ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

ཆབ་མདོ་བའི་ཁོག་ཕེད་པ།

རྩོམ་པ་པོ:བཙན་རལ།ཡོང་ཁུངས:སེང་དྲ།གཟིགས་གྲངས:1521ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/11/27 22:05:06ཚོགས་ཡར་སྤྲོད:admin
ཆབ་མདོ་བའི་ཁོག་ཕེད་པ།

བཙན་རལ།

རིག་གནས་སྙིང་སྟོབས་རྨང་ནས་ཞ་ཞིང་བཙན་པོའི་ཁྲག་རྒྱུན་ཆུ་དང་འདྲེས།།
བསམ་པ་གུ་ཡངས་རླུང་ལ་སྤུར་ནས་ཕྲག་དོག་དུག་ཆུ་འཁོལ་མ་འཕྱུར།།
སྐད་དང་ཡི་གེ་གཞན་ལ་འགྱུར་ནས་བསྲེས་སྐད་དུ་བ་འཕྱུར་འཕྱུར་བྱེད།།
རང་ངོ་མི་ཤེས་གཞན་ངོ་བསྲུང་ཞིང་གཞན་གཡོག་དགའ་བའི་ཆབ་མདོ་བ།།

ཆོས་ལ་ཁ་གཡར་ནང་འཁྲུགས་དམག་གི་འཁོར་ལོ་སྐོར་ཏེ་ནང་མཐུན་མེད།།
ཆོས་པ་ཡིན་ཞེས་ཆོས་གཟུགས་ཕལ་ཆེར་འཐབ་རྩོད་པ་ཡི་རྒྱབ་ལྗོངས་རེད།།
༼རིག་དངོས་སྲུང་སྐྱོབ་༽གང་སར་སྦྱར་ཡང་མགོ་དང་ལུས་ལ་གཞན་ལྤགས་གྱོན།།
ཁ་ནས་སྨྲས་པ་སྒྲ་ཙམ་ཉིད་ལས་དོན་གྱི་ཐོག་ནས་འགལ་བ་གྱུར།།

མགོ་ལ་ཝ་ཞྭ་གྱོན་པ་དེ་ཡིས་ཁྱོད་ནི་གཡོ་ཅན་ཝ་མོ་མཚོན།།
བྲང་ལ་རྡོ་རིགས་གང་མང་དེ་ཡིས་གློ་སྙིང་རྡོ་ལྟར་ཚོར་མེད་མཚོན།།
ལུས་ལ་གཅན་གཟན་གཟིག་ལྤགས་དེ་ཚོས་དོན་དངོས་གཟིག་དང་ཁྱད་མེད་མཚོན།།
མི་ལུས་བླངས་ཀྱང་མི་ཆོས་བོར་བའི་ཀླད་རྙིང་མགོ་འཐོམས་ཆབ་མདོ་བ།།

སྲོལ་རྒྱུན་ཁ་གཡར་དུས་དང་མི་མཐུན་གཟིག་ལྤགས་སྲམ་ལྤགས་གྱོན་པ་དང་།།
ཆོས་ལུགས་ཁ་གཡར་ནང་འཁྲུགས་ཁྲག་དམར་འཁྱིལ་བ་དག།
བོད་ལ་མི་དགོས་མི་ལ་མི་དགོས་ཁ་ནག་ཁྱེད་ཚོ་ལྟས་ངན་རེད།།
ཀླད་རྙིང་ཁྱེད་ཚོ་མེད་ན་དགའ་ལ་ཤི་ན་སྐྱིད་སྟེ་གསོན་འདྲེ་རེད།།

གནའ་བོའི་ཆབ་མདོ་གཟེངས་སུ་བསྟོད་ལ་ད་ལྟའི་ཆབ་མདོ་གནའ་དེ་མིན།།
གནའ་བོའི་མི་ལ་དཔའ་བོ་ཡོད་ཀྱང་ད་ལྟ་ཕལ་ཆེར་བླ་བཙོང་རེད།།
མི་ཆོས་རིང་ལུགས་རྩ་ནས་བོར་ལ་དམ་པ་ལྷ་ཆོས་ཡེ་ནས་མེད།།
གཉིས་ཀ་བོར་ཞིང་མི་ནས་བུད་པའི་གཅན་གཟན་བླུན་པོ་ཆབ་མདོ་བ།།

དྲང་པོའི་གཏམ་ལ་རྣ་བ་འགེབ་ནས་བསླུ་བྲིད་ཚིག་ལ་ཡིད་ཆེས་མཁན།།
དཔྱོད་ཤེས་རྟུལ་ཕོད་ལར་ནས་དབེན་ཞིང་རིག་གནས་མེད་པའི་ཆབ་མདོ་བ།།
མི་ཡུལ་འདི་རུ་གསོན་དང་མ་གསོན་མི་ལུས་བླང་མིན་ཁྱད་མེད་རེད།།
ཆབ་མདོའི་འཇིག་རྟེན་མི་ལས་མ་གྲུབ་བ་ཚང་རེད་ལ་ཁྱི་ཚང་རེད།།

དབྱངས་དང་རོ་གཉིས་རྣ་བར་ཐིམ་སྟེ་ཚོར་བ་སྦྲིད་པའི་སྙན་ངག་མིན།།
གོ་རིམ་ལྡན་ཞིང་མིག་ལ་མཛེས་ནས་མིག་དབང་འཕྲོག་བྱེད་དེ་བས་མིན།།
ཆབ་མདོའི་འཇིག་རྟེན་ཕྱི་ནང་བསློགས་ཤིང་རྗེན་ཅེར་བྱས་པའི་ཡིག་རྒན་འགའ།།
ས་ཐོག་འདི་ནས་མི་ལ་བཀྲམ་ཞིང་ཆབ་མདོ་བ་ཚོར་ཆེད་དུ་བསྐུར།།
གྲོགས་པོ་ཞིག་གིས་པར་དང་སྐད་འགའ་བསྐུར་རྗེས་ 2013.11.18མཚན་མོའི་དུས་ཚོད་ 1:12 ཐོག་བྲིས།
·རྩོམ་ཡིག་གོང་མ:ལྷ་རྟ་རྐྱང་རྒོད་ཀྱི་བཤད་པ།
·རྩོམ་ཡིག་འོག་མ:དཔའ་བོའི་སྙིང་སྟོབས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:42:29 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:08:09 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 21:10:11 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS