ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བློ་སྦྱོང་།
རྩོམ་ཡིག་ཀློག་པ།

ཁོང་ཁྲོ

རྩོམ་པ་པོ:ཤར་གངས་ཕྲུག་ཡོང་ཁུངས:ffགཟིགས་གྲངས:2065ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/3/26 22:43:36ཚོགས་ཡར་སྤྲོད:admin
ཁོང་ཁྲོ
ཤར་གངས་ཕྲུག་ནས

ཁོང་ཁྲོ་བ་གང་ཞེ་ན།མངོན་པ་ཀུན་བཏུས་ལས། སེམས་ཅན་རྣམས་དང་སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། རེག་པར་མི་གནས་པ་དང་། ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ནོ། ཞེས་གསུངས་པ་ལྟར། ཁོང་ཁྲོ་ནི་འཛམ་བུའི་གླིང་དུ་འཚོ་གནས་བྱེད་དང་བྱེད་བཞིན་པའི་མི་བུ་དག་གི་རྒྱུད་ལ་ཡོད་པ་མ་ཟད། ཐ་ན་དུད་འགྲོ་སོགས་ལ་ཡང་ཡོད།དེ་ནི་ལྷན་སྐྱེས་སུ་ཡོད་པའི་སེམས་བྱུང་གི་རིགས་ཤིག་ཡིན། སེམས་བྱུང་དེ་ལ་སྟོབས་ཆེ་ཆུང་དང་ཕྱི་ལ་མངོན་མི་མངོན་དེ་དག་གི་གཙོ་བོ་ནི་སྐྱེ་འགྲོ་རང་ཉིད་ལ་རག་ལས་པ་ཡིན། དེ་ནི་མི་དང་མིའི་བར་གྱི་འཆམ་མཐུན་ལ་གནོད་པར་མ་ཟད། རང་ཉིད་ཀྱི་བདེ་སྐྱིད་ལ་ཡང་གཏོར་བརླགས་གཏོང་བ་དང་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་ཡང་གནོད་པ་ཚབ་ཆེན་འབྱུང་བ་དང་ལུས་ལ་ན་ཚ་དང་ངག་གིས་རྫུན་སྨྲ་བ། ཡིད་ཀྱི་མི་ཆོས་དང་མི་མཐུན་པའི་བྱ་བ་དག་འབྱུང་བ་ཡིན། ཁོང་ཁྲོ་སྐྱེས་བ་ནི་གདོན་གྱིས་ཟིན་པ་དང་འདྲ་ལ། རང་གི་སེམས་ཁོང་ཁྲོ་གང་གིས་ཟིལ་གྱིས་ནོན་ན་རང་གི་རྒྱུད་ལ་ཡོད་པའི་དགེ་བའི་བསམ་པ་ཐམས་ཅད་གཏོང་བར་འགྱུར། ཆོས་དང་འཇིག་རྟེན་གྱི་ཚུལ་ལས་བརྩམས་པའི་དོན་གྲུབ་པ་རྣམས་ཀྱང་ཉམས་པར་གྱུར་ཏེ། ཁོང་ཁྲོ་དྲག་པོ་སྐྱེས་པས་རང་གི་ཚེ་དང་བསོད་ནམས་ཉམས་པར་འགྱུར་བས་ཚེ་འདིའི་དོན་གྲུབ་པ་རྣམས་ཉམས་པར་འགྱུར་ལ། དགེ་རྩ་བཅོམ་སྟེ་ཁོང་ཁྲོ་སྐྱེས་བའི་མཐུས་བཤེས་གཉེན་ལ་དད་པ་མེད་པར་བྱེད། གྲོགས་ལ་དག་སྣང་མེད་པར་བྱེད།ཆོས་ཀྱི་གནས་ལུགས་ལྟ་བའི་བློ་གྲོས་མེད་པར་བྱེད་པས་ཆོས་ཀྱི་དོན་སྔར་གྲུབ་པ་ཐམས་ཅད་ཉམས་པར་གྱུར་པ་ཡིན་སྟེ། རིན་ཆེན་འཕྲེང་བ་ལས།གནོན་སེམས་བདག་དང་གྲོགས་སང་འགྲའི་། ཕྱོགས་ལ་དུས་གསུམ་དོན་མོན་པའི་། དོགས་པ་གཞན་ལ་གནོད་པའི་སེམས།རྒྱུ་དགུ་ལས་ནི་བྱུང་བ་ཡིན།ཞེས་གསུངས་བ་ལྟར་རོ།
·རྩོམ་ཡིག་གོང་མ:ནཱ་རོ་མཁའ་སྤྱོད་མའི་སྒོམ་བཟླས་མདོར་བསྡུས།
·རྩོམ་ཡིག་འོག་མ:དཔལ་གསང་བ་འདུས་པའི་སྨོན་ལམ་བཞུགས་སོ།།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བོད་ཀྱི་བརྡ་སྤྲོད་གཞུང་ལུགས་འཕེལ་རིམ་ལ་དཔྱད་པ། 2017/5/2 16:36:50
·ཞེད་སྣང་། 2014/2/10 23:12:31
·གྲུབ་མཐའི་སྡོམ་ཚིག་ཤེས་རབ་སྒོ་འབྱེད་གསེར་གྱི་ལྡེ་མིག༢ 2013/7/9 12:10:15
·མ་བུ་བར་གྱི་ཁ་རྩོད། ༼༦༽ 2012/4/28 21:21:58
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 20:48:01 [来自: 112.5.248.254]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 21:13:48 [来自: 112.5.248.229]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/13 20:20:35 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 62 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS