ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

གཞས་ཚིག ང་ཡི་རྐྱང་རྒོད་གཡེར་བ།

རྩོམ་པ་པོ:ཀླུ་ཚང་བྱམས་པ་ཚེ་རིང་།ཡོང་ཁུངས:མཚོ་སྔོན་པོ་གཟིགས་གྲངས:1857ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/12/26 21:26:06ཚོགས་ཡར་སྤྲོད:admin

ང་ཡི་རྐྱང་རྒོད་གཡེར་བ།

ཀླུ་ཚང་བྱམས་པ་ཚེ་རིང་།

རི་ཆེན་འགྱིང་སྟབས་ཀྱིས་གཟིར་དུས།། ཁྱོད་ཉིད་དྲན།

ང་ཡི་རྟ་མཆོག   ཕྱིར་ལ་ཕེབས་ཤོག

ཆུ་ཆེན་སྐྱོ་དུབ་ཀྱིས་བརྒྱལ་དུས།།  ཁྱོད་ཉིད་དྲན།

ང་ཡི་ལྷ་རྟ།  ཕྱིར་ལ་ཕེབས་ཤོག

གཞས་མ་གཏམ།

༼སྲབ་སིལ་མ་རིན་ཆེན་དངུལ་གྱིས་བརྒྱན་ནས།།

སྒ་ལྷུ་བཞི་ཉི་ཟླའི་ཟེར་གྱིས་སྤྲས་ནས།།

ཡོབ་གོར་མོ་སྐར་མའི་འཛུམ་གྱིས་བཏེགས་ནས།།

གློ་རྨེད་ཐག་འཇའ་ཚོན་འོད་ཀྱིས་གཡོགས་ནས།།༽

ང་ཡི་རྐྱང་རྒོད།

ཕ་ཡུལ་གྱི་པང་ལ་ལོག་ཤོག   །

གངས་དཀར་པོ་སེམས་ཀྱི་དྲོད་ཡིན།།

སྤང་མེ་ཏོག་མིག་གི་གྲོགས་ཡིན།།

ཀྭི    ང་ཡི་རྟ་མཆོག    ང་ཡི་ལྷ་རྟ།

རྐང་རྨིག་བཞིས་རྨི་ལམ་གྱི་རི་མོ་ས་ལ་ཕབ་བཞིན།།

རྡུལ་སྐྱ་མོས་རྟོགས་སད་ཀྱི་བ་དན་མཁའ་ལ་ངོམ་བཞིན།།

ང་ཡི་རྐྱང་རྒོད་གཡེར་བ།   ཕྱིར་ལ་ཕེབས་ཤོག །

དར་ལྕོག་བགྲེས་སྟབས་ཀྱིས་གཡོ་དུས།། ཁྱོད་ཉིད་དྲན།

ང་ཡི་རྟ་མཆོག       ཕྱིར་ལ་ཕེབས་ཤོག

རླུང་རྟ་ཁེར་རྐྱང་གིས་འཕུར་དུས།། ཁྱོད་ཉིད་དྲན།

ང་ཡི་ལྷ་རྟ།       ཕྱིར་ལ་ཕེབས་ཤོག

གཞས་མ་གཏམ།

༼སྲབ་སིལ་མ་རིན་ཆེན་དངུལ་གྱིས་བརྒྱན་ནས།།

སྒ་ལྷུ་བཞི་ཉི་ཟླའི་ཟེར་གྱིས་སྤྲས་ནས།།

ཡོབ་གོར་མོ་སྐར་མའི་འཛུམ་གྱིས་བཏེགས་ནས།།

གློ་རྨེད་ཐག་འཇའ་ཚོན་འོད་ཀྱིས་གཡོགས་ནས།།༽

ང་ཡི་རྐྱང་རྒོད།

རྩྭ་ཐང་གི་པང་ལ་ཕེབས་ཤོག །

སྦྲ་མཐིང་སྨུག་སེམས་ཀྱི་དྲོད་ཡིན།།

རླུང་སྐྱི་བསེར་གོམ་པའི་གྲོགས་ཡིན།།

ཀྭི    ང་ཡི་རྟ་མཆོག   ང་ཡི་ལྷ་རྟ།

མགོ་རྔོག་མས་ལྷག་བསམ་གྱི་སྤྲིན་དཀར་སྤོབས་པས་འདེགས་བཞིན།།

འཚེར་སྙན་མོས་ཁུ་སིམ་གྱི་རི་ཀླུང་ཐོལ་གྱིས་དཀྲོགས་བཞིན།།

ང་ཡི་རྐྱང་རྒོད་གཡེར་བ།  ཕྱིར་ལ་ཕེབས་ཤོག །

༢༠༡༣ལོའི་ཟླ་༨པའི་ཚེས་༡ཉིན།

·རྩོམ་ཡིག་གོང་མ:ཙོང་ཁ་པ་ཆེན་པོའི་ཡོན་ཏན་མདོར་བསྡུས་པར་བསྔགས་པ།
·རྩོམ་ཡིག་འོག་མ:འབར་མར་ལྗོངས་རྒྱུར་བསྐྱོད་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 2:54:26 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:41:03 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 7:14:16 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 52 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS