ཆུང་འདྲིས་ཀྱི་གྲོགས་པོ་དྲན།
ཤར་གངས་ཕྲུག་ནས
དབེན་ཤག་གི་སྒེའུ་ཁུང་ནང་ནས།།
གྲོགས་མེད་ཀྱི་ཟླ་བ་མཐོང་དུས།།
ཡིད་སེམས་ཀྱི་སྟེང་རོལ་འོག་ནས།།
ཆུང་འདྲིས་ཀྱི་གྲོགས་པོ་རེ་འགའ།།
དབང་མེད་ངང་ཝ་ལེར་དྲན་བྱུང་།།
ཆུང་འདྲིས་ཀྱི་སྐྱིད་སྣང་གང་རུང་།།
དྲན་ཤེས་ཀྱི་མེ་ལོང་ངོས་སུ།།
དོན་སྤྱི་ཞིག་ཝ་ལེར་ཤར་ཚེ།།
དབང་མེད་ཀྱི་སེམས་པ་ཕྲ་མོ།།
སྐྱོ་གདུང་གི་མུན་པ་འཐིབ་གི།
དྲན་ཤེས་ཀྱི་སྐྱོ་གདུང་ཁྲོད་ནས།།
ཆུང་འདྲིས་ཀྱི་སྐྱིད་སྣང་ཡོད་ཚད།།
ཉམ་ཆུང་གི་བུ་ཆུང་ཞིག་གིས།།
སྨྱུག་རྩེ་ཡིས་སྦྱུ་རྩལ་ལམ་ནས།།
ཤོག་དཀར་གྱི་ངོས་ལ་ཕབ་ཡོད།།
ལོ་སར་ཚེས་༤དགོང་མོ་ཆུང་འདྲིས་ཕ་ཡུལ་གྱི་རྩེད་རོགས་འགའ་དྲན།