ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

ཉམ་ཆུང་དུད་འགྲོའི་ཚབ་མཚོན།

རྩོམ་པ་པོ:ལམ་བཟང་པོས།ཡོང་ཁུངས:དྲ་ཐོགགཟིགས་གྲངས:1653ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/3/4 12:49:50ཚོགས་ཡར་སྤྲོད:admin
ཉམ་ཆུང་དུད་འགྲོའི་ཚབ་མཚོན།

ལམ་བཟང་པོས།

སངས་རྒྱས་གསུངས་ཤིང་ཆོས་དང་འགལ་བ་དང་།།
སྡིག་པ་ཆེ་ཞིང་རྣམ་སྨིན་མྱོང་རབས་བཅས།།
ལང་ཀར་གཤེགས་པའི་མདོ་སོགས་བསྟན་པའི་ཚུལ།།
ཉེས་ཀུན་བཤད་ན་རྫོགས་སུ་མེད་མོད་ཀྱང་།།
དེ་རང་མི་བཤད་བདག་གིས་གཞན་ནས་གླེང་།།
ས་འབུ་གོག་ནས་འགྲོ་བ་ཡན་ཆོད་དང་།།
བྱ་བྱིའུ་གནམ་ནས་འཕུར་བ་ཚུན་ཆོད་དུ།།
ས་སྟེང་འདི་ན་རྒྱུ་བའི་སྐྱེ་འགྲོ་ཀུན།།
བདེ་སྡུག་ཚོར་འདུ་ཡོད་པ་གཅིག་པ་དང་།།
ཚེ་སྲོག་རིན་ཐང་ལྡན་པ་འདྲ་བ་ཡིན།།
འཇིག་རྟེན་དཀར་ངོགས་འཚོ་འདོད་དེ་ཡང་གཅིག།
འོན་ཀྱང་དབང་ཡོད་དབང་མེད་ལ་བརྟེན་ནས།།
རང་གི་འདོད་པའི་འགྲམ་ཆུ་འགོག་པའི་སླད།།
ཚེ་སྲོག་རྡོག་རོལ་བཏང་བའི་ཐབས་ཚུལ་འདི།།
མཐོ་རིམ་སྲོག་ཆགས་ཤིག་གི་བྱ་སྤྱོད་མིན།།
བྱམས་ལྡན་མི་རིགས་ཤིག་གི་ལུགས་བཟང་མིན།།
རང་དོན་ཁོ་ནར་གཉེར་བའི་སྒེར་སེམས་དང་།།
གཞན་གྱི་རང་དབང་འཕྲོག་པའི་ཤན་པ་ཡིན།།
དམར་ཟས་མ་སྤྱད་ལུས་པོ་མི་བདེ་ཟེར།།
དམར་ཁུ་མ་འཐུང་ཟུངས་ཁྲག་སྐམ་འགྲོ་སྐད།།
དེ་ནི་རང་གི་ཞེ་འདོད་སྲུང་ཕྱིར་ཡིན།།
ཁ་ཤས་འཚོ་ཐབས་དབེན་པས་རོལ་དགོས་འབྱུང་།།
དེ་འདྲའི་རིགས་ལ་དམིགས་སུ་བསལ་ཆོག་མོད།།
བག་མེད་ལོངས་སུ་སྤྱོད་མཁན་དེ་ཚོ་མིན།།
ཕྱུག་པོ་རྒྱུ་ཅན་བན་དེ་སྒོར་ཅན་འགས།།
དུས་སྟོན་ཡོད་ཚད་ཤ་ཡིས་བསུ་དགོས་པས།།
ཤ་ཡི་སྡེར་ཁ་བཤམས་ན་དུས་སྟོན་དང་།།
ཁྲག་གི་མཚོ་མོ་བསྐྱིལ་ན་སྐྱིད་པོ་ཡིན།།
སེམས་ཅན་ཞིག་གི་ཚེ་སྲོག་ལ་བསམས་ནས།།
ཟ་ཚོད་རན་པོ་བྱས་ན་ཆོག་མོད་ཀྱང་།།
སྲིན་པོའི་གཟུགས་ཀྱིས་རྔམ་པའི་ཚུལ་འདིར་ལྟོས།།
རང་ལ་ཚེར་མ་ཟུག་ན་ངུ་ལ་ཁད།།
གཞན་གྱི་ཤ་ཁྲག་རོལ་ན་དགའ་བ་འབུམ།།
རང་བཞིན་གཅིག་པའི་རྩ་ཆེའི་ཚེ་སྲོག་དེ།།
ཁབ་རྩེའི་རྡུལ་ལྟར་ཡིན་སྣང་མི་འཇོག་འདི།།
རྐང་གཉིས་འཛུགས་པའི་མི་ཡི་བྱ་བ་མིན།།
རྣམ་དཔྱོད་མངའ་བའི་རིགས་ཀྱི་བྱེད་ཚུལ་མིན།།
དེས་ན་ཉམ་ཆུང་དུད་ནས་འགྲོ་བ་ཡི།།
ཚེ་སྲོག་རིན་ཐང་སྣང་ཆུང་མ་གནང་རོགས།།
ཐུགས་རྗེ་གཟིགས་ཤིག་སྨྲ་ཤེས་དོན་གོའི་མི།།
·རྩོམ་ཡིག་གོང་མ:བོད་ཀྱི་གྲགས་ཅན་གཞས་པ་ཡར་དུང་ལ་བཅར་འདྲི།
·རྩོམ་ཡིག་འོག་མ:རྔ་པའི་ཤེས་ཡོན་པ་དང་ཁྲམ་རྟགས་དོན་རྐྱེན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གྲགས་ཅན་གསུང་ཚིག༥༡ 2015/11/24 20:57:38
·གྲགས་ཅན་གསུང་ཚིག༤༤ 2014/3/19 12:57:07
·འཕགས་པ་སྤྱན་རས་གཟིཊ་ལ་བསྟོད་ཅིང་ཐུཊ་རྗེ་བསྐུལ་བ། 2013/8/1 23:11:16
·རྗེ་རིན་པོ་ཆེའི་རྟོགས་བརྗོད་མདུན་ལེགས་མ། 2013/4/20 18:03:16
·རྒྱལ་སྤྱིའི་སྙན་ངག་ཉིན་མོར་ཕུལ་བའི་རྟེན་འབྲེལ་གྱི་ས་རྒ 2013/3/22 9:08:42
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 17:05:25 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:50:24 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 8:45:59 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།28.32MS