ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

བདེན་རྫུན།

རྩོམ་པ་པོ:སོག་མདའ་།ཡོང་ཁུངས:ངེད་གཟིགས་གྲངས:1871ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/4/11 18:25:50ཚོགས་ཡར་སྤྲོད:admin

བདེན་རྫུན།

སོག་མདའ།

བསླབ་གསུམ་ནོར་བུའི་རྒྱུད་སྡེ་ཐུགས་གཞུང་ན་འཁྱིལ་བ།།

བྱམས་སེམས་དྲོད་ཀྱི་ཉི་ཟེར་འཛུམ་གོང་ན་འཕྲོ་བས།།

དཔྱོད་ལྡན་བླ་མ་དམ་པའི་རྟོགས་བརྗོད་ཀྱི་གསེར་ཐམ།།

ས་ཡི་དཔལ་ལ་བཞེངས་ཀྱང་བདག་འདྲ་བ་རྟོགས་མིན།།

གོས་ཆེན་འབྲུག་རིས་རི་མོ་ན་བཟའ་དེ་གཡོགས་ནས།།

རྟོགས་ལྡན་གྲུབ་དབང་མཐོན་པོ་ཡང་སྲིད་ལ་སྤྲུལ་དེ།།

ཡོན་བདག་རྒྱུ་ནོར་རྔམ་པའི་ཤ་སྤྱང་གི་རིགས་ལ།།

ཐེར་འདོན་གནས་ལུགས་བདེན་པའི་རལ་གྲི་ནི་བསྐོར་རྒྱུ།།

འཆད་རྩོད་རྩོམ་པའི་རིག་པའི་གནས་ཆེན་ལ་སློབ་ནས།།

དོན་གྱི་མཁས་པའི་རིང་ལུགས་རྣམ་དཔྱོད་ཀྱི་འཁྲུངས་དེ།།

དགེ་འདུན་འདུས་་རྒྱ་མཚོའི་ཀློང་ཡངས་ན་རྩེན་པས།།

མཁས་པའི་གོ་འཕང་སྙེགས་པའི་གྲྭ་བཙུན་འདི་དགའ་བ།།

དམར་སེར་རས་རྐྱང་ཙམ་ཞིག་སྐུ་ལུས་ལ་གཡོགས་ནས།།

རྒྱུད་ན་འདུལ་ཁྲིམས་དམ་པའི་སྡོམ་ཁྲིམས་དེ་མེད་ལ་།།

གྲོང་འི་ཁྱིམ་ན་ཁྱི་བཞིན་དུ་རྒྱུགས་པ་ཡི་རིགས་ལ།།

གསལ་བྱེད་དོན་ཀྱི་རྡོ་ཁའི་རང་འཐག་དེ་བསྐོར་རྒྱུ།།།

དཔྱོད་ལྡན་གོ་ས་གསེར་གྱི་ཁྲི་འཕང་ལ་བཞུགས་པ།།

དམངས་གཙོ་ཁྲིམས་ཀྱི་ཁེ་དབང་ཐོབ་ཐང་གི་ལམ་ནས།།

མང་མོས་འོས་ཀྱི་ཐོབ་པའི་ཁྲིམས་གཙང་གི་དཔོན་པོ།།

ས་སྟེང་འདི་ནས་སྐྱེ་བོ་མ་ལུས་པ་བཀུར་ངེས།།

རང་ལུགས་ཁྲིམས་ཀྱི་རྨང་རྡོ་མེ་མདའ་ཡི་བཟུང་ནས།།

དྲང་བདེན་རིག་པའི་གནས་ལུགས་མུན་ནག་དུ་གཡུགས་དེ།།

རང་གི་རྐུབ་སྟེགས་བརྟན་པའི་ལས་དོན་ཆེད་འབད་པ།།

མི་ཡུལ་ཇག་ཚོགས་སློག་པའི་འཕྲུལ་འཁོར་ནི་བསྐོར་རྒྱུ།།

མཛད་བཟང་ཆབ་རྒྱུན་རིན་ཆེན་བསམ་འཕེལ་གྱི་ནོར་བུ།།

དག་གཙང་སེམས་ཀྱི་སློབ་བུ་ཁྲི་ཕྲག་ཀུན་བསྐྱངས་པ།།

མ་རིག་མུན་པ་སེལ་བའི་ལམ་སྟོན་གྱི་སྒྲོན་མེ།།

སློབ་དཔོན་དམ་པ་མཆོག་ཉིད་འཇིག་རྟེན་གྱི་མིག་གཅིག།།

ལྟག་སྒོའི་འཛུམ་ཆུང་རྔ་མ་ལན་དགུ་ལ་གཡུགས་ནས།།

དགེ་རྒན་གོ་གནས་ཐོབ་པའི་ཤེས་དམན་གྱི་མི་བུ།།

སློབ་བུའི་མདུན་ལམ་བརླགས་པའི་གཤེད་མ་རུ་རྒྱུ་ས།།

དྲང་བདེན་མེད་པའི་གཏམ་གྱི་མེ་སྒྱོགས་དེ་འཕེན་དགོས།།

སྲོལ་བཟང་གསེར་གྱི་སྲོག་ཤིང་རི་རབ་བཞིན་བརྟན་ཞིང་།།

ངོ་མཚར་སེམས་དཔལ་རིག་པའི་འབྲས་བཟང་གི་ལྗོན་དེ།།

ཡངས་པའི་སྐྱེ་འགྲོ་སེམས་ཀྱི་བདེ་སྐྱིད་ཀྱི་གཞི་མ།།

ཡང་དག་དམ་ཆོས་བཅུད་བཟང་ཟེའུ་འབྲུ་ཡི་གཏམས་ཡོད།།

དེང་རབས་རིག་དཔལ་གཞོན་ནུ་ལང་ཚོ་ལ་འཁྲུལ་དེ།།

ཡང་དག་དམ་ཆོས་དུག་གི་སྡོང་བོ་ལྟར་དོར་ཞེས།།

རང་ལུགས་མཆོག་ཏུ་བཀུར་བའི་མི་བུ་ཡི་ཁྱུ་ལ།།

ཡིན་ལུགས་ཟབ་གསལ་ཆོས་ཀྱི་ཕྲེང་ཞགས་དེ་བསྐོར་རྒྱུ།།

ས་འཛིན་གོ་ལའི་རང་བྱུང་འདོད་འཇོ་ཡི་ཞིང་ལ།།

གཅེས་སྐྱོང་ཁོར་ཡུག་སྲུང་བའི་ཕན་བདེ་ཡི་ལམ་བཟང།།

ས་སྟེང་འགྲོ་བ་ཀུན་གྱི་བུ་ཕྲུག་ལྟར་གཅེས་ན།།

འབྱུང་ལྔའི་བྱེད་ལས་མཉམ་པའི་འཇིག་རྟེན་འདིར་བདེ་བ།།

ས་ཆུ་གཙང་མའི་ཕ་ས་སྦ་བཙོག་ལ་བསྒྱུར་བ།།

དགོས་འདོད་གཏེར་གྱི་བཅུད་བཟང་ཧམ་ཐོབ་ཀྱི་བླངས་དེ།།

དུག་རླངས་དུག་གི་དྲི་ངན་མི་ཡུལ་འདིར་ཁྱབ་དུས།།

རང་ཡུལ་གོ་ལ་སྐྱོབ་པའི་སྲུང་དམག་དེ་བསྐོར་དགོས།།

དུག་གསུམ་ནད་ཀྱི་གསོ་སྨན་རིན་ཆེན་གྱི་རིལ་བུ།།

རླུང་མཁྲིས་བད་ཀན་ནད་སྤྱི་བྱེད་ལས་ལ་ཕན་པས།

གངས་ཅན་ཁ་བའི་གསོ་སྨན་ལག་ལེན་གྱི་གསེར་ཐིག།།

འཛམ་གླིང་སྐྱེ་དགུའི་ནད་གདོན་ཞུ་བྱེད་ཀྱི་མཆོག་ཡིན།།

སྒོར་ཆེད་ཁོ་ནའི་ཆེད་དུ་བཙོང་པ་ཡིས་གསོ་སྨན།།

རྫས་ངན་དུག་གི་བཟོས་པའི་བཟི་ངར་དེ་ཆེ་བས།།

འགྲོ་བ་བྱེད་པོ་ཀུན་གྱི་ལུས་སེམས་ལ་གནོད་པས།།

སྨན་རྫུན་གང་སར་མི་ཁྱབ་བརྡ་གསལ་དེ་སྟོན་དགོས།།

བཟང་སྤྱོད་ཡ་རབས་བརྩེ་བའི་ཕ་མ་ལ་བྱམས་ཞིང་།།

ཐག་ཉེ་གྲོགས་དང་མི་བུ་ཀུན་པོ་ལ་མཐུན་པས།།

སྤྱོད་ཚུལ་འཇམ་ཞིང་གཤིས་སྤྱོད་རྣལ་མ་ཡི་བུ་ལ།།

དགའ་ཉེ་སྤུན་གྲོགས་ཀུན་གྱི་དུས་ཀུན་ལ་བསྐོར་ཡོད།།

བསམ་སྤྱོད་ངན་པའི་རང་གཞན་གྲོགས་ཀུན་ལ་དགྲར་འཛིན།།

མི་མཐུན་ཁྲོ་བའི་རླུང་འཚུབ་རང་ཆས་སུ་བཟུང་ནས།།

དགྲ་དགའ་རང་སྡུག་བྱེད་པའི་ཐ་ཤལ་གྱི་བུ་ལ།།

འདི་རེད་དེམིན་ཟེར་ནས་བསླབ་བྱ་ཡིབསྐྱང་དགོས།།

༢༠༡༢་༡༡་༧་ཉིན་རང་ཤག་ནས་བྲིས།།

·རྩོམ་ཡིག་གོང་མ:སྒྲོལ་མ་འཁོར་བཅས་བཞུགས་སོ།
·རྩོམ་ཡིག་འོག་མ:ངུར་སྨིག་འཚོ་བའི་ཀློང་གི་ཕྱིར་མིག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 6:27:42 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 8:59:50 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 13:22:56 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 63 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS