ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
 རྩོམ་ཡིག་ཀློག་པ།

དྲན་པའི་ངོགས་ཀྱི་ཨ་ཕ།

  རྩོམ་པ་པོ:སྒྲོལ་མ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1142ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/1/17 11:05:34ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་གི་ཐེངས་གསུམ་པའི་འགྲན་རྩོམ་བདམས་བཀོད། ༢

 

 དྲན་པའི་ངོགས་ཀྱི་ཨ་ཕ།

 

སྒྲོལ་མ།


ཨ་ཕས་ཕྲག་པར་ཁུར་བའི་བུ་མོ་ངས།།
ཨ་ཕ་ཡོད་ཚེ་ཁ་ལོག་སྣ་ཚོགས་བྱས།།
ཨ་ཕ་འཇིག་རྟེན་འདི་ནས་བྲལ་བའི་རྗེས།།
ཨ་ཕ་དྲན་པས་མིག་ཆུ་ཆད་པ་མེད།།

ཕ་ལོ་རྒད་པོས་ལོ་ཟླ་གང་མང་གིས།།
ཕ་མཐའ་བྲལ་བའི་དཀའ་སྡུག་སྣ་ཚོགས་ཀྱིས།།
ཕ་ཁྱིམ་གྲུ་བཞི་མཐའ་ནས་སྐྱོང་བའི་ཚུལ།།
ཕ་ཡི་བུ་མོས་ད་ལྟ་དྲན་དུས་སྐྱོ།།

གྲིབ་ནག་གཡོལ་ཞིང་དྲི་མར་བཙོག་ཏུ་བརྩི།།
དྲག་ཏུ་བགད་ཚེ་ངན་པའི་ཐན་དུ་སེམས།
ཅུང་ཟད་འཇོན་ཚེ་མི་མིན་འདྲེ་མོར་སྣང་།།
ཉམ་ཆུང་བུ་མོའི་རིགས་ལ་བརྙས་བཅོས་མང་།།

དེ་འདྲའི་ཕ་ཡུལ་རི་ཡི་ཁུག་ཁུག་ན།།
ཕ་ལོས་གཅེས་པར་བསྐྱངས་པའི་བཀའ་དྲིན་ལས།།
ད་ལྟ་དུས་རབས་ཉེར་གཅིག་མི་གྲལ་དུ།།
མི་ཡི་རྐང་རྗེས་བཞག་པའི་གསོན་ཤུགས་བསྩལ།།

ཨ་ཕ་དྲན་ཚེ་ཁོག་ནང་མུན་པ་འཐིབས།།
ཨ་ཕ་གླེང་ཚེ་མགྲིན་པ་བརྣང་ཞིང་དོག།
ཨ་ཕ་འདས་པོ་དངོས་མཇལ་མེད་པ་འདི།།
ཨ་ཕའི་བུ་མོ་ང་ཡི་ཚེ་གང་སྡུག།
                                   2015/1/10
ཉིན་མོར།

·རྩོམ་ཡིག་གོང་མ:འདས་ཟིན་པའི་ཉིས་སྟོང་བཅུ་བཞི་དང་།
·རྩོམ་ཡིག་འོག་མ:གྲགས་ཅན་གསུང་ཚིག༤༩
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 23:06:35 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 10:36:44 [来自: 112.5.248.229]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 7:50:28 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 40 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།29.30MS