ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
རྩོམ་ཡིག་ཀློག་པ།

སྒྱུ་རྩལ་གྱི་བདེན་ཁ་གླེང་བ།

རྩོམ་པ་པོ:ཆས་པ་རྡོ་རྗེ་དོན་གྲུབ།ཡོང་ཁུངས:ངེད་དྲྭ་བ།གཟིགས་གྲངས:2315ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/1/18 21:08:05ཚོགས་ཡར་སྤྲོད:ངེད།
སྒྱུ་རྩལ་གྱི་བདེན་ཁ་གླེང་བ།
ཆས་པ་རྡོ་རྗེ་དོན་གྲུབ།

གླེང་གཞི།
སྤྱིར་རང་རེའི་མི་རིགས་ལ་མཚོན་ན་སྒྱུ་རྩལ་ཞེས་པའི་མིང་ཚིག་དེ་ནི་སྔ་ས་ནས་བཀོལ་འབྲི་བྱེད་བཞིན་ཡོད་མོད།     འོན་ཀྱང་བག་ཆགས་རྙིང་པའི་འདུ་ཤེས་དང༌།  དཀར་མདོག་ལ་མཆོད་པའི་སེམས་བྱུང་གི་ངན་ཤུགས་ལས་ནམ་རྒྱུན་སྐྱེས་བུ་རབ་འབྲིང་ཐ་གསུམ་ཀུན་གྱིས་སྒྱུ་རྩལ་གྱི་གནས་བབ་དང་འོས་འགན་འབྲས་བུ་སོགས་ནི་མཛེས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་སུས་ཀྱང་མཐོང་བར་གསལ།   ཡིན་ནའང་མིའི་རང་བཞིན་དངོས་ལས་བྱུང་བའི་མཛེས་དཔྱོད་ཀྱི་ལྟ་ཚུལ་ཐད་ནས་ཅུང་ཟད་དཔྱད་ན།    སྒྱུ་རྩལ་ནི་བསམ་བློའི་སྟོབས་ཤུགས་ཤིག་སྟེ།  འགྱུར་སླ་ཞིང་གསར་གཏོད་ཀྱི་ནུས་པ་ལྡན་པའི་བསླུ་བྲིད་ཀྱི་རང་གཤིས་ཤིག་ལ་བཀོད་ན་འགྲིག་སྙམ།   དེ་བས་ཉིད་ཀྱི་མཛེས་དཔྱོད་ལྟ་ཚུལ་ལས་འཕྲོས་ཏེ་སྒྱུ་རྩལ་གྱི་བདེན་ཁ་ཕྱོགས་གསུམ་ནས་ཅུང་ཟད་གླེང་བར་བྱ།
དང་པོ།   སྒྱུ་རྩལ་གྱི་ལས་ཀ་ནི་གཏོར་བཤིག་ཡིན་པ།
སྤྱིར་སྒྱུ་རྩལ་ནི་ཐལ་ཆེ་བའི་འགྱུར་ལྡོག་དང་སྒུལ་ཤུགས་དྲག་པོ་གཉིས་ལས་གྲུབ་པ་ཡིན་ཞེས་གསུངས་པ་ལྟར།     ནམ་རྒྱུན་སྤྱི་ཚོགས་འཚོ་བའི་ཁྲོད་ནས་བྱུང་དང་འབྱུང་བཞིན་པའི་འགལ་བ་སྣ་ཚོགས་ནི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་སྒུལ་ ཤུགས་ཡིན་པ་སུས་ཀྱང་བསྙོན་དུ་མེད།   ཡིན་ཡང་ཞི་བདེ་དང་འཕེལ་རྒྱས་མཉམ་གནས་ཀྱི་ལྟ་ཚུལ་ནི་སྒྱུ་རྩལ་གྱི་བདེན་ཁ་གཏན་ནས་མ་ཡིན།   དེ་ནི་བདག་གི་སྣང་ངོར་མཚོན་ན་བཏང་སྙོམས་རིང་ལུགས་པའི་ལྟ་ཚུལ་ཙམ་ལ་ངོས་འཛིན་བྱེད་  བཞིན་ཡོད།   རྒྱུ་མཚན་ནི་རྒྱ་གར་གྱི་སྒྱུ་རྩལ་མཁན་པོ་ཐེ་ཀོར་(泰戈尔)གྱི་《སྙན་ངག་གི་མཆོད་པ་》ཞེས་པའི་ནང་དུ་འདི་ལྟར་གསུངས་ཡོད་དེ།  གལ་ཏེ་ང་ཚོའི་འཚོ་བ་ནི་མཚམས་ཆད་མེད་པའི་འཐབ་འཛིང་གི་རྣམ་པར་མ་མཆིས་ན།    ང་ཚོར་སྒྱུ་རྩལ་གྱི་མོས་པ་མེད་ཅིང༌།  ང་ཚོས་ཅི་ཞིག་ནི་བཟང་བོ་ཡིན་པ་མི་རྟོགས་ཞེས་པ་དང༌།   དེ་བས་ལྷག་པར་དུ་ང་ཚོའི་མི་རིགས་ལ་མཚོན་ནས་བཤད་ན་བསམ་བློའི་དཔུང་ཁག་གི་ཉམས་ཉེས་བྱུང་ཡོད་པའང་གནས་ཚུལ་འདི་ལ་ཐུག་ཡོད་པར་སྙམ།   རྒྱུ་མཚན་ནི་ང་ཚོས་སྙིང་རྗེ་ཡི་ཞྭ་མོ་ཕུད་མ་ཐུབ་པའི་རྐྱེན་གྱིས་རེད།   ཡིན་ཡང་ཚད་བཀག་ངེས་ཅན་ཞིག་གི་ཁྲོད་ནས་ཚད་མེད་པའི་དངོས་པོ་ཞིག་འཚོལ་བ་ནི་མིའི་རང་བཞིན་ངོ་མ་ཡིན་པའི་གནས་ལུགས་དང་མཐུན་མོད།  རང་རེའི་མི་རིགས་ལ་མཚོན་ན་དེ་དག་གི་ལས་ཀ་གཉེར་མཁན་ནི་ལྟ་ལོག་ཅན་དུ་བརྩི་ངེས།   གང་ལྟར་ནུབ་ཕྱོགས་ཀྱི་རིག་རྩལ་བསྐྱར་དར་ཡིན་ནའང་འདྲ།  རང་རྒྱལ་གྱི་ལྔ་བཞིའི་ལས་འགུལ་ཡིན་ནའང་འདྲ་ལམ་འདི་ལ་མ་བརྒྱུད་པ་གཅིག་ཀྱང་མེད་པས།  བསམ་བློ་གསར་པའི་དཔུང་ཁག་ཞིག་གི་ལས་འགན་ནི་སྒྱུ་རྩལ་གྱི་ལས་ཀ་དང་པོ་སྟེ་གཏོར་བཤིག་ཡིན་པར་སྙམ།
གཉིས་པ།     སྒྱུ་རྩལ་གྱི་ལས་ཀ་ནི་བརྩེ་དུང་ཡིན་པ།
སྒྱུ་རྩལ་གྱི་ལས་ཀ་ནི་བརྩེ་དུང་ཡིན་པའི་ཆ་ནས་བཤད་ན།  བརྩེ་དུང་ནི་སྒྱུ་རྩལ་གྱི་ཁྲག་རྒྱུན་ལྟ་བུ་ཡིན་ཞེས་གསུངས་པ་ལྟར།  སྒྱུ་རྩལ་ལས་ཀ་ནི་མཛེས་རྟོག་གི་འདོད་པ་ཡིན་པས།  ལྷག་པར་དུ་ནམ་རྒྱུན་གྱི་འཚོ་བའི་ཁྲོད་ནས་བྱུང་དང་འབྱུང་བཞིན་པའི་བརྩེ་དུང་གི་ཕམ་ཁ་གང་མང་དང་ཐལ་དྲག་པའི་བརྩེ་དུང༌། ཧོལ་རྒྱུག་གི་བརྩེ་དུང་སོགས་ལས་སྒྱུ་རྩལ་གྱི་ནུས་པ་ཁྱད་པར་ཅན་ཞིག་ཕྱིར་མངོན་ཐུབ་སྟེ།  མིའི་རང་གཤིས་ངོ་མ་དང་བུད་མེད་ཡིད་ཀྱི་གསང་བ་སོགས་མཐོང་མ་མྱོང་བའི་ལྟད་མོ་སྣ་ཚོགས་དང་ཐོས་མ་མྱོང་བའི་གཏམ་རྒྱུད་ཐོས་རྒྱུ་མང་བོ་ཡོད་པ་ནི་གནས་ལུགས་ཡིན།  ཡིན་ནའང་ང་ཚོའི་བོད་ལ་མཚོན་ནས་བཤད་ན།  བུད་མེད་ཀྱི་སེམས་ཁམས་རྟོགས་མི་ཐུབ་པ་ནི་སྒྱུ་རྩལ་རྩོམ་རིག་གི་སྟོང་ཆ་ཡིན་ཞེས་རང་རེའི་ན་གཞོན་སྒྱུ་རྩལ་བ་སྨན་བླ་སྐྱབས་ཀྱིས་གསུངས་ཡོད།  སྒྱུ་རྩལ་གྱི་ཆེས་མཐོ་བའི་ཁྱད་ཆོས་ནི་འགྱུར་སླ་བ་ཡིན་པས།  བརྩེ་དུང་གི་རང་གཤིས་ངོས་ནས་བརྗོད་ན་འགྱུར་སླ་བའི་ཁྱད་ཆོས་ཡོད་པ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་སྐབས་འགར་རྒན་མོ་མཐོང་ཡང་ཆགས་པ་སྐྱེས།  སྐབས་འགར་ལྷ་མོ་མཐོང་ཡང་ཞེན་པ་ལོག  འདི་ཡིན་འཕྲོ་ལ་དེ་མིན་གཞན་ཞིག་འོངས།  སེམས་ཀྱིས་བསླུས་པ་གྲངས་ཀྱིས་ག་ལ་ཆོད་ཅེས་པ་ལས་གསལ་པོར་ཤེས་ཐུབ།   རང་ཉིད་ཀྱིས་རང་ཉིད་བསྐྲུན་པ་ནི་ཚེ་སྲོག་གི་ལས་ཀ་ཤིག་སྟེ།    འཕྲུལ་སྣང་དང་རྟོག་འཆར་ལས་ཐོན་པའི་སྒྱུ་འཕྲུལ་གྱི་མི་གཤིས་འཁྱོག་པོ་དང་དངོས་ཡོད་འཚོ་བའི་བདེན་ཁ་ནས་གླེང་བའི་ཕམ་ཉེས་དང་གཏོར་བཤིག་གང་མང་ལས་འཚིར་ནས་ཐོན་པའི་བརྩེ་དུང་རྣལ་མ་ནི་སྒྱུ་རྩལ་གྱི་ཐོབ་ཆ་ངོ་མ་ཞིག་ཏུ་འདོད་ལ།  གདོད་མའི་སྤྱི་ཚོགས་ཀྱི་སྐབས་སུ་མིའི་རིགས་སྤྱི་ལ་ཐུན་མོང་གི་མི་གཤིས་མངའ་ནའང་བྱ་དངོས་ མཐའ་དག་ཕན་ཚུན་རྒྱུ་རྐྱེན་གྱི་འབྲེལ་བའི་ལྟོས་བཅས་སུ་འབྱུང་ཞིང་འགལ་ཟླའི་ ཚུལ་དུ་གཅིག་གྱུར་དུ་གནས་པ་ནི་རྒྱུན་གཏན་གྱི་སྣང་ཚུལ་ཞིག་ཡིན་པར་སྙམ།  དེ་བས་མི་གཤིས་ཀྱི་མཛེས་པ་ཡང་དག་པར་མཚོན་ཏེ་མིའི་འདོད་ཁམས་སུ་མངོན་པར་བཤམ་རྒྱུ་ནི་སྒྱུ་རྩལ་གྱི་ལས་ཀ་དངོས་ཡིན།
གསུམ་པ།  སྒྱུ་རྩལ་གྱི་ལས་ཀ་ནི་མི་གཤིས་སླར་གསོ་ཡིན་པ།
སྤྱིར་མི་ཚེའི་ཐོབ་ཤོར་གྱི་ལས་ཀ་ནི་སྒྱུ་རྩལ་གྱི་ཁ་གཏོད་ས་ཡིནཞེས་གསུངས་ཏེ།    བདག་གི་སྣང་ངོར་མཚོན་ན་རྫུན་པས་བདེན་པ་འཚོལ་བ་ནི་བདེན་པ་ཡིན་ལ།    བདེན་པས་བདེན་པ་འཚོལ་བ་ནི་རྫུན་པ་ཡིན་པར་འདོད།  རང་རེའི་བོད་ལ་མཚོན་ན་མི་གཤིས་སླར་གསོ་བྱེད་པའི་གཞུང་ལུགས་ཏེ་བསམ་བློའི་སྒྱུ་རྩལ་གྱི་སྟོང་ཆ་ཞིག་ཡིན་པ་མིག་མཐོང་ལག་ཟིན་ཡིན་ལ།   དེ་ལས་བྱུང་བའི་མཇུག་འབྲས་ནི་བྱམས་སེམས་ཆེས་ཐལ་བས་བདེན་དོན་མཐར་འཁྱོལ་བྱེད་མི་ཐུབ་པ་ནི་བོད་མི་སྤྱིའི་གཤིས་ཀ་ལས་བཞེངས་པའི་གནད་དོན་ཞིག་ཡིན་པ་མངོན་གསལ་རེད།   སྒྱུ་རྩལ་གྱི་ལས་ཀ་དངོས་ལས་བྱུང་བའི་མི་གཤིས་སླར་གསོ་དང་ཆོས་གཞུང་ལས་བྱུང་བའི་ཡ་རབ་གཉིས་ཅུང་ཟད་འགལ་བར་གནས་ཡོད།  ཡིན་ནའང་རང་ཉིད་ཀྱི་སྤོབས་པ་རྒྱ་མར་འཇོག་པའི་འདུ་ཤེས་ཡོད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཡིན།   སྤྱི་ཚོགས་དངོས་ལས་བྱུང་བའི་གནད་དོན་ཞིག་རྒྱས་པར་བཤད་ནས་མིའི་སེམས་ལ་དོགས་པའི་ས་བོན་འདེབས་རྒྱུ་ནི་དོན་སྙིང་ལྡན་པའི་ལས་ཀ་ཞིག་ཡིན་པས།   ང་ཚོས་སེམས་ཁོང་གི་བརྗོད་འདོད་པའི་སྐད་ཆ་དེ་འབུད་འདོད་པའི་སྟེགས་བུའི་སྟེང་ནས་ཉན་འདོད་པ་རྣམས་ལ་རང་མོས་སུ་བརྗོད་པའི་སྒྱུ་རྩལ་གྱི་སྟེགས་བུ་རང་མོས་གླེང་སྟེགས་ཞིག་ཅིས་ནས་ཀྱང་བསྐྲུན་དགོས།    གསལ་པོར་བཤད་ན་དེ་ནི་ང་ཚོའི་མི་རིགས་ལ་མཚོན་ན་བསམ་བློ་བཏང་སྙོམས་སུ་གནས་པའི་སྒྱུ་རྩལ་གྱི་ཕམ་ཉེས་ཡིན་ལ་མི་གཤིས་སླར་གསོ་མི་ཐུབ་པའི་འབྱུང་རྩའང་ཡིན།
༢༠༠༦ལོའི་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་དེབ་༣ པ་ལས་བཤུས།
·རྩོམ་ཡིག་གོང་མ:《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》ལ་དཔྱད་པ།
·རྩོམ་ཡིག་འོག་མ:སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མཛད་པ་མདོར་བསྔུས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ཚངས་མགུར་གྱི་དཔྱད་གཏམ་དང་རྩོམ་རིག་དཔྱད་བརྗོད་ཚད་གཞི། 2011/8/1 8:35:23
·ངལ་རྩོལ་མང་ཚོགས་དང་རྩོམ་རིག་གི་འབྲེལ་འདྲིས། 2010/9/14 14:06:17
·ལྗིད་ཏིག་ཏིག་གི་བཀའ་དྲིན། 2010/2/5 18:52:24
·གློག་བརྙན་2012ཀྱི་དཔྱད་ཐུང་ཅིག 2010/1/13 18:50:03
·ཆེས་ཚད་མཐོ་བའི་སྙན་ངག་གི་སྐད་ཆའི་དབྱངས་རིས། 2010/1/7 14:54:33
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 5:42:51 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 8:03:07 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 12:03:21 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 64 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS