ནམ་མཁའི་ལྷ་མོ།
ཚིག ཀླུ་མཁར་རྒྱལ།
མི་ཡུལ་བྱམས་པ་བཙལ་ནས།
ནམ་མཁའི་ལྷ་མོར་ཕྲད་བྱུང་།
ནམ་མཁའི་ལྷ་མོ་དེ་ག
མི་ཡུལ་བྱམས་པ་ལས་ཀྱང་ལྷག་འདུག
གཤིས་ལ་གཤིས་རྒྱུད་བཟང་བ། སེམས་ལ་སེམས་པ་བཟང་བ།
སུ་དང་གང་ལ་དཔེ་འཇོག་མེད་པའི་ལྷ་མོ།
ག་ལེར་ག་ལེར་ང་ཡི་སྙིང་ཁོངས་སུ་འཛུལ་བྱུང་།
ཞལ་འཛུམ་མེ་ཏོག་བཞད་འདྲ། གསུང་སྐད་སྙན་འཇེབས་ལྡན་པ།
ནམ་མཁའི་ལྷ་མོ་ཡིན་སོང་། ནམ་མཁའི་ལྷ་མོ་འདྲ་ཞིག་གང་ནས་མཐོང་རྒྱུ་མ་བྱུང་།
ནམ་མཁའ་ཡ། ནམ་མཁའི་ལྷ་མོ།
བཤད་ལེན།
༼གནམ་མཐོན་པོ་ཁ་ཞེང་ཆེ་ས་ནས།
སྨན་བཟང་མོ་ནམ་མཁའི་ལྷ་མོར་ཕྲད།
ཁྱོད་ལྷ་མོ་ཐུགས་སེམས་གཞན་ལ་མ་གཡེང་དང་།
ང་མི་ཡུལ་སྐྱིད་པའི་བུ་ཆུང་གིས་མི་འགྱུར་ཚིག་འགའ་ཞུ།
སེམས་སུ་མི་ཞིག་མེད་ན།
མཉམ་འགྲོ་མཉམ་སྡོད་བྱས་ཆོག
སོང་ས་བསྡད་ས་ནས། སེམས་ཀྱིས་གཉོར་ནས་ཡོད།
ནམ་མཁའི་ལྷ་མོ། ག་ལེར་བདག་སེམས་དབུས་སུ་ཕེབས་ཤོག༽