ཇོ་བོ་ཡིད་བཞིན་ནོར་བུའི་མདུན་ན་སྨོན་ལམ་འདེབས་པ།
སངས་རྒྱས་ཆོས་དང་སོགས། ཕྱག་འཚལ་བ་དང་སོགས།
བདག་སོགས་བོད་ཀྱི་བསོད་ནམས་ཞིང་གི་མཆོག། ཇོ་བོ་ཤཀྱ་མུ་ནེས་བདག་ལ་དགོངས།
མཁྱེན་བརྩེ་ནུས་པ་དུས་ལས་མི་གཡོ་བར།བདག་གི་སྨོན་ལམ་འ་གྲུབ་པར་བྱིན་གྱིས་རློབས།
བསྟན་པ་ཉམས་པའི་དུས་ངན་འདི་འདས་ཏེ། བསྟན་པ་དལ་རྒྱས་ཡུན་རིང་གནས་པར་ཤོག
འགྲོ་རྣམས་ཕན་ཚུན་བྱམས་བརྩེ་དང་ལྡན་ནས། ཚེ་རིང་ཞི་བདེའི་དཔལ་ལ་སྤྱོད་པར་ཤོག
གནས་སྐབས་སྡིག་གྲོགས་འགལ་རྐྱེན་ཀུན་བྲལ་ནས། གནས་གྲོགས་ཡོ་བྱེད་ཆོས་མཐུན་འཛམ་པར་ཤོག
བདག་ནི་ད་ནས་བྱ་ཆུབ་མ་ཐོབ་བར། རྣམ་དག་བསླབ་པ་གསུམ་དང་འབྲལ་མེད་ཤོག
ངོས་འབྱུང་སེམས་ཀྱིས་ཚུལ་ཁྲིམས་མི་ཉམས་ཞིང་། བྱང་ཆུབ་སེམས་ཀྱིས་བདག་འཛིན་བྲལ་བར་ཤོག
གཤེས་གཉེན་དམ་པས་རྗེས་སུ་བཟུང་ནས་ནི། རིམ་གཉིས་ལམ་གྱིས་ཚེ་འདི་སངས་རྒྱས་ཤོག
རིགས་དྲུག་བར་དོའི་སེམས་ཅན་མ་ལུས་ཀུན། སྡུག་སྔལ་གསུམ་གྱི་རྒྱལ་མཚོ་ཀམ་པར་ཤོག
རྒྱུབ་ཞི་སྒྲུབ་ནས་མྱུར་དུ་ཞིང་མཆོག་ལ། སྐྱེ་བའི་སྨོན་ལམ་ནུས་མཐུ་བཙན་པར་ཤོག
བདག་དགེ་བའི་རྩ་བ་གང་བགྱིས་པ། སེམས་ཅན་གཞན་གྱི་དོན་དུ་འགྱུར་བར་ཤོག
རྐང་པོའབན་གསོལ་འདེབས་པ་བཞིན། བདག་གིས་སྨོན་པའང་དེ་བཞིན་འགྲུབ་པར་མཛོད།
རྒྱལ་བ་ཁྱེད་དང་ཀུན་བཟང་རིགས་གསུམ་གྱིས། འགྲོ་བའི་དོན་དུ་སྨོན་ལམ་གང་བཏབས་པ།
དེ་བཞིན་བདག་གི་སྨོན་ལམ་ཚད་མེད་པས། རྣམ་དག་ཁྱེད་རྣམས་ཇི་བཞིན་འགྲུབ་གྱུར་ཅིག