས་བྲིས་པའི་བརྩམས་ཆོས་འགའ་དང་སྦྱར་ནས་དོག་རྐྱེན་ཕྲན་བུ་རེ་དམིགས་སུ་བགར་དེ་དཔྱད་ཁུལ་ཞིག་བྱས་ན།

དང་པོ། ནམ་དུ་ཡང་ཆོས་ལུགས་ཀྱི་རྒྱན་དེའི་འཆིང་རྒྱ་ལས་བརྒལ་ཐབས་མེད་པའི་སེམས།

30685661.jpg
སྤྱིར་ན་འཛམ་གླིང་སྤྱིའི་མཛེས་རྩལ་གྱི་བྱུང་རིམ་དེ་ཡང་ཆོས་ལུགས་དང་ཉེ་བར་འབྲེལ་ནས་ཡོད་པ་ཞིག་ཏུ་སྣང་ནའང་། དེ་ཉིད་ཐོག་མའི་ཆར་དྲིལ་སྒྲོགས་ཀྱི་དགེ་བར་དམིགས་པ་ཞིག་དང་དེ་ནས་སྤྱི་མཚོན་ནམ་གཞུང་ལུགས་ཅན་གྱི་ལུགས་སུ་ལོགས་པ། དེ་བཞིན་མཁྲེགས་འཛིན་གྱི་སྲུང་རྒྱ་དེའི་བཟོས་པའི་གེག་རྐྱེན་ལ་སོགས་པ་སྤྱིའི་སྣང་ཚུལ་དེ་དག་ལས་བཏོན་པའི་རྒོལ་ཤུགས་སོགས་ཀྱིས་ད་གཟོད་ཚ་ཚ་འུར་འུར་ཞིག་ཏུ་བཟོས་འདུག་ནའང་། སྒྱུ་རྩལ་པ་རང་ངོས་ནས་གོ་ཅི་ཡང་ཆོད་ཀྱི་མེད་པ་ནི་དུས་སྐབས་དེ་དག་ལ་སྒྱུ་རྩལ་ཁ་ལ་འཁྱེར་བཞིན་ཆོས་ལུགས་དང་སྲོལ་རྒྱུན་སོགས་ཀྱི་འདམ་དུ་དཔྱངས་ཡོད་པ་དེ་རེད། རྒྱུ་མཚན་དེའི་དབང་གིས་དེང་གི་དཔལ་ཡོན་གྱིས་ཟིན་པའི་དུས་རབས་འདིའི་ནང་དུ་ད་དུང་ཡང་གཞན་གྱི་གྲིབ་རིས་ལ་ལད་མོ་བྱེད་པ་ནི་ཅི་ཡང་མ་འཁྱོངས་པའི་ལས་ཀ་ཞིག་ཏུ་མངོན་ནས་ཡོད་འདུག དཔེར་ན་གོང་གི་སྣུམ་ཚོན་རི་མོ་འདི་ལ་ཁ་དོག་དང་འགུལ་ཤུགས། བར་སྟོང་། ཉམས་འགྱུར་སོགས་ཕུན་སུམ་ཚོགས་པ་ཞིག་ལྡན་ངེས་ནའང་། བྱིས་པའི་སྐེ་ལ་སྐོན་པའི་ཕྲེང་བ་དེས་རི་མོ་ཧྲིལ་བོའི་གསོན་ཤུགས་རྨང་ནས་ཉིལ་དུ་བཅུག་ཐོག རི་མོ་འདི་ཟུར་ཟའི་རི་མོ་ཞིག་གམ་ཡང་ན་དགག་རྒྱག་གི་དྲིལ་སྒྲོག་པར་རིས་ལྟ་བུ་ཞིག་ཏུ་བཅོས་ནས་ཡོད་འདུག

རི་མོ་བས་འདི་འདྲའི་རི་མོ་ལེགས་པོ་ཞིག་ལ་ཅིའི་ཕྱིར་རྨ་ཁ་བཟོ་དགོས་སོང་བ་རེ་དམ་ཟེར་ན། གཙོ་བོ་མི་རིགས་ཅན་གྱི་གནས་ལུགས་ཤིག་ལ་སྙེགས་བསམ་གྱི་ནང་དོན་ཏེ་བྱིས་པ་དེ་ཉིད་རྒྱ་རིགས་སམ་ཡང་ན་ཕྱི་རྒྱལ་གྱི་བྱིས་པ་ཞིག་ལ་འཕྲུལ་འགྲོ་དོག་པས་རེད་ལ། གཞན་དུ་བྱིས་པ་དེ་གྲྭ་ཕྲུག་ཅིག་ཏུ་འཇོག་འདོད་པས་ཀྱང་ཨེ་ཡིན་ན་བསམ་གི

ངོས་ནས་རི་མོ་གང་ཞིག་ཡིན་ཡང་རང་གི་མི་རིགས་ཀྱི་ཁྱད་ཆོས་དང་ཡག་སྣང་དེས་གཞན་གྱི་དབང་བོར་འདྲོགས་སློང་བ་ཞིག་ཡིན་སྲིད་ནའང་། གོང་གི་རི་མོ་འདིའི་མཚོན་བྱའི་བླ་གནས་སུ་མག་མོག་གི་མཆོད་རྟེན་ཞིག་བཞག་ཚར་བས་ན་ཕྲེང་བ་དེ་ལྷག་མ་ཞིག་རེད་ལ། སྒྱུ་རྩལ་པས་བློ་ཡིས་མ་ཆོད་པའི་ཞན་ཆ་དེ་བརྩམས་ཆོས་ཀྱི་ངོས་ནས་བསྟན་པ་ཡང་ཡིན་འདུག་གོ །

