ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
རྩོམ་ཡིག་ཀློག་པ།

གློག་བརྙན་2012ཀྱི་དཔྱད་ཐུང་ཅིག

རྩོམ་པ་པོ:མི་རྒོད།ཡོང་ཁུངས:དགེ་ཆོས་དྲྭ་བ།གཟིགས་གྲངས:1987ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/1/13 18:50:03ཚོགས་ཡར་སྤྲོད:ངེད།

གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།

གློག་བརྙན་འདི་2009ལོར་འཛམ་གླིང་དུ་གྲགས་སྐད་ཀྱིས་ཆོད་པའི་གློག་བརྙན་ཞིག་སྟེ། སྐལ་བ་འཇིག་དུས་ཀྱི་ས་ཆུ་མེ་རླུང་གི་འཇིགས་པ་དེ་དེང་རབས་ཚན་རྩལ་གྱི་སྒྱུ་འཕྲུལ་དེས་ཧ་ལས་ཧོན་ཐོར་ཞིག་ཏུ་བསྟན་ནས་ཡོད་ལ། གདོད་མའི་མ་ཡྰ་ཆོས་ལུགས་ཀྱི་ལུང་བསྟན་ཞིག་གི་འཕྲོས་ཚུལ་སྟར། མི་དང་མིའི་དབར་གྱི་གསང་བའི་གཡོ་སྒྱུ་དང་གྲལ་རིམ་མཐོ་དམན་དབར་གྱི་སྤྲེལ་ལད་ཀྱི་འཚོ་གཞིས་སོགས་མིའི་གཉུག་གཤིས་ལ་སྤར་འདྲེད་བྱེད་པའི་དྲི་རྟགས་མང་པོ་ཞིག་བཀོད་མཐར། ཡེ་ཤུ་ཆོས་ལུགས་ཀྱི་དགོངས་པའི་འགྲེལ་ཚུལ་ལྟར་ལོག་སྤྱོད་ཀྱི་མི་དག་ཚར་གཅོད་པའི་ཕྱིར་དུ་མཐའ་མར་མིའི་རིགས་ཀྱི་རྒྱུད་ཁུངས་༼ནྰོ་ཡ་གྲུ་གཟེངས༽ལ་རྟེན་དགོས་པའི་མཚོན་དོན་དེ་གློག་བརྙན་གྱི་དངོས་ཤུགས་གང་རུང་ནས་སྟོན་ཅི་ཐུབ་བྱས་ཡོད་ནའང་། ཚུལ་དེ་དག་ཁ་མཚར་ནག་པོའི་ཕབ་སྐྲུན་གྱི་བསྒྱུར་བཀོད་ལྟར་རེ་གསལ་རེ་མོག་གིས་མཚོན་ཐུབ་ཡོད་པ་ནི། གྲུ་བོ་ཆེ་དག་བཟོ་སའི་ས་གནས་དེ་འཇིག་རྟེན་གྱི་མཚོ་ངོས་ལས་ཆེས་མཐོ་བའི་ཧི་མ་ལ་ཡའི་རི་རྒྱུད་དེ་རང་ཅག་ཁ་བ་ཅན་བདམས་ཡོད་ལ། བྱེད་ཐབས་ཡོད་པའི་སྒོ་ནས་ཀྲུང་གོའི་དམག་མི་དང་བོད་འབངས་དབར་གྱི་འབྲེལ་ལམ། ཀྲུང་གོ་རང་གིས་ཆེས་ཐོག་མར་བཟོ་སྐྲུན་བྱས་པའི་༼ཤར་རླུང་རྟགས༽ཅན་གྱི་རླངས་འཁོར་གྱི་མཛེས་ཉམས། དེ་བཞིན་ཀྲུང་གོའི་བཟོ་བ་དག་གི་སྤྱོད་སྒོ་སོགས་ལ་ཟུར་ཟ་འདྲ་བ་ཞིག་བྱས་ཡོད་ནའང་། གློག་བརྙན་གྱི་གཙོ་སྙིང་དུ་མངོན་གང་ཐུབ་བྱེད་པའི་ཨ་རིའི་མི་ཁྱིམ་བཟའ་བ་དག་གི་དབར་གྱི་བརྩེ་སེམས་དང་ཞེ་འཁོན། ཕ་བུ་དབར་གྱི་འགལ་འདུ། ཆོས་ལུགས་དད་མོས་ཀྱི་སྙིང་སྟོབས། གཞན་ཡང་སྲིད་གཞུང་གི་ལྐོག་གཡོ་སོགས་འཛམ་གླིང་གི་རྩེ་གྲས་ཟིན་པའི་དེང་རབས་ཨ་མེ་རི་ཁའི་འཚོ་བའི་ངོ་གདོང་དངོས་མ་དེར་སུན་འབྱིན་བྱས་ཡོད་ལ།༼གཞན་དུ་ཨ་རི་དེ་འཛམ་གླིང་གི་ཕུ་བོ་ཡིན་པའང་ཟ་དང་ཟུར་ལ་བསྟན་ཡོད༽ འཛམ་གླིང་གི་མིའི་མིག་ལམ་དུ་ངོ་མཚར་གྱི་རིན་ཐང་ཆེས་བྲིན་པའི་ནང་བ་སངས་རྒྱས་ཀྱི་སྟབས་སྤྱོད་འགའ་ཞིག་གིས་བོད་མི་མ་ཡིན་པའི་མི་གཞན་དག་ལ་ལེབ་ཐང་ལུགས་ཅན་གྱི་མཛེས་སྣང་ཞིག་བཞག་ནས་ཡོད་པ་རེད། ༼ཡང་ན་བེད་སྤྱོད་ཅིག་གི་ཚུལ་དུ༽

གློག་བརྙན་འདི་མགོ་ནས་མཇུག་བར་དུ་ཞེ་འདྲོགས་པ་ཞིག་ཡིན་པས་བྲེལ་སྣང་དང་འཚུབ་སྣང་གི་དབང་གིས་ཕྱེ་དེ་སྐྱོན་ཆར་བརྟག་རྒྱུར་ཁེག་པོ་ཞིག་ཡིན་ནའང་། བྱིས་པ་ཞིག་ལ་མགོ་སྐོར་བའི་ཚུལ་གྱིས་གློག་བརྙན་གྱི་མི་སྣ་གཙོ་བོའི་བཟའ་ཚང་དེར་སྐད་ཅིག་མའི་ལྟས་དབང་གི་གོ་སྐབས་དེ་འདྲའི་མང་པོ་ཞིག་འཐོབ་བཞིན་རླངས་འཁོར་ནས་སྤྱི་སྤྱོད་རླངས་འཁོར། དེ་བཞིན་གནམ་གྲུ་ཆུང་བ་ནས་གནམ་གྲུ་ཆེན་པོ་སོགས་ལ་འདུག་ཚུལ་དང་། རེ་རེ་སྐར་ཆ་རེའི་འགག་སྒོ་ལས་བསྒལ་ཚུལ་དེ་༼སྤྲུལ་རྒྱལ་ཨུ་གུང༽ཡིན་ཡང་མཐར་དཀའ་བ་ཞིག་ཡིན་ཙ་ན་ཕྱི་རྒྱལ་གྱི་ལྷའི་ཕོ་ཉ་དག་གློག་བརྙན་འདིའི་མི་སྣ་གཙོ་བོའི་ལས་དབང་ལ་འགྲམ་ཆུ་ལུད་པ་ཞིག་ཏུ་བསྟན་ཡོད་མོད། གློག་བརྙན་གྱི་ཟུག་སློང་གི་ཚོར་བ་ནན་ཆེར་འཛིན་ཕྱིར་མགོ་སྔ་ཀུན་ཏུ་འཁྲབ་སྟོན་པ་ཕལ་བ་དག་ནི་འབུ་ཀྱོག་ཅིག་གི་ཚུལ་དུའང་མི་འཇོག་པར་ཉེས་བསྲེག་གིས་སྡུག་མྱོང་གིན་འཆི་ལམ་དུ་འདེད་པ་འདི་༼ཧའོ་ལེ་བུའུ༽གློག་བརྙན་སྤྱི་ལ་ལྡན་པའི་མཚོན་ཚུལ་ཞིག་ཡིན་ནའང་། གློག་བརྙན་འདིའི་ནང་དུ་དེ་ལས་ཀྱང་ཚད་ལས་བརྒལ་ཡོད་པས་ན། ཁོ་བོ་རང་གི་ལྟ་ཚུལ་ལ་གློག་བརྙན་འདི་ནི་༼ སྤ་སེ ༽ཡི་ཆེད་དུ་མིའི་རིགས་ཀྱི་བླ་བཙོང་ཚར་བའི་གློག་བརྙན་དེའི་རིགས་སུ་འདོད་མོད། ཡིན་ནའང་མི་སྣ་གཙོ་བོ་མི་དམངས་ཀྱིས་གདེངས་འཇོག་འཐོབ་ཀྱིན་མེད་པའི་སྒྲུང་རིང་རྩོམ་པ་པོ་ཞིག་ཏུ་བཞག་ཐོག་དེབ་ལྔ་བརྒྱ་ལས་ཚོང་བྲིན་མ་ཐུབ་པའི་དཔེ་དེབ་དེའི་བསྟན་དོན་གྱི་དགོས་པ་དང་ཁོང་གི་གྱོང་རེག་པའི་འཚོ་བ་དག་ལས་བསྟན་དོན་གཞན་ཞིག་གི་ནུས་སྦྱོར་ཙམ་མག་མོག་ཅིག་མཚོན་ཡོད་པ་དེ་རང་ཉིད་ཀྱིས་གློག་བརྙན་འདིར་བལྟས་རྗེས་ཀྱི་དགའ་སྣང་འཕེལ་སར་གྱུར་ཡོད་དོ། །

གློག་བརྙན་གྱི་མ་ཡིག་ངོ་མར་བལྟ་ན་དྲ་ཚིགས་འདི་ནས་བལྟས།

http://www.3gdyy.com/html/movie_6203.html

·རྩོམ་ཡིག་གོང་མ:བྱ་གཞུང་དབྱངས་བྷའི་སྙན་ངག ཧོར་ཆུ་ཁམ་པ་སྔོ་རིང་དང་གཞན་དག
·རྩོམ་ཡིག་འོག་མ:གཞས་ཚིག མི་ཚེའི་རླུང་རྟ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ཚངས་མགུར་གྱི་དཔྱད་གཏམ་དང་རྩོམ་རིག་དཔྱད་བརྗོད་ཚད་གཞི། 2011/8/1 8:35:23
·ངལ་རྩོལ་མང་ཚོགས་དང་རྩོམ་རིག་གི་འབྲེལ་འདྲིས། 2010/9/14 14:06:17
·ལྗིད་ཏིག་ཏིག་གི་བཀའ་དྲིན། 2010/2/5 18:52:24
·སྒྱུ་རྩལ་གྱི་བདེན་ཁ་གླེང་བ། 2010/1/18 21:08:05
·ཆེས་ཚད་མཐོ་བའི་སྙན་ངག་གི་སྐད་ཆའི་དབྱངས་རིས། 2010/1/7 14:54:33
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 19:38:48 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 0:57:45 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 13:21:25 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 96 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS