ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བློ་སྦྱོང་།
རྩོམ་ཡིག་ཀློག་པ།

རྒྱལ་བ་བསྐལ་བཟང་པའི་ལྟ་མགུར་སྙིང་འདབ་བརྒྱད་མ།

རྩོམ་པ་པོ:རྒྱལ་བ་བསྐལ་བཟང་རྒྱ་མཚོ།ཡོང་ཁུངས:ཚངས་དབྱངས་དྲྭ་བ།གཟིགས་གྲངས:1887ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/1/7 14:26:12ཚོགས་ཡར་སྤྲོད:ངེད།
རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསུང་ལྟ་མགུར་སྙིང་འདབ་བརྒྱད་མ་བཞུགས་སོ།

སྙིང་འདབ་བརྒྱད་ཨ་བ་དྷཱུ་ཏཱིའི་དབུས།  །  གཞི་འགྱུར་མེད་སེམས་ཀྱི་རྡོ་རྗེའི་གར།  །
ལྷ་སངས་རྒྱས་ཀུན་འདུས་བློ་བཟང་གྲགས།  ། ཕ་བླ་མའི་ངོ་བོར་ཕྱག་འཚལ་ལོ།  །
གཞི་འཁོར་འདས་ཆོས་རྣམས་མ་ལུས་པ།  །  ནང་རང་གི་སེམས་ཀྱིས་བཏགས་པ་ཙམ།  །
སེམས་དེ་ཡང་བརྟག་ན་སྐྱེ་འགག་བྲལ།  ། གནས་ལུགས་ཀྱི་ངོ་བོ་ཨེ་མ་ཧོ།   །
སྟོན་མཁའ་ལ་ཆུ་འཛིན་དེངས་པ་བཞིན།  ། དབྱིངས་རང་སེམས་དབྱེར་མེད་སྣང་ངོ་རུ།  །
མྱོང་སྣང་གི་སྤྲོས་པ་མ་ལུས་ནུབ།  ། ང་སྐྱེ་མེད་ནམ་མཁའི་རྣལ་འབྱོར་པ།   །
གཤིས་ཅི་ཡང་མ་གྲུབ་རྫུན་པོ་ཆེ།  ། སྣང་གྲགས་ཀུན་སྒྱུ་མའི་ལྟད་མོར་མཐོང་།  །
ཉམས་དགའ་བ་སྣང་སྟོང་ཟུང་འཇུག་འདིས།  ། བསླུ་མེད་ཀྱི་རྟེན་འབྲེལ་ངེས་པ་ཪྙེད།  །
རྗེ་མཁྱེན་པའི་གཏེར་དང་དབྱེར་མེད་པའི།  ། ཕ་བློ་བཟང་གྲགས་པའི་ལེགས་བཤད་དང་།  །
རྗེ་མཚན་ལྡན་བླ་མའི་བཀའ་དྲིན་ལས།  ། ངས་ངེས་དོན་གླུ་རུ་བླངས་པ་ཡིན།    །
ཞེས་པ་འདི་ནི་ཕ་བླ་མའི་སྒྲུབ་གནས་ཁྱད་པར་ཅན་འོལ་དགའ་ཆོས་ལུང་དུ་འབྲི་ལུང་ནས་རྒྱུ་སྦྱར་ཏེ། དཔལ་འཁོར་ལོ་སྡོམ་པའི་ཚོགས་ཀྱི་མཆོད་པ་བགྱིད་སྐབས་སྲིད་སྐྱོང་སྡེ་པ་ནས་མགུར་སྙན་པ་ཞིག་འཐེན་ཞེས་སྐུལ་མ་བྱུང་བའི་ཚེ།  ངེས་དོན་གྱི་ལྟ་བ་ལ་བག་ཆགས་འཇོག་པའི་ཕྱིར་གང་ཤར་ཐོལ་བྱུང་དུ་ལྟ་བའི་མགུར་བྱེད་པ་པོ་ནི་བློ་བཟང་བསྐལ་བཟང་རྒྱ་མཚོའོ།  །
·རྩོམ་ཡིག་གོང་མ:གླིང་གི་གཏམ་དཔེ། གཉིས་པ།
·རྩོམ་ཡིག་འོག་མ:གཉན་པོའི་སྙན་ངག སེམས་ནས་དྲན་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ལམ་རིམ་བདུད་རྩིའི་སྙིང་པོ།༧ 2012/12/2 13:48:26
·དུས་རབས་ཉེར་གཅིག་པའི་སྙིང་གཏམ།༦ 2010/8/9 15:14:18
·དུས་རབས་ཉེར་གཅིག་པའི་སྙིང་གཏམ།༥ 2010/7/15 8:21:49
·རང་གཤིས་ནི་འདོད་བློ་ལས་ལྷག 2010/2/7 16:02:18
·བློ་སྦྱོང་སྙན་ངག་སྒྲ་རྒྱན་བཞུགས་སོ། 2009/12/15 9:21:35
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 2:22:19 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:02:23 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 6:19:18 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།24.90MS