ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
རྩོམ་ཡིག་ཀློག་པ།

ཆེས་ཚད་མཐོ་བའི་སྙན་ངག་གི་སྐད་ཆའི་དབྱངས་རིས།

རྩོམ་པ་པོ:ལྷ་ཆབ་སྦྱིན་པ།ཡོང་ཁུངས:དགེ་ཆོས་དྲྭ་བ།གཟིགས་གྲངས:1749ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/1/7 14:54:33ཚོགས་ཡར་སྤྲོད:ངེད།

ཆེས་ཚད་མཐོ་བའི་སྙན་ངག་གི་སྐད་ཆའི་དབྱངས་རིས།

ལྷ་ཆབ་སྦྱིན་པ།

སེམས་ནས་དྲན་པ།

གཉན་པོ།

རི་བོ་མཐོན་པོ་ཞིག་ལ་ཡུན་རིང་ཅེར་བའི་རྗེས་སུ།
བྱང་ནས་རྒྱུ་ཡོང་བའི་སྤྲིན་པ་ལེབ་མོ་དེས།
བར་སྣང་ཁམས་ནས་སུ་ཞིག་གི་ནམ་མཁའ་བཏེགས་ཡོང་བས།
ཡུན་རིང་ཡུན་རིང་ཞིག་ལ་མིག་ཟུང་བཙུམ་དབང་བྲལ་སོང་།
ཡིད་སེམས་ལྷོད་ལ་ཅུང་ཙམ་བབས་ཚེ།
ངོ་གདོང་རླན་བྱེད་འདི་དག་ནི།
སྤྲིན་གསེབ་གྱི་སྦྲང་ཆར་མིན་པ་ངང་གིས་རྟོགས།

སྔོ་རྩྭ་དང་ལྡུམ་བུ་ནེམ་པོ་རེ་རེ།
རྩྭ་ཐང་ཡངས་བོ་ཞིག་ནས་ཚོར་བའི་ཀློང་དུ་སིམ་པར་བྱས་ཚེ།
བྱིས་དུས་ཀྱི་འཚོ་བ་དེ་ཡང་།
རང་གི་རྨི་ལམ་དུ་འགྲུབ་ཀྱིན་འདུག
ནེམ་ཤ་ལྡན་པའི་རྫ་སུལ་གྱི་མེ་ཏོག་མང་བོ།
ཚེ་སྲོག་སྐྱོར་བའི་གནས་མལ་དངོས་དེ་ཡིན་ནོ།
2009.9.6

༼ཕྲན་བཤད༽ཚོར་བ་ཞིག་གིས་རང་གི་མདུན་ཕྱོགས་ཀྱི་རི་བོ་མཐོན་པོ་ཞིག་ལ་ཅེར་བའི་རྣམ་པ་དེ་ནི་སྤྱིར་བཏང་གི་རྣམ་པ་ཞིག་ཏུ་སྣང་ནའང༌། གློ་བུར་དུ་བྱང་གི་ཕྱོགས་ནས་སྤྲིན་པ་ལེབ་མོ་ཞིག་སླེབས་པའི་རྟོག་འགྱུ་དེ་ནི་ཆེས་ཚད་མཐོ་བའི་སྐད་ཆའི་དབྱངས་རྟ་ཞིག་ཏུ་བརྩི་ཆོག འདི་ནི་རི་བོ་དེ་ལ་ཅེར་བའི་སྐབས་ཀྱི་སྒྲུང་ཞིག་བཤད་ཀྱིན་ཡོད་ནའང༌། གློ་བུར་དུ་རི་བོ་དེ་ལ་འབྲེལ་བ་བཅད་ནས་བྱང་གི་ཕྱོགས་ཀྱི་སྤྲིན་པ་ཞིག་མངོན་པར་བྱས་པ་དང༌། དེའི་རྣམ་པའི་སྐད་ཆ་དག་ནི་རང་དབང་གི་མཐུ་བཙན་པོར་བསྒྱུར་ཡོད་པ་སོགས་མདོར་ན་སྙན་ངག་འདིའི་མགོ་བསླངས་སྟངས་ཀྱི་ཐད་ན་རྒྱ་ཆེ་ས་ཞིག་དང་གཏིང་མཐུག་ས་ཞིག་གི་ཕྱི་ཚུལ་གྱི་ཡིད་བརྙན་བཞེངས་ཡོད། དེ་ལྟར་སྤྲིན་པའི་བྱེད་ལས་ལ་བསམ་གཞིགས་གཏོང་སྐབས། རང་གི་ངང་ཚུལ་དེ་ཐད་ཀར་མངོན་པ་ནི་མིག་ཟུང་བཙུམ་དབང་མེད་པར་ཡོད་པ་དེ་རེད། ཡིན་ནའང་རང་གི་ངོ་གདོང་བརླན་བྱེད་དེ་སྤྲིན་པ་དེ་ལས་བབ་པའི་ཆར་ཟིམ་མིན་པར་བརྗོད་པའི་སྐད་ཆ་ནི་ཅི་འདྲའི་སྙིང་དུ་སྡུག་པ་ཞིག་རེད་ཨང༌།
གཉན་པོ་ལགས་ཀྱི་སྙན་ངག་འདིའི་ཆེས་ཚད་མཐོ་བའི་སྐད་ཆའི་དབྱངས་རིས་འདིས། ལྗང་བུའི་ལུགས་ཀྱི་སྙན་ངག་གི་ཐབས་ཚུལ་ཞིག་སྟོན་ཐུབ་ཀྱི་ཡོད་པར་སྣང༌། སྙན་ངག་ཐུང་ཐུང་འདིའི་མཛེས་སྡུག་གི་དཀྱོགས་མཚམས་ལེགས་ཤོས་དེ་སྔོ་རྩྭ་དང་ལྡུམ་བུ་ནེམ་མོའི་གསེང་ནས་བྱིས་དུས་ཀྱི་ཚོར་བ་དྲན་པ་དེ་རེད། དེས་གོང་གི་རི་བོ་མཐོན་པོ་དང་སྤྲིན་པ་ལེབ་མོ་དག་རྒྱང་དུ་བཞག་ཡོད་ནའང༌། སྙན་ངག་གི་གོ་བ་ལེན་སྟངས་དང་ཚོར་བ་བཞེངས་སྟངས་ཀྱིས་རང་བཞིན་དུ་འབྲེལ་དུ་བཅུག་ཡོད། སྙན་ངག་གི་ཐུན་མོང་མ་ཡིན་པའི་སྐད་ཆ་ཟེར་བ་དང་དེའི་དབྱངས་རིས་ཟེར་བའི་དགོས་པ་ཡང་དེ་ལ་ཐུག་ཡོད། དེ་ནས་མཐར་ཐུག་གི་རྫ་སུལ་གྱི་མེ་ཏོག་དམར་བོ་དེ་ཚེ་སྲོག་སྐྱོར་བའི་གནས་མལ་དུ་ངོས་བཟུང་བ་སོགས་ལ་ཕར་བལྟས་ཚོད་ཀྱིས་སྙན་ངག་ཐུང་ངུ་འདིའི་ནང་ན་འགལ་འདུའི་ཕུང་བོ་ཅི་སྙེད་ཅིག་སྤུངས་ཡོད་ནའང༌། དོན་དམ་དུ་སྙན་ངག་པ་རང་ཉིད་ཀྱིས་མ་གཏོགས་བརྗོད་བྱའི་སྲོག་གི་རྩ་བ་དེ་གང་དུ་ཟུག་ཡོད་མེད་བཤད་པར་དཀའ།
སྙན་ངག་པ་གཉན་པོ་ལགས་གར་ཡོད་དང་སུ་ཡིན་ཁོ་བོར་ཆ་མི་འཚལ་ནའང༌། ཁོང་གི་སྙན་ངག་གི་མཛེས་པ་འདི་ནི་བཙན་བྱོལ་གྱི་དེང་རབས་སྙན་ངག་གི་རྩེ་མོར་བསྙེག་པར་ཁོ་བོས་བརྗོད་སྤོབས་ལ། དེའི་རྒྱུ་མཚན་གཙོ་བོ་དེ་གང་ནས་རྙེད་ཐུབ་ཅེ་ན། ཁོང་གི་སྙན་ངག་ཐུང་ངུ་འདིའི་ཚིག་གི་སྤྲོས་པའི་བྱང་ཚད་དང་བརྗོད་བྱའི་རྣམ་པའི་འཕོ་འགྱུར། རྗོད་བྱེད་ཀྱི་སྐད་ཆ་ཕྱུངས་སྟངས་སོགས་གསར་རྩོམ་པ་ཞིག་གིས་ཅི་བས་ཡོང་དཀའ་བ་དེ་ཡིན། དེའི་སྟབས་ཀྱིས་ཕྲན་ལ་མ་བབ་པའི་ལས་འདི་ལ་འཇུག་རྒྱུའི་སྤྲོ་བས་བརྟས་ཀྱང༌། བདག་གི་དཔྱོད་ཤེས་ཀྱི་བློ་མིག་ཅི་བས་དོགས་པས་སྙན་ངག་འདིའི་ལེགས་ཆའི་རྣམ་པ་སོགས་ཀློག་མཁན་རྣམས་ལ་གསེད་བཀྲོལ་བྱེད་མ་ཐུབ་པ་ཡོད་ན་འཆགས་སོ།།

༢༠༠༩.༩ ༩.༡༨།

·རྩོམ་ཡིག་གོང་མ:གཉན་པོའི་སྙན་ངག སེམས་ནས་དྲན་པ།
·རྩོམ་ཡིག་འོག་མ:རེ་རྐང་གླིང་གི་སྙན་ངག གསེར་ཞུན་འཁྱིལ་བའི་རྐང་རྗེས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ཚངས་མགུར་གྱི་དཔྱད་གཏམ་དང་རྩོམ་རིག་དཔྱད་བརྗོད་ཚད་གཞི། 2011/8/1 8:35:23
·ངལ་རྩོལ་མང་ཚོགས་དང་རྩོམ་རིག་གི་འབྲེལ་འདྲིས། 2010/9/14 14:06:17
·ལྗིད་ཏིག་ཏིག་གི་བཀའ་དྲིན། 2010/2/5 18:52:24
·སྒྱུ་རྩལ་གྱི་བདེན་ཁ་གླེང་བ། 2010/1/18 21:08:05
·གློག་བརྙན་2012ཀྱི་དཔྱད་ཐུང་ཅིག 2010/1/13 18:50:03
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 19:46:55 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 1:07:17 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 13:37:13 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 41 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS