ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

གནས་ལ་འགྲོ་བའི་ཚ་མོ་ལ་ཕུལ།

རྩོམ་པ་པོ:སོག་མདའ།ཡོང་ཁུངས:བབགཟིགས་གྲངས:1358ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/2/15 23:19:46ཚོགས་ཡར་སྤྲོད:admin

གནས་ལ་འགྲོ་བའི་ཚ་མོ་ལ་ཕུལ།

སོག་མདའ།

དྲིན་ཆེན་མ་ལོ་བྱམས་བརྩེ་འོག་ནས་ལང་ཚོ་མེ་ཏོག་རིམ་གྱིས་དར།།

དྲུག་གསུམ་བརྒྱད་ལྟག་གི་བཞག་ནས་གནས་ཡུལ་འགྲིམས་པའི་སྒོ་མོ་རྡུང་།།

རང་གིས་བཙལ་བའི་སྐྱ་ཡ་ལྷན་ཏུ་མི་ཚེ་ཞིག་གི་རིན་ཐང་གླེང་།།

གནས་འགྲོ་བུ་མོ་ཕན་པའི་བསླབ་བྱ་ཚིག་གསུམ་གཏམ་ཞིག་བདག་གིས་འཆད།།

ཕ་མ་བསྐྱུར་ནས་གནས་ཡུལ་འགྲིམས་པས་བརྩེ་བའི་བུ་མོ་རིག་བཟང་མ།།

ཞོགས་པའི་སྐྱ་རེངས་ཐོད་ཀྱིས་བཅག་དུས་གཉིད་ལ་མ་ཁུག་ཡར་ལ་ལོངས།།

རང་ཁྱིམ་གོར་མོ་ཐབ་ཀ་གྲུ་བཞིར་མེ་ཁ་གསོ་བའི་ལས་ལ་ཞུགས།།

ཕྱི་ནང་ཀུན་ལ་གཙང་བདར་བྱས་ནས་ཞོགས་ཇ་སྐོལ་བའི་ཐབས་ལ་བརྩོན།།

རང་ཁྱིམ་སྐྱོང་བའི་ལས་ལ་བྲེལ་དུས་དལ་ལྷོད་མེད་པའི་ལྡེམ་མྱུར་ཞིག།།

འབྲི་མོ་འོ་མ་ཤགས་སེ་བཞོ་བར་མྱུར་ལ་གཉེན་པའི་མཐེབ་རྩལ་ཞིག།།

ཕྱུགས་རིགས་རི་ཁའི་ལ་ལུང་བརྒྱུད་ཉིན་བལྟ་བྱེད་མིག་གི་རྣོ་ཤེད་ཅིག།།

མགྱོགས་བགྲོད་རྟ་མཆོག་རྨིག་བཞི་ཞོན་ཉིན་རང་རྐྱ་འཕེར་བའི་རྐྱ་རྩལ་ཞིག།།

ཨ་ནེ་བཙན་པོ་ཁ་ལྕེ་འོག་ནས་བལ་དཀར་འདྲ་བའི་འཇམ་ཞིག་མཁོ།།

ཚེ་གང་གཏན་གྱི་སྐྱ་ཡ་ལྷན་ཏུ་བྲག་རི་ལྟ་བའི་བརྩེ་བ་མཁོ།།

རྒས་པའི་དྲིན་ཆེན་ཕ་མ་གཉིས་ལ་མངོན་ལྐོག་མེད་པའི་ཞབས་ཞུ་མཁོ།།

མདོར་ན་རང་ཁྱིམ་སྐོར་ར་གང་བོ་ཁྱད་མེད་སྐྱོང་བའི་སེམས་ཞིག་མཁོ།།

རང་ཁྱིམ་སྲུང་བས་རྒྱ་སྟག་ངར་མ་ལྟོགས་གི་མ་འཇུག་ལྟོ་ཆས་ཕྱིན།།

ཁ་ཐག་ཉེ་བའི་རི་ཁ་ཁྱིམ་མཚེས་འགྱོད་འཛིང་མ་བྱེད་འགྲིག་མཐུན་བྱོས།།

འགྲུལ་བ་རྒྱང་རིང་ཡུལ་ནས་ཐོན་དུས་ཁ་ངོ་འཇམ་པོས་སྣེ་ལེན་བྱོས།།

དུས་ཀུན་རི་སྡེ་ཕུ་ནུ་ཀུན་ལ་མཛའ་བརྩེ་ཕྱི་ཐག་རིང་ནི་བྱོས།།

རྒན་སྐྱོང་ཡ་རབས་བུ་མོ་གཤིས་རྒྱུད་ཐུགས་ཀྱི་དཀྱིལ་ལ་ནམ་ཀུན་ཆོངས།།

ཆུང་བྱམས་གཞན་བཀུར་བརྩེ་བ་གསོན་པོ་རང་གི་སྙིང་ལ་ཡོད་ནི་ཤེས།།

ཕ་མའི་གནང་པས་བསླབ་བྱ་ཟབ་མོ་མ་བརྗེད་གངས་དཀར་སེམས་ལ་ཆོངས།།

ནམ་ཀུན་སྐྱིད་ཀྱི་གཡང་ཁྱིམ་འདི་ནས་རང་གིས་རང་ལ་བདག་སྐྱོང་ཤེས།།

འདི་ནི་བདག་གི་ཁྱེད་ལ་ཕུལ་བའི་གནས་འགྲོ་བུ་མོ་གཉེན་བཤད་ཡིན།།

འདི་ནི་བདག་གི་ཁྱེད་ལ་ཕུལ་བའི་གནས་འགྲོ་བུ་མོ་གཉེན་དར་ཡི།།

འདི་ནི་བདག་གི་ཁྱེད་ལ་ཕུལ་བའི་གནས་འགྲོ་བུ་མོ་གཉེན་ཆང།།

འདི་ནི་བདག་གི་ཁྱེད་ལ་ཕུལ་བའི་ཁ་གཡང་བཀྲ་ཤིས་བདེ་ལེགས་ཡིན།།

༢༠༡༣་༡་༣༠་ཉིན་རང་ཤག་ནས་བྲིས།

·རྩོམ་ཡིག་གོང་མ:ཆུང་འདྲིས་ཀྱི་གྲོགས་པོ་དྲན།
·རྩོམ་ཡིག་འོག་མ:ནམ་མཁའི་སྐར་མ་སྨིན་དྲུག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གྲུབ་དབང་རྫོཊ་ཆེན་པའི་བསྟན་པ་རྒྱས་པའི་སྨོན་ལམ 2012/9/3 22:38:59
·གངས་ལྗོངས་ངའི་ཕ་ཡུལ། 2012/8/1 16:26:14
·ལྷ་བབས་དུས་ཆེན། ཕ་མའི་དྲིན་ལན་འཇལ་བའི་དུས་ཆེན། 2009/11/9 12:11:39
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:09:37 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:27:39 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 2:37:42 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS