ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

ཅོལ་ཆུང་ཁ་ཅིག་ལ།

རྩོམ་པ་པོ:ཤར་གངས་ཕྲུགཡོང་ཁུངས:ངེད་གཟིགས་གྲངས:2018ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/5/15 23:53:34ཚོགས་ཡར་སྤྲོད:admin
ཅོལ་ཆུང་ཁ་ཅིག་ལ།

ཤར་གངས་ཕྲུག
འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་མི་ཆོས་གནད་ཀྱི་ཕྲེང་བ་ལས། ལས་དང་བྱ་བ་ཇི་ལྟར་བྱེད་ན་ཡང་།། མཛད་སྤྱོད་ཐམས་ཅད་མི་ཆོས་མཐུན་པར་མཛོད།། ཅེས་གསུངས་བ་གནང་བཞིན། ཁ་སང་དེ་རིང་དགོན་ཆེན་ཁག་ན་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་ལ་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སློབ་སྦྱོང་ཅུང་ཙམ་བྱེད་དང་བྱེད་བཞིན་པའི་མི་བུ། ཁོང་ཁྲོ་དང་ང་རྒྱལ་གྱི་གོ་འཕང་ནམ་མཁར་འགྲེང་ནས། ཆོས་འདུལ་བ་དུས་དང་བསྟུན་ནས་བཅོས་བསྒྱུར་དང་བཟོ་བཅོས་བྱེད་དགོས་ཟེར་བའི་ཅོལ་ཆུང་ཁ་ཅིག་གི་ཉན་ལམ་དུ། དམ་པའི་ཆོས་ནི་འདུལ་བ་མཐའ་དག་གི་སྙིང་བོ་ཡིན་སྟེ། ཆོས་འདུལ་བ་ཟེར་བ་ནི་བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་བ་མཉམ་མེད་སྲས་གཙང་གི་སྲས་བོ་དེ་ཉིད་ཀྱིས་མྱ་ངན་ལས་འདས་རྗེས་སྟོན་པ་དང་བསྟན་པའི་ཚབ་ཏུ་འདུལ་བ་འདི་ཡིན་ཞེས་གཏན་ལ་ཕབ་པ་ཞིག་ཡིན་ཙ་ན། སོ་སོ་ཐར་བའི་མདོ་ལས། ང་ནི་མྱ་ངན་འདས་གྱུར་ན།། འདི་ནི་ཁྱོད་ཀྱི་སྟོན་པ་ཞེས།། རང་བྱུང་ཉིད་ཀྱིས་གུས་བཅས་པར།། ནན་ཏན་དགེ་སློང་ཚོགས་མདུན་བསྟོད།། ཅེས་མདོ་སྡེ་དང་མངོན་པའི་སྡེ་སྣོད་ཀྱིས་བསྟན་པའི་གོ་ཆོད་ཀྱང་། འདུལ་བའི་སྡེ་སྣོད་ཀྱིས་གཉིས་ཀའི་གོ་ཆོད་པས། དེས་ནི་ཇི་སྐད་དུ་ཡང་། ཇི་ལྟར་འདི་ནི་ཤིང་རྩ་གཙོ་བོ་སྟེ།། རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀའི་གཞི།། དེ་བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་།། རྒྱུ་དང་རྩ་བ་འདུལ་བ་ཡིན་པར་གསུང་།། ཞེས་བདག་ཅག་གི་སྟོན་པའི་བསྟན་པའི་གཞི་མ་ལྟ་བུར་གྱུར་བ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་འདུལ་བའི་སྡེ་སྣོད་ལ་བཤད་སྒྲུབ་ཐོས་བསམ་དཔྱིས་ཕྱིན་པར་འབད་དེ། དེའི་བརྗོད་བྱའི་གཙོ་བོར་གྱུར་བ་གནང་བཀག་སྒྲུབ་པའི་བསླབ་པའི་ཆ་ཕྲ་མོ་ལའང་ཇི་མི་སྙམ་པར་མི་འདོར་བར་ནན་ཏན་ཆེན་པོས་ཚུལ་བཞིན་ཉམས་སུ་བླངས་ན། གནས་སྐབས་མངོན་མཐོ་ལྷ་མིའི་རྟེན་བཟང་རྒྱུན་མར་ཐོབ་ཅིང་། སྒྲིབ་གཉིས་བག་ཆགས་དང་བཅས་པའི་གཡུལ་ལས་རྣམ་པར་རྒྱལ་ཏེ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་པར་འགྱུར་ཏེ། སུམ་བརྒྱ་བ་ལས། ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ།། དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་རྩིག་པ་དང་།། འཆི་བའི་འཚེར་བ་འབྱིན་པར་བྱེད་པའི་ཐབས།། རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན།། ཅེས་གསུངས་བའི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་ན་ཕན་ཡོན་ཆེ་ལ། མྱ་ངན་ལས་འདས་བ་ཆེན་པོའི་མདོ་ལས་ཀྱང་། ཚུལ་ཁྲིམས་ནི་དགེ་བའི་ཆོས་ཀྱི་ཐེམ་སྐས་སོ།། ཞེས་དང་མདོ་མཛངས་བླུན་ལས། ཚུལ་ཁྲིམས་བསྲུང་བ་དག་ནི་ལུས་དང་སྲོག་སྟོར་ཀྱང་བླའི། ནམ་དུ་ཡང་ཚུལ་ཁྲིམས་ཉམས་པར་མི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ནི་བྱང་ཆུབ་ཏུ་འཇུག་པའི་རྩ་བ། ཟག་པ་མེད་པའི་མཆོག མྱ་ངན་འདས་བའི་བདེ་བར་འགྲོ་བའི་ལམ་མོ།། ཚུལ་ཁྲིམས་དག་པར་བསྲུངས་པའི་བསོད་ནམས་ནི་ཚད་མེད་དཔག་ཏུ་མེད་དོ།། དཔེར་ན། རྒྱ་མཚོ་ཆེན་པོ་ཚད་མེད་མཐའ་མེད་དོ།། ཚུལ་ཁྲིམས་བསྲུངས་བའི་བསོད་ནམས་ཀྱང་ཚད་མེད་མཐའ་མེད་དོ།། ཞེས་གསུངས་སོ།། ཚུལ་ཁྲིམས་རྣམ་པར་དག་པ་ཞིག་བསྲུངས་དགོས་ཚེ་ཆོས་འདུལ་བ་ལ་ངེས་པར་དུ་བསྟེན་དགོས། ཆོས་འདུལ་བ་ལ་མཐོང་ཆུང་བྱས་ཏེ་བཅོས་བསྐྱར་དང་བཟོ་བཅོས་བྱེད་དགོས་ཞེས་སྐད་འབོད་གཏོང་དེ་མ་བསྲུངས་བ་ནི་ངན་འགྲོར་ལྷུང་བའི་རྒྱུ་ཡིན་པ་ལས་བདེ་འགྲོ་སྐྱེས་པའི་རྒྱུ་མ་ཡིན་སྟེ། ལམ་རིམ་ལས། འདུལ་བ་མ་སྲུངས་ཉེར་དམིགས་སྟེ། ངན་འགྲོ་ལྷུང་བའི་ས་བོན་དང་། སུ་ཞིག་ཏེ་ཡིས་བཅོས་བསྐྱར་ན། བསྟན་པ་ཉམས་པའི་རྒྱུ་ཡིན་ནོ།། ཞེས་གསུངས་བ་གནང་བཞིན། ཆོས་འདུལ་བ་ནི་རྒྱལ་པན་རྣམས་གཉིས་དང་ཁྲི་བླ་མ་བར་དགེ་བཤེས་སོགས་དང་བཅས་བཅོས་བསྒྱུར་དང་བཟོ་བཅོས་བྱེད་མི་ཆོག་ལ། བཅོས་བསྒྱུར་དང་བཟོ་བཅོས་བྱེད་པའི་དབང་ཆ་སྤུ་ཙམ་ཡང་མེད། འདུལ་བའི་སྡེ་སྣོད་ནི་ཐེག་པ་ཆེ་ཆུང་གི་ཆོས་གཞན་མཐའ་དག་གི་རྩ་བ་ཡིན་པའི་ཕྱིར། དེང་སང་བསམ་བློ་སྔོན་ཐོན་ཡིན་ཁུལ་གྱི་ཅོལ་ཆུང་།མགོ་ན་ཨོཾ་མི་འདུག་མཁན།། མཇུག་ན་ཧཱུཾ་མི་འདུག་དག་དུས་དང་བསྟུན་ནས་ཆོས་འདུལ་བའི་ཁྲིམས་སྲོལ་དག་བཟོ་བཅོས་དང་བཅོས་བསྒྱུར་གཏོང་དགོས་ཟེར་ནས་རབ་བྱུང་བའི་སྡེ་ནང་སྐད་འབོད་བྱེད་དང་བྱེད་བཞིན་འདུག དེ་དག་ནི་བསྟན་པ་འཛིན་མཁན་མ་ཡིན་པར་བསྟན་པ་བཤིག་མཁན་རེད་ཟེར་ནས་ཐམ་ཀ་ཆེན་པོ་ཞིག་སྣོན་ཆོག་ལ། སངས་རྒྱས་ཀྱི་བསྟན་པ་ལྷད་མེད་སྐྱོན་མེད་ཀྱི་སྤྱོད་པ་བཟང་བོ་འདིར་བཅོས་བསྒྱུར་དང་བཟོ་བཅོས་བྱེད་ན་སངས་རྒྱས་ཀྱི་བསྟན་པ་འདི་ཉོག་རྫོབ་ཞིག་ཏུ་འགྱུར་བ་ལས་ཡག་པོ་ཞིག་ཏུ་འགྱུར་མི་སྲིད་པར་མ་ཟད་བསྟན་པ་འཇིག་པའི་དུས་མགོ་བརྩམས་པ་ཡིན་སྟེ། མདོ་ལས། སེངྒེ་ཤི་ནའང་སྲོག་ཆགས་གཞན་གྱིས་ཟ་མི་ནུས་པར་ཁོའི་ཐོག་གི་འབུས་ཟ་བ་བཞིན། སངས་རྒྱས་ཀྱི་བསྟན་པའང་ཕྱི་རྐྱེན་གྱིས་འཇིག་མི་ནུས་པར་རང་གི་ཉན་ཐོས་ཀྱི་སྤྱོད་པ་མ་ལེགས་པ་ལ་བརྟེན་ནས་ཉམས་ཞེས་གསུངས་བ་ནང་བཞིན། ང་ཚོས་རབ་བྱུང་བ་སུ་དང་སུ་ཡིན་རུང་ཆོས་འདུལ་བའི་བསྲུངས་བྱ་སྲུངས་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པ་དང་ཚེ་འདི་ཕྱི་གཉིས་ལ་དགེ་བའང་ཆེན་པོ་ཡོད་དོ།། ཁ་སང་དེ་རིང་ཆོས་འདུལ་བ་བཅོས་བསྒྱུར་དང་བཟོ་བཅོས་གཏོང་དགོས་ཟེར་བའི་སྐད་འབོད་བྱེད་དེ་ཚུལ་ཁྲིམས་ཡག་པོ་མི་བསྲུངས་བར་འཆལ་ན་རང་ཉིད་རབ་བྱུང་བ་ཞིག་ཡིན་པའི་ཆ་ནས་ཉེས་དམིགས་ཆེན་པོ་དང་ངན་སོང་དུ་འགྲོ་བའི་ས་བོན་བཏབ་པ་ཡིན་སྟེ། བུ་སྟོན་རིན་ཆེན་གྲུབ་ཀྱིས། ཚུལ་ཁྲིམས་འཆལ་བའི་འབྲས་བུ་མི་བཟང་དེ།། ལྟུང་བའི་ཡང་རིམ་བཞིན་དུ་ཡང་སོས་སོགས།། དམྱལ་བ་རྣམས་སུ་རིམ་བཞིན་སྐྱེས་བར་གསུངས་བ་དང་། ཀླུ་ཨེ་ལའི་འདབ་ཀྱི་ལོ་རྒྱུས་ལས་ཀྱང་ཤེས་ནུས་ཤིང་། གཞན་ཆོས་བསྒྲགས་པའི་མདོ་ལས། དགེ་སློང་དག་སྲོག་དང་བྲལ་ཞིང་ཤི་བ་ནི་སླ་ཡི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤང་སྟེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་གྱུར། ཞེས་གསུངས་སོ།། ཚུལ་ཁྲིམས་འཆལ་བའི་གང་ཟག་གིས་འཆབ་སེམས་ཀྱིས་ངུར་སྨྲིག་གི་རྒྱལ་མཚན་བཟུང་ནས་དགེ་འདུན་གྱི་དབུས་སུ་གནས་པ་ལས་བསླབ་པ་ཕུལ་བ་ཕན་ཡོན་ཆེ་སྟེ། ཇི་སྐད་དུ། གང་ཞིག་བསླབ་ལ་མི་གནས་པས།། བདེ་བཤེགས་རྒྱལ་མཚན་འཛིན་པ་ལས།། བསླབ་པ་མི་གནས་སྐད་ཅིག་ལ།། གཟུགས་པོར་ཁྱིམ་པར་གནས་པ་བཟང་།། ཞེས་གསུངས་སོ།། ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་ཞལ་ནས། འཁོར་བ་ནི་བདེ་མེད་སྡུག་བསྔལ་གཞི།། བསླབ་གསུམ་ནི་གཏན་དུ་བདེ་བའི་རྒྱུ།། ཐར་བ་ནི་གཏན་དུ་སྐྱིད་པའི་ཞིང་།། ཞེས་གསུངས་བ་ནང་བཞིན། ང་ཚོ་དལ་འབྱོར་གྱི་མི་ལུས་ཐོབ་པ་དང་། སངས་རྒྱས་ཀྱི་བསྟན་པ་མཇལ་བ་ནི། ད་རེས་ཙམ་མ་གཏོགས་རྙེད་དཀའ་བའི་རྐྱེན་གྱིས་ཚུལ་ཁྲིམས་ཡག་པོ་རེ་བསྲུངས་ན་བདག་ཅག་གི་སྟོན་པའི་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་དུ་འཇམ་མགོན་འགྲོ་བའི་བླ་མ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཤར་ཙོང་ཁ་བ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་རིང་ལུགས་གསེར་མདོག་ཅོད་པན་འཆང་བའི་བསྟན་པ་རིན་པོ་འདི་ཉིད་ཡང་བསྐྱར་མཇལ་བའི་སྐལ་བ་གྲུབ་པ་ལགས།།
བློ་རིག་ཅུང་ཙམ་ཡོད་པའི་ཕུང་པོ་འདིར།།
སྔོན་བསགས་དགེ་བར་སྒྲུབ་པའི་འབྲས་བུ་དང་།།
ད་ལྟ་འདི་རུ་བཀོད་པའི་ཡིག་རྙོག་འདི།།
རོང་སྨྱོན་ཤར་གྱི་གངས་ཕྲུག་འབོད་པས་ཕབ།
·རྩོམ་ཡིག་གོང་མ:ལམ་རིམ་བདུད་རྩི་སྙིངཔོ།༡༥
·རྩོམ་ཡིག་འོག་མ:ཨ་མ་དྲན་མགུར།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·རྩ་བ་དང་ཡལ་གའི་བཤད་པ། ། 2015/3/10 19:02:10
·སྐུ་དྲག་ཁང་གི་གཏམ་བཤད། 2014/8/18 11:59:07
·རྣམ་པ་རིང་ལུགས་ལ་དགའ་བའི་ང་ཚོ། 2014/4/28 18:52:31
·དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ།༢ 2013/10/5 19:55:37
·དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ། 2013/10/5 19:54:13
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 3:19:56 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:10:45 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 7:55:34 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS