ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

གཟུར་གནས་དྲང་གཏམ།

རྩོམ་པ་པོ:རིན་ཆེན་འཕྲིན་ལས།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2408ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/10/17 21:47:12ཚོགས་ཡར་སྤྲོད:admin
གཟུར་གནས་དྲང་གཏམ།

རིན་ཆེན་འཕྲིན་ལས།

བཤད་བྱའི་པོ་ཏི་བརྒྱ་ཕྲག་མ་བརྩིགས།།
ས་ལམ་མཐོན་པོའི་སྐད་ཆ་མ་མང་།།
དང་པོའི་ལས་ཅན་རང་ཉིད་བགྲོད་བྱའི།།
ས་ལམ་གང་ཡིན་འཚོལ་དགོས་འདུག་གོ།

རིག་གཞུང་ཁྱད་ཆོས་མང་ན་མི་བཟང་།།
མ་འདང་སྐྱོན་ཆ་འུར་གྱིས་མ་བཀབ།།
རང་རིགས་ཕྱི་རབས་རྟོག་དཔྱོད་མཁན་ལ།།
ལེགས་ཉེས་འབྱེད་པའི་བློ་གྲོས་དགོས་སོ།།

སྣོད་བཅུད་བྱེད་པོ་ལྷ་ལ་མ་སྨོད།།
རྒྱུ་རྐྱེན་རྟེན་འབྱུང་བཤད་བཤད་མ་མང་།།
ཐམས་ཅད་དཀོན་མཆོག་མཁྱེན་ཞེས་བྱེད་པོར།།
རེ་བ་བཅོལ་མཁན་རང་ཅག་ཡིན་ནོ།།

དམ་པ་གོང་མ་ལྷ་ལ་མ་བརྩིས།།
རང་གིས་རང་ལ་བརྙས་བཅོས་མི་རུང་།།
སྐྱོན་རྣམས་རིམ་པས་སྤང་དགོས་འདུག་ལ།།
ཡོན་ཏན་རིམ་གྱིས་བསྒྲུབ་དགོས་འདུག་གོ།

ལྷ་སྐུ་རིན་ཐང་སུ་ཆེ་མ་འགྲན།།
གཏོང་སྒོ་ང་ཆེ་ཁོ་ཆེ་མ་ཟེར།།
རང་ལ་རྙེད་བཀུར་སྙན་གྲགས་བྱུང་ཡང་།།
མ་རྒན་སེམས་ཅན་འོ་བརྒྱལ་འདུག་གོ། །།

དགོན་པས་གསེར་དངུལ་གང་སོགས་མ་གནང་།།
གདོན་འདྲེ་གཉའ་གནོན་བཤུ་གཞོག་མ་བརྗེད།།
གསོག་སྲུང་་མང་ན་རང་མགོ་གཅོད་པའི།།
སྟ་གྲི་རང་གིས་བརྡར་བ་ཡིན་ནོ།།

དངོས་ཡོད་གནས་ཚུལ་འུར་གྱིས་མ་དཀྲོགས།།
བཟང་ངན་མེད་པའི་ཕྱོགས་རིས་མ་ཆེ།།
སྒྲོ་སྐུར་མང་ན་སངས་རྒྱས་བསྟན་པ།།
ཆགས་སྡང་སློང་བའི་རྐྱེན་དུ་འདུག་གོ།

མགོ་བོ་བཀུག་ནས་ཁུམ་མེར་མ་སྡོད།།
རྣ་བ་བཀབ་ནས་འོན་ལྐུགས་མ་གནང་།།
འཛམ་གླིང་བློ་གསལ་སྐྱེ་བོའི་ཚོགས་ལ།།
སྐྱོན་ཡོན་གང་ཡིན་ལྷང་ངེར་འདུག་གོ། །།
·རྩོམ་ཡིག་གོང་མ:དཔའ་བློ་ཁོག
·རྩོམ་ཡིག་འོག་མ:ཚངས་མགུར་ལྷན་ཐབས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 9:09:55 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:17:01 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 18:16:11 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS