ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
 རྩོམ་ཡིག་ཀློག་པ།

འགྲན་མེད་ཀྱི་༼ཨ་ཧྥན་ཏྰ༽(གློག་བརྙན)

  རྩོམ་པ་པོ:མི་རྒོད།ཡོང་ཁུངས:དགེ་ཆོས་དྲྭ་བ།གཟིགས་གྲངས:1894ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/1/15 16:26:22ཚོགས་ཡར་སྤྲོད:ངེད།
                 འགྲན་མེད་ཀྱི་༼ཨ་ཧྥན་ཏྰ༽(གློག་བརྙན)

དྲ་གནས། http://www.3gdyy.com/html/movie_6465.html

གློག་བརྙན།  ཨ་ཧྥན་ཏྰ།  (Avatar)   ཨ་རི།   2009--2010ལོར།

    ཀྲན་མུའུ་སི་ཁ་མེ་ལུང་།

ཀྲན་མུའུ་སི་ཁ་མེ་ལུང་ཞེས་བརྗོད་དུས་མི་མང་པོ་ཞིག་གིས་སྐྱེས་མཆོག་སུ་ཞིག་གི་མཚན་ནས་འབོད་ཀྱིན་པར་ཧ་མི་གོ་ནའང་།  ༼མཇུག་བསྡུ་བ༽དང་པོ་ནས་གསུམ་པ་དང་༼ཁྲག་གི་ཐིག་པ་དང་པོ༽སོགས་ཨ་ནའོ་ངྷི་ཧྲི་ཝ་ཞིན་ངྒི་དང་ཧྲི་ཐེ་ལུང་སོགས་ཀྱི་འཕྲུལ་ཆས་མིས་འཐབ་འཛིང་དང་ཁྲག་དྲི་བྲོ་བའི་དམག་འཁྲུག་གི་ཟིལ་རྔམ་སོགས་ཀྱི་འཁྲབ་ཚན་དག་བརྗོད་པ་ཡིན་དུས་མི་མང་པོ་ཞིག་གིས་ཁོང་ཉིད་དུས་རབས་ཉི་ཤུ་བའི་ཨ་རིའི་གློག་བརྙན་འཛམ་གླིང་གི་ཡང་རྩེར་སྤུར་མཁན་དུ་བརྩི་ངེས་མོད།  ཆའོ་ཀྲིན་ལུའུ་ཁ་སི་དང་སི་ཕིར་ཨེར་བྷོ་ངྒི།  པུའུ་ཏི་ཅེ་ཁུ་ཞོན་དང་མེར་རྗེབ་སན་སོགས་ཨ་རིའི་གློག་བརྙན་འཁྲབ་ཁྲིད་པ་མང་པོ་ཞིག་གི་ལག་རྗེས་དེ་ཡང་ཁོང་དང་དོ་མཉམ་དུ་གནས་ཡོད་པ་ང་ཚོས་ཁས་ལེན་བྱ་དགོས་པས་དེ་ལྟར་བགྲངས་པར་ནོར་བའི་ཆ་ཡོད་སྲིད་མོད།  འོན་ཀྱང་གོ་ལ་རིལ་མོ་འདིའི་སྟེང་གི་གློག་བརྙན་གྱི་རྩེ་མོར་བགྲངས་རུང་བའི་གློག་བརྙན་༼ཐའེ་ཐ་ཉི་ཁུ་རྟགས་ཅན༽ཞེས་པའི་གློག་བརྙན་དེ་ཡི་མཚན་སྙན་གྱི་སྟེང་ནས་བཤད་ན་འཁྲབ་ཁྲིད་པ་ཀྲན་མུའུ་སི་ཁ་མེ་ལུང་ནི་དུས་རབས་ཉི་ཤུ་བའམ་འཛམ་གླིང་གློག་བརྙན་གྱི་རྒྱལ་བོར་བརྩི་བཀུར་བྱས་དང་ཆོག་པ་ཞིག་རེད་འདུག

 

ཨ་ཧྥན་ཏྰ།

གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཀྲན་མུའུ་སི་ཁ་མེ་ལུང་གིས་97ལོར་སྐད་གྲགས་གནམ་སར་ཁྱབ་པའི་གློག་བརྙན་གྲགས་ཅན་ནམ་འཛམ་གླིང་ཨའོ་སི་ཁའི་གློག་བརྙན་བྱ་དགའ་11གི་ཟིན་ཐོ་བསྐྲུན་པའི་གློག་བརྙན་༼ཐའེ་ཐ་ཉི་ཁུ་རྟགས་ཅན༽ཞེས་པ་ལེགས་འགྲུབ་རྗེས་ཀྱི་ལོ་12ལ་དགུན་ཉལ་བྱས་པའི་འབྲས་བུ་ཞིག་དང་།  གློག་བརྙན་གྱི་ལོ་རྒྱུས་ལ་གསར་ཤོག་གི་རབ་ཁ་ཕྱེས་པའི་དུས་རབས་ཀྱི་མངོན་རྟགས་ཤིག་སྟེ། གློག་བརྙན་གྱི་འཁྲབ་གཞུང་སྔོན་ཞིག་ནས་ལེགས་འགྲུབ་བྱུང་ཡོད་ནའང་ཚན་རིག་ལག་རྩལ་གྱིས་འཁྲབ་གཞུང་གི་སྙིང་དོན་མཚོན་མ་ཐུབ་པར་ངང་སྒུག་བྱས་པའི་གློག་བརྙན་གཅིག་པུ་ཞིག་ཡིན་ཙ་ན་ངེས་པ་དོན་གྱི་གློག་བརྙན་ཡ་མཚར་བ་ཞིག་ཡིན་ནོ། །

 

གློག་བརྙན་ངོ་སྤྲོད།

གློག་བརྙན་འདིའི་ཁྲོད་དུ་མི་ཡི་ཧམ་སེམས་དང་དབང་ཆ་གཅིག་བསྡུས་པའི་བྱེད་ཕྱོགས།  དེ་བཞིན་ཁུ་ལུང་ལག་རྩལ་སོགས་དུས་མཐའི་ཚན་རིག་གི་ངོ་མཚར་བའི་འཕེལ་བྱུང་། འཇིག་རྟེན་དང་འཇིག་རྟེན་དབར་གྱི་དོ་མཉམ་མ་ཡིན་པའི་གསང་བའི་མཚོན་ཚུལ་སོགས་རྒྱ་ཐམ་པ་ཞིག་བརྗོད་ཐུབ་ཡོད་ལ།   བདེན་ལུགས་དང་རྩ་དོན་གྱི་ཆེད་དུ་ཐ་ན་བལྟ་མཁན་རང་ཉིད་ཀྱང་མི་མ་ཡིན་པ་དག་གི་ཕྱོགས་སུ་ལངས་ནས་མིའི་རིགས་ལ་ཕྱིར་རྒོལ་གྱི་ཚ་ལན་སྤྲོད་པར་དགའ་སྤྲོ་འཕེལ་བའི་གཉུག་གཤིས་ཀྱི་མཛེས་པ་དེ་སྔོགས་འདོན་ཐུབ་ཡོད་དོ། །

 

གློག་བརྙན་ཧྲིལ་བོའི་བརྒྱ་ཆའི་བརྒྱད་ཅུ་ནས་དགུ་བཅུ་ཡན་སྒྲིག་བཟོའི་སྒྱུ་ཐབས་ཡིན་པས། གློག་བརྙན་འདི་ཉིད་འཁྲབ་སྟོན་མི་སྣར་མི་དངོས་བེད་སྤྱོད་བྱས་པ་ཆེས་ཉུང་བའི་གློག་བརྙན་གཅིག་པུའང་ཡིན།

 

                གློག་བརྙན་གྱི་སྒྲིག་བཟོའི་སྒྱུ་ཐབས་སྤྱོད་དུས་ཀྱི་མ་དཔེ།

 

·རྩོམ་ཡིག་གོང་མ:བྱ་གཞུང་དབྱངས་བྷའི་ལྷུག་རྩོམ་སྙན་ངག་བོད་ལུགས་ལོ་སར་ཞེས་པ།
·རྩོམ་ཡིག་འོག་མ:བོད་ཀྱི་གདངས་དབྱངས།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·བོད་བརྙན་དྲྭ་ཚིཊ་དང་གློག་བརྙན་དཔྱད་བརྗོད་ཀྱི་ཟུར་སྣེ། 2014/10/15 20:03:32
·བོད་ཀྱི་DVགློག་བརྙན་ཐུང་ངུ་འགའ་ཡིས་དགོད་ཁ་ཤོར། 2011/9/10 0:29:34
·པེ་ཅིན་སློབ་ཆེན་གློག་བརྙན་འགྲན་བསྡུར་ལ་ཞུཊ་པའི་བརྙན་ཐུང་ཞིག 2011/3/14 16:31:01
·བརྙན་ཐུང་ཤེས་རབ་ཀྱི་འཛུམ་མདངས་ཀྱི་བརྡ་སྦྱོར་པར་རིས། 2011/3/8 17:54:45
·གློག་བརྙན་ཐུང་ངུ༼ཤེས་རབ་ཀྱི་འཛུམ་མདངས༽། 2011/3/8 17:50:50
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 6:42:37 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 19:12:44 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/13 8:41:56 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 67 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS