ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
 རྩོམ་ཡིག་ཀློག་པ།

སྟོན་མཇུག་གི་སྨྱུག་རིས།

  རྩོམ་པ་པོ:སོག་མདའ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2283ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/10/25 21:13:59ཚོགས་ཡར་སྤྲོད:admin

སྟོན་མཇུག་གི་སྨྱུག་རིས།

  སོག་མདའ།
 
ཁ་བྱང་གཅིག་པའི་རྩོམ་ཡིག
ལོ་མའི་ཆར་པ་ཟིལ་མ་ཤག་ཤག་ལྷུང་ཞིང་། །
ལྷམ་ཆུང་རྡོག་པས་སྣ་ལོར་རོལ་མོ་དཀྲོལ་དུས། །
བརྗོད་པའི་སྡོང་ལོའི་འོག་གི་སྙིང་གཏམ་ཚིག་གསུམ། །
བྱིའུ་ཆུང་འཇོལ་མོས་མ་གཏོགས་སུ་ཡིས་མི་གོ། །
 
ཟླ་བས་འཛུམ་ཆུང་ངོམ་སྟེ་མཐོངས་སུ་རྒྱུ་ཞིང་། །
ཁུ་སིམ་རྩྭ་ཐང་ཡངས་པོ་མལ་ལ་གཟིམ་དུས། །
ལྷས་རྭའི་འབྲི་རྡང་ནང་ནས་གསང་གཏམ་བཤད་པ། །
ཐུལ་དཀར་འབྲི་མོས་མ་གཏོགས་སུ་ཡིས་མི་ཤེས། །
 
འབྲུ་དྲུག་ཞིང་རྭའི་ནང་གི་སྙེ་མགོ་དུད་ཅིང་། །
ཟོར་བའི་འབྲེགས་པས་རོལ་དབྱངས་རྒྱང་ལ་གྱེར་དུས། །
མི་ཚེའི་སྐྱ་ཡ་ཡིན་པའི་ཁས་ལེན་ཚིག་གསུམ། །
སྐྱི་བསེར་རླུང་བུས་མ་གཏོགས་སུ་ཡིས་མི་ཤེས། །
 
སྨིན་དྲུག་ཁྲ་མོ་རྒྱུ་སྐར་ཁྲོད་ནས་འཛུམ་ཞིང་། །
སྟོན་གྱི་ནམ་ཟླ་རིང་མོའི་ཁུག་སོ་དེ་ནས། །
ཤ་དྲོད་གཅིག་ལ་སྦྱར་ནས་འདོད་པའི་སྦྲང་རྩི། །
ང་དང་ཁོ་མོས་མ་གཏོགས་སུ་ཡིས་མི་ཤེས། །
 
༢༠༡༣.༡༠.༢༣.ཉིན་རང་ཤག་ནས་བྲིས། །
·རྩོམ་ཡིག་གོང་མ:གནམ་འོག་ཁྱིམ་ཚང་གཅིག་ཡིན།
·རྩོམ་ཡིག་འོག་མ:འཇིག་རྟེན་སུ་ལ་མེད་པ་ཞིག
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
·ཕ་ཡུལ་གྱི་ངོ་གདོང་། 2012/1/20 15:47:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 6:05:37 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 18:18:44 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/13 7:47:23 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 39 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS