ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མི་སྣ།
རྩོམ་ཡིག་ཀློག་པ།

དབང་པོ་སྐྱོན་ཅན་གྱི་གཞས་པ་སྐལ་བཟང་བཀྲ་ཤིས།

རྩོམ་པ་པོ:བོད་གཞས།ཡོང་ཁུངས:བོད་ཀྱི་གཞས་ཚིག་གླིང་།གཟིགས་གྲངས:1294ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/5/27 12:04:28ཚོགས་ཡར་སྤྲོད:admin

བོད་ཀྱི་དབང་པོ་སྐྱོན་ཅན་གྱི་གཞས་པ་སྐལ་བཟང་བཀྲ་ཤིས་ཀྱི་ངོ་སྤྲོད་མདོར་བསྡུས།

སྐལ་བཟང་བཀྲ་ཤིས་ནི་སྤྱི་ལོ་༡༩༨༤ལོར་མཚོ་སྔོན་ཞིང་ཆེན་རེབ་གོང་ཐུན་རིང་རྫོང་ཁོངས་སུ་སྐྱེས།ཆུང་བྱིས་པའི་དུས་ནས་གླུ་དང་རོལ་མོར་དགའ་བས་སློབ་འབྲིང་མཐར་ཕྱིན་རྗེས་གླུ་པའི་འཚོ་བར་རོལ། སྤྱི་ལོ་༢༠༠༠ལོ་ནས་༢༠༠༥ལོ་བར་རེབ་གོང་རྫོང་གི་གཞས་ར་སོགས་སུ་གླུ་ལེན་ཅིང་རྒྱ་ཆེའི་གཟིགས་མོ་བས་དགའ་བསུ་ཆེན་པོ་ཐོབ་མྱོང་།

དེ་ལྟར་གླུ་དང་རོལ་མོ།འཚོ་བ་སོགས་ལ་དགའ་དད་ཀྱིས་ཕྱུག་ཅིང་།རང་གི་མ་འོངས་པར་རེ་བས་འདུན་ཅིང་མཆིས་པའི་སྐབས་ཤིག་ན།༢༠༠༥ལོའི་ཉིན་ཞིག་གློ་བུར་དུ་ཁོ་པའི་འདྲེན་བྱེད་ཀྱི་ཡུལ་དུ་ཁ་དོག་སྣ་ཚོགས་ཀྱིས་ཕྱུག་པའི་འཛམ་གླིང་དེ་ནམ་ཡང་མངོན་དུ་མེད་པར་སོང་ནས་ཁོ་པའི་འདྲེན་བྱེད་ཟུང་དོན་གྱི་བྱེད་ནུས་སྟོང་དུ་གྱུར། སྤྱི་ལོ་༢༠༠༥ལོའི་དབྱར་དུས་སུ་སེམས་ཁོང་དུ་ཆུབ་སྟེ་སུག་པའི་འདེགས་འཇོགས་ལྕི་པོས་བོད་ལྗོངས་ལྷ་ས་ལོང་བའི་སློབ་གྲྭར་སླེབས། དེ་གར་ལོང་ཡིག་དང་། གློག་ཀླད། དབྱིན་སྐད། རྒྱ་ཡིག་སོགས་ཀྱི་ཤེས་བྱར་སྦྱང་བརྩོན་གྱིས་ཁོ་པས་ལོང་བ་མུན་པའི་འཇིག་རྟེན་གྱི་ནང་ཁ་དོག་སྣ་ཚོགས་ཀྱིས་ཕྱུག་པའི་འཛམ་གླིང་ཞིག་རྙེད་ཐབས་བྱས།

སྤྱི་ལོ་༢༠༠༧ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་ཟུར་ཐོག་དུ་ཞུགས།དེ་གར་དགེ་རྒན་ཆེན་མོ་ཚེ་སྒྲོན་ལགས་ཀྱི་རྣོ་སྦྲེང༼ཀང་ཆིན༽དང་།དགེ་རྒན་བསྟན་འཛིན་ཟླ་བ་ལགས་སོགས་ཀྱི་དྲུང་ནས་གླུ་ལེན་རིག་པ་སོགས་རོལ་མོའི་བཀའ་ཁྲིད་བསྐྱངས། མཐར་གཡུར་ཟའི་གྲུབ་འབྲས་ཐོབ་སྟེ་སྤྱི་ལོ་༢༠༠༩ལོར་སློབ་ཐོན་བྱས།སྤྱི་ལོ་༢༠༠༩ལོའི་ལོ་འཇུག་ཏུ༼པེ་ཅིན་དབང་པོ་སྐྱོན་ཅན་གྱི་སྒྱུ་རྩལ་ཚོགས་པར༽ཞུགས་ཏེ་རྒྱལ་ཡོངས་གྲོང་ཁྱེར་ཁག་༧༠ལྷག་ཙམ་ལ་སྐོར་བསྐྱོད་འཁྲབ་སྟོན་བྱས།
སྤྱི་ལོ་༢༠༠༩ལོའི་བོད་ལྗོངས་ཞོ་སྟོན་གླུ་པའི་འགྲན་ཚོགས་ཆེན་མོའི་ནང་བྱ་དགའ་རིམ་པ་གསུམ་པ་ཐོབ།སྤྱི་ལོ་༢༠༡༠ལོར་ཧྲན་ཀྲེན་དུ་ཚོགས་པའི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་གླུ་པའི་འགྲན་ཚོགས་ཆེན་མོའི་ནང་དུ་བྱ་དགའ་རིམ་པ་གསུམ་པ་ཐོབ།

ཁོང་རང་ཉིད་ཀྱིས་བརྩམས་གནང་བ་དང་བཏང་གནང་བའི་གླུ་གཞས༼ང་ཡི་མི་ཚེ༽ཞེས་པ་དང༼དྲན་གླུ༽སོགས་གངས་ལྗོངས་སུ་དར་ཁྱབ་ཡང་ཆེ་བའི་གཞས་སུ་གྱུར།

·རྩོམ་ཡིག་གོང་མ:སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་འཇམ་བཞད་ངག་དབང་བརྩོན་འགྲུས་
·རྩོམ་ཡིག་འོག་མ:སྙན་ངག་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·དད་པའི་སྟོབས། 2016/9/30 16:14:58
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 14:41:55 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:52:22 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 4:32:20 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS