ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

འཇིག་རྟེན་སུ་ལ་མེད་པ་ཞིག

རྩོམ་པ་པོ:རྨོངས་ནགཡོང་ཁུངས:དྲ་ཐོགགཟིགས་གྲངས:2211ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/10/26 23:33:12ཚོགས་ཡར་སྤྲོད:admin
འཇིག་རྟེན་སུ་ལ་མེད་པ་ཞིག

གྲྭ་སའི་གྲྭ་རྐྱང་དག་གི་གསང་བ་འདི་ཤེས་འདོད་ཡོད་ན་ངེས་པར་ཐེངས་གཅིག་ཀློག

ཆོས་ཀྱི་བསྟི་གནས་གདན་སའི་ཞིང་འདི་ན།།
ལོ་ཟླ་རིང་མོའི་དུས་ཚིགས་བསྐྱལ་དགོས་ཀྱང་།།
ཐམས་ཅད་ཐོས་བསམ་སྒོམ་ནས་རྫོགས་པ་འདི།།
གྲྭ་རྐྱང་འུ་ཚོའི་མི་ཚེའི་སྙིང་པོ་ཡིན།།

སྒོ་གསུམ་ཞི་ཞིང་དུལ་བའི་སྤྱོད་ལམ་བཟུང་།།
གཞུང་ལུགས་མན་ངག་བཏུང་ལ་རྒྱུན་དུ་བྲེལ།།
དྲིན་ཅན་བླ་མའི་བཀའ་བཞིན་བསྒྲུབ་པ་འདི།།
གྲྭ་རྐྱང་འུ་ཚོའི་མཆོད་སྤྲིན་དྭངས་མ་ཡིན།།

ཉི་མ་ཤར་ཡང་རྒྱལ་བའི་གཞུང་ལ་སྦྱོང་།།
མུན་པ་རུབ་ཀྱང་རྒྱལ་བའི་གཞུང་ལ་སྦྱོང་།།
ཉིན་མཚན་དུས་དྲུག་ཆོས་ལ་སྦྱོང་པ་འདི།།
གྲྭ་རྐྱང་འུ་ཚོའི་བདེ་བའི་གཞི་མ་ཡིན།

ཕྱི་རུ་གསེར་དངུལ་རིན་ཆེན་མ་བརྒྱན་ཡང་།།
ནང་དུ་བྱང་ཆུབ་སེམས་ཀྱིས་ཕྱུག་པ་འདི།།
འབྱོར་ལྡན་སུ་ལ་མེད་པའི་ནོར་མཆོག་ཅིག།།
གྲྭ་རྐྱང་འུ་ཚོའི་འབྱོར་བ་བླ་མེད་ཡིན།།

ནམ་ཡང་གཡོ་མེད་གྲྭ་སའི་སྒྲིག་ཁྲིམས་བསྲུང་།།
བདག་གཞན་བརྗེ་བའི་བློ་ཞིག་རྒྱུན་དུ་སྐྱེས།།
མ་གྱུར་འགྲོ་བའི་སེམས་ཁ་སྐོང་བ་འདི།།
གྲྭ་རྐྱང་འུ་ཚོའི་དོན་ལྡན་སྙིང་པོ་ཡིན།།

འཇིག་རྟེན་འཁོར་བའི་ལས་ལ་གཡེང་བ་མེད།།
བུ་དང་ཆུང་མ་གསོ་བའི་དཀའ་ངལ་མེད།།
མི་ཚེ་བདེ་སྐྱིད་ངང་གིས་རྫོགས་པ་འདི།
གྲྭ་རྐྱང་འུ་ཚོའི་བདེ་སྐྱིད་ངོ་མ་ཡིན།།

གསེར་དངུལ་རིན་ཆེན་བསག་པའི་འདོད་པ་མེད།།
གཞན་གྱི་བྲན་གཡོག་རྒྱུཊ་པའི་དཀའ་ངལ་མེད།།
ས་སྟེང་འདི་ན་སུ་ལ་མེད་པ་འདི།།
གྲྭ་རྐྱང་འུ་ཚོའི་རང་བྱུང་འཚོ་བ་ཡིན།།

གོང་དུ་མངོན་མཐོན་རྣམས་ལ་ཕྲག་དོག་མེད།།
མཉམ་པ་གྲོགས་པོ་རྣམས་ལ་ང་རྒྱལ་མེད།
སྒོ་གསུམ་ཞི་ཞིང་དུལ་བའི་སྤྱོད་པ་འདི།།
གྲྭ་རྐྱང་འུ་ཚོའི་སེམས་ཀྱི་རང་གཤིས་ཡིན།།

མདོར་ན་རབ་བྱུང་འུ་ཚོའི་སྤྱོད་ལམ་ཀུན།།
འདི་ཕྱི་ལེགས་ཚོགས་འགྲུབ་པའི་གཞི་ཡིན་པས།།
གང་ཞིག་སུ་ལ་མེད་པའི་སྤོབས་པ་ཞིག།
ནམ་ཡང་སྐྱེ་ཆོག་སེམས་མཐུན་ཆོས་གྲོགས་ཚོ།།
༢༠༡༣  ༡༠  ༡༤ མཚན་མོར་མེ་སོར་གྲོང་ཁྱེར་མགྲོན་ཁང་ཞིག་ནང་རྨོངས་རྟུལ་ནག་པོས།གྲྭ་རྐྱང་དེ་འདྲ་བདག་ཀྱང་བྱེད་འདོད་མོས། འཁོར་བའི་ཁྲིམས་བདག་བུ་མོ་ཟུང་གིས་ནོན། དོན་གྱི་བདེ་བ་གྲྭ་རྐྱང་ཚོ་ལ་འཛོམས། ཕྱི་མ་གྲ་རྐྱང་རབ་ཅིག་འབྱུང་བར་སྨོན།།
·རྩོམ་ཡིག་གོང་མ:སྟོན་མཇུག་གི་སྨྱུག་རིས།
·རྩོམ་ཡིག་འོག་མ:ཚངས་དབྱངས་རྒྱ་མཚོ། ༼མཉམ་བྲིས།༽
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 13:34:46 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 17:32:08 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 2:34:12 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS