ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

སྒོ་ཁྱི།

རྩོམ་པ་པོ:སོག་མདའ།ཡོང་ཁུངས:ངེད་གཟིགས་གྲངས:1613ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/2/25 10:10:48ཚོགས་ཡར་སྤྲོད:admin
སྒོ་ཁྱི།

སོག་མདའ།
དགུན་གསུམ་གྲང་རེག་ཡོལ་བའི་ལུས་པོ་འཁྱགས་ཀྱང་།།
བཟོད་སྒོམ་འཁྱགས་གྲང་གི་དཀའ་བ་གདོང་ལ་བསུ་མཁན།།
རྒྱ་སྟག་ཁྲ་བོ་དེ་སྒོར་ཆེད་མི་ལ་མ་བཙོང་།།
རང་གི་གཡང་རྟེན་དེ་ཡིན་པའི་སྒོ་ནས་འདོགས་རོགས།།

སྟོན་གསུམ་བུ་ཡུག་གི་རླུང་ཁ་ཇི་འདྲས་རྒོད་ཀྱང་།།
འཇིགས་རུང་གཅན་གཟན་གྱི་གདོང་ལ་མཆེ་སྡེར་བགྲད་མཁན།།
རྒྱ་འབྲུག་ངར་མ་དེ་སྒོར་ཆེད་གཞན་ལ་མ་བཙོང་།།
མེ་མདའ་ཐོག་རྒོད་དེ་ཡིན་པའི་སྒོ་ནས་ཉར་རོགས།།

དབྱར་གསུམ་ཆར་ཆེན་གྱི་རློན་ཤ་ཇི་འདྲ་ཆེ་ཡང་།།
གཡང་རིགས་སྒོ་ཕྱུགས་མཐའ་ལ་དཀྱུལ་གསུམ་རྒྱག་མཁན།
སེང་ཕྲུག་དོམ་བུ་དེ་སྒོར་ཆེད་མི་ལ་མ་བཙོང་།།
ནོག་ནག་ཕྱུགས་རིགས་ཀྱི་གཞི་བདག་ངོ་མ་ཁོང་རེད།།

དཔྱིད་གསུམ་ཚ་གདུང་གི་དྲོད་ཁ་ཇི་ལྟར་ཚ་ཡང་།།
མཚན་གང་ཟུག་སྐད་གྱི་དགྲ་ལ་འགོག་སྲུང་བྱེད་པས།།
དོམ་བུ་སྙིང་དཀར་དེ་སྒོར་ཆེད་མི་ལ་མ་བཙོང་།།
མཚན་མོའི་མུན་ནག་གི་སྒོ་སྲུང་དཔའ་བོ་ཁོང་རེད།།

སྤྱང་མོ་ངུ་ཟུག་གི་འོ་དོད་རི་ལུང་བཀང་ཞིང་།
གཡང་དཀར་ལུག་ཆུང་གི་སྙིང་ལ་ཚ་ཤད་བརྒྱབ་ཉིན།།
སྟག་ཕྲུག་རྒྱ་བོ་དེ་སྒོར་ཆེན་མི་ལ་མ་བཙོང་།།
ཉམ་ཆུང་ལུག་ཁྱུ་ཡི་བརྟེན་སའི་རྒྱབ་རི་ཁོང་རེད།།

དགྲ་ཇག་ཆོམ་རྐུན་གྱི་སོ་བལྟ་རྒྱང་ནས་བྱེད་ནས།།
གཡག་རོག་ཁྱུ་གཅིག་ལས་སྐལ་རྫོགས་ལ་ཉེ་ཉིན།།
སེང་ཕྲུག་ལག་དཀར་དེ་སྒོར་ཆེད་མི་ལ་མ་བཙོང་།།
ཇག་ཚོགས་འགོག་བྱེད་ཀྱི་དཔའ་བོ་ཁེར་སྐྱེས་ཁོང་རེད།།

འདས་མ་ད་གསུམ་གྱི་སྐྱིད་སྡུག་རེས་མོས་ཁྲོད་ནས།།
ཁྱིམ་འདིའི་བདག་པོ་དེ་ངོ་མ་ང་ཡིན་བསམ་པས།།
སྒོ་ཁྱི་དྲིན་ལྡན་དེ་སྒོར་ཆེད་མི་ལ་མ་བཙོང་།།
གཏན་དུ་རང་ཁྱིམ་གྱི་ཕུག་ལ་དུས་ཀུན་ཉར་རོགས།།

2013་1་20 ཉིན་རང་ཤག་ནས་བྲིས།།
·རྩོམ་ཡིག་གོང་མ:ཧི་མ་ལ་ཡའི་སྲས་མོ། གཡང་ཕྱུག་མཚོ།
·རྩོམ་ཡིག་འོག་མ:ལམ་རིམ་བདུད་རྩིའི་སྙིང་པོ་ལས་༡༢
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 4:21:43 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 6:23:09 [来自: 112.5.248.152]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/14 8:38:21 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།42.97MS