གཉིས་པ། ཁ་བརྒྱ་མགོ་རྒྱའི་རང་དབང་དེས་བསྩལ་བའི་ཉེན་ཁ།

6c6676d489918f7d4c7b98b8544a7911.jpg

ཁ་བརྒྱ་མགོ་བརྒྱ་ཞེས་པ་ནི་ཨ་མདོའི་སྐད་དེ་སྒྱུ་རྩལ་ལས་རིགས་ཀྱི་ཁྲོད་དུ་རང་སྣང་གང་ཤར་དང་ཁ་ཡོག་མགོ་སྐོར་གྱི་ལས་ཤིག་ལ་བལྟས་པས་འཐུས།

རང་རེའི་བོད་ཀྱི་སྒྱུ་རྩལ་པ་སུ་ཡིན་ཡང་མིང་གྲགས་དང་གཟིགས་བཟོས་གང་ཞིག་ཐོབ་པའི་དུས་མཉམ་དུ་གཉེར་འདོད་མེད་ཀྱང་གཉེར་ཁུལ་བྱེད་པ་ནི་མི་རིགས་ཅན་གྱི་ཡག་སྣང་དང་པུར་སྨྱུག་གི་བཟོ་རྒྱུད་དེས་གཞན་ཞིག་ཧ་ལས་སུ་འཇུག་འདོད་སྐྱེས་པ་དེ་རེད། དེ་ཡང་དྲང་མོར་བཤད་ན་རང་རེའི་སྒྱུ་རྩལ་པ་དག་ནི་ཧམ་པ་པུས་ཁ་སོ་ལས་ཀྱང་ཚ་ཞིང་ལག་རྩལ་རྒྱ་རིགས་ཀྱི་དངོས་གཞི་སློབ་མ་ཞིག་ལའང་མི་དོ་བའི་འགལ་རྐྱེན་བྱུང་བས་རེད་ལ། སྐབས་གང་དུའང་གྲངས་ཉུང་མི་རིགས་ཞེས་པའི་དམིགས་བསལ་གྱི་འདུག་སྟེགས་ཤིག་གིས་ཁོ་ཚོ་མི་རིགས་གཞན་གྱི་ཆེ་ཆེ་གྲགས་གྲགས་རྣམས་དང་དཔུང་བ་མཉམ་གཤིབ་བྱེད་རྒྱུའི་སྐལ་བ་བྱུང་བ་དེ་དང་། ཚུལ་དེར་མཐུན་གྱི་བྱ་དགའ་སོགས་གཟིགས་སྐྱོང་ཆེན་པོས་གནང་གིན་ཡོད་པས་རེད།

རྒྱུ་མཚན་དེས་སྐྱེད་པའི་ངན་ཤན་དེས་ཁ་ཕྱིར་ལྡོག་གིས་མི་རིགས་གཞན་གྱི་གད་སྙིགས་དག་རང་གི་ངོ་ལ་བྱུགས་རྒྱུ་དགའ་བ་དེ་ཡང་ན་གཞོན་སྒྱུ་རྩལ་བ་དག་གི་གཡོ་འཕྲུལ་གྱི་ལས་ཀ་ཞིག་སྟེ། དཔེར་ན་གོང་གི་རི་མོ་དེ་གཉིས་ལྟ་བུ་སྟེ། གཅིག་གླིང་ཡོངས་ཀྱི་བྱིས་པ་དག་ལ་གསལ་ཆ་ཤིན་ཏུ་ཆེ་བའི་མུས་ལའོ་ཧྲུའུ་དང་ཅིག་ཤོས་ནི་གློག་བརྙན་སྐད་གྲགས་ཅན་སྡོམ་རྒྱའི་དཔའ་བོ་ཞེས་པ་དེ་གཉིས་རེད་མོ། ཚུལ་དེ་སངས་རྒྱས་སྟོང་སྐུའམ་ལེབ་ཐང་གི་རང་བཞིན་ཅན་དུ་བཅོས་ཏེ་གསར་བཏོད་འདྲ་བ་ཞིག་ཏུ་བཅོས་པས་ཀྱང་གོ་རྒྱུ་དང་དཔྱོད་རྒྱུ་གང་ཡང་མི་འདུག་པར་རང་རེའི་བར་མཚོན་ན་གློག་བརྙན་དྲིལ་སྒྲོག་གི་པར་རིས་ཤིག་དང་ཕྱི་རྒྱལ་བར་མཚོན་ན་ཁ་མཚར་ནག་པོའི་དགོད་རྒྱུ་འདྲ་བསླང་བ་མ་གཏོགས་དོན་གཞན་ཅི་ཡང་གོ་རྒྱུ་མེད་པས། ང་ཚོས་ཐད་ཀར་རི་མོ་བས་དུས་ཚོད་ཆུད་ཟོས་སུ་བཏང་བའི་བྱ་ཐབས་འབའ་ཞིག་ལ་བལྟ་རུང་ངོ། །

671eb3e448860fb9153d78e1862080d8.jpg

·རྩོམ་ཡིག་གོང་མ:ལམ་རིམ་བདུད་རྩིའི་སྙིང་པོ་ལས་སྐྱབས་འགྲོ་ལས་འབྲས་སྐོར།
·རྩོམ་ཡིག་འོག་མ:ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:43:40 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:22:52 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 8:06:58 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 42 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